གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁྱིམ་གྱི་བཟོ་བཀོད་གསརཔ་གིས་ དྲོད་ཤུགས་དང་ལྡནམ་སྦེ་ གནས་ཚུགས་ཡོདཔ།

༥/༡༡/༢༠༡༢   ༉ ལ་དྭགས་ཀྱི་ས་གནས་ ཤེ་ལུ་ཡོད་པའི་ འབྲུག་པདྨ་དཀར་པོ་སློབ་གྲྭ་ཀྱི་ཕྱི་ཁར་ གནམ་དགུན་གྱི་དུས་ལུ་ དྲོད་ཤུགས་ཌི་གི་རི་ སེལ་ཤེསི་ མའི་ནསི་༡༥ དེ་རེ་ལུ་ མར་ཕབ་འགྱོ་དོ་ཡོདཔ་ཨིན་རུང་ སློབ་ཕྲུག་ཚུ་སྡོད་སའི་ ཁང་མིག་ཚུ་ནང་ དྲོད་ཤུགས་ཌི་གི་རི་སེལ་ཤེསི་༡༠ དེ་རེ་སྦེ་ སྡོད་དོ་ཡོད་མི་དེ་ཡང་ སློབ་གྲྭའི་བཟོ་བཀོད་ལུ་ བརྟེན་ཏེ་ཨིན་པས།


དེ་ཡང་ སློབ་ཕྲུག་ཚུ་གི་སྡོད་ཁང་དེ་ ལྷོ་ཁ་ཐུག་ལུ་བསྒོར་ཏེ་ བཟོ་བཀོད་འབད་ཡོདཔ་ལས་ ཉིན་མའི་དུས་ཚོད་ཚུ་ནང་ ཉིནམ་དུས་ཡུན་ རིངམོ་སྦེ་ ཕོག་དོ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སྒོ་སྒྲིག་གི་ཤེལ་ཚུ་ཡང་ གཉིས་བརྩེགས་རྐྱབ་སྟེ་ཡོདཔ་ཨིན་རུང་ ཤེལ་ལེབ་ཚུ་གི་བར་ན་ ས་སྟོང་ཨིན་ཅི་༡ དེ་རེ་ བཞག་ཡོདཔ་མ་ཚད་ དེ་གི་འོག་ལུ་ ཉིན་མ་ ཉི་དྲོད་འཐེན་ཐོག་ལས་ ཕྱི་རུ་ ཁང་མིག་ཚུ་ དྲོད་ལྡན་བཞག་ནིའི་དོན་ལུ་ ཊོམ་བེ་ཝཱལ་ཟེར་ གྱང་རྩིག་གནགཔོ་འབད་མི་ཚུ་ རྐྱབ་ཡོདཔ་ཨིན་པས།
དེ་ལས་ སློབ་ཁང་ཚུ་ཡང་ ཤར་ལྷོ་ཁ་ཐུག་ལུ་ བསྒོར་ཏེ་ཡོདཔ་མ་ཚད་ སྒོ་སྒྲིག་གི་ཤེལ་ཚུ་ཡང་ གཉིས་བརྩེགས་རྐྱབ་སྟེ་ཡོདཔ་ལས་ ཉིན་མ་ སློབ་སྟོན་ཚུ་འབད་བའི་སྐབས་ སློབ་ཁང་ཚུ་ དྲོད་ལྡན་སྦེ་ གནསཔ་ཨིན་ཟེར་ཨིནམ་ད་ གྱང་རྩིག་ཚུ་ཡང་ ནང་ན་སྟོངམ་སྦེ་ བཟོ་བཀོད་འབད་དེ་ ཡོདཔ་ཨིན་པས།
སློབ་གྲྭའི་དབུ་འཛིན་ པར་སཱཌི་ ཨེ་ལེ་ཌེཐ་གིས་འབད་བ་ཅིན་ སློབ་གྲྭ་དེ་ ས་ཡོམ་ལས་ཉེན་སྲུང་འབད་ཚུགསཔ་སྦེ་ བཟོ་བཀོད་འབད་དེ་ཡོད་ཟེར་ཨིནམ་ད་ དེ་གིས་ ས་ཡོམ་ཤུགས་ཚད་ རིཊ་ཅཱར་ཨིསི་ཀཱེལ་༩ དེ་ཅིག་ལས་ ཟློག་ཐབས་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སློབ་གྲྭའི་གསང་སྤྱོད་ཚུ་ནང་ དོང་༢ རེ་ཡོདཔ་ད་ ལག་ལེན་འཐབ་མི་དོང་ཚུ་ ཆབ་གསང་གིས་གང་བའི་བསྒང་ལས་ བསུབས་བཞག་སྟེ གཞན་མི་དོང་དེ་ ལག་ལེན་འཐབ་དོ་ཟེར་ཨིནམ་ད་ ཆབ་གསང་ཚུ་བཏོན་བཀོག་ཐོག་ལས་ སློབ་གྲྭ་སྔོ་ལྗང་དང་ལྡནམ་སྦེ་ བཞག་ནིའི་ལཱ་ཚུ་གི་དོན་ལུ་ ལུད་སྦེ་ ལག་ལེན་འཐབ་དོ་ཟེར་ཨིན་པས།
སློབ་གྲྭ་བཟོ་སྐྲུན་འཛིན་སྐྱོང་པ་ བསོད་ནམས་དབང་འདུས་ཀྱིས་འབད་བ་ཅིན་ སློབ་གྲྭ་ ཕྱི་ཁའི་བཟོ་བཀོད་དེ་ དཀྱིལ་འཁོར་གྱི་བཟོ་དབྱིབས་དང་ལྡནམ་སྦེ་ ཡོད་ཟེར་ཨིནམ་ད་ སློབ་གྲྭའི་ཕྱོགས་ཚུ་ནང་ མཆོད་རྟེན་བརྒྱད་དེ་ཅིག་ བཞེངས་ནིའི་ འཆར་གཞི་ཡོད་ཟེར་ཨིན་པས།
སློབ་གྲྭ་བཟོ་སྐྲུན་གྱི་དོན་ལུ་ ལོན་ཌོན་ལུ་ཡོད་པའི་ འབྲུག་པ་བློ་གཏད་ཟེར་མི་ ལས་ཚོགས་དེ་གིས་ ཟད་འགྲོ་རུ་པི་དུང་ཕྱུར་༡༢ བཏང་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་དེ་ འབྲུག་པདྨ་དཀར་པོ་ཤེས་ཡོན་གཞི་ཚོགས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
བསོད་ནམས་དབང་འདུས་ཀྱིས་ སླབ་དོ་བཟུམ་འབད་བ་ཅིན་ སློབ་གྲྭ་དེ་ སྤྱི་ལོ་༡༩༩༩ ལུ་ བཟོ་སྐྲུན་འགོ་བཙུགས་ཡོདཔ་ད་ ད་རེས་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ སློབ་གྲྭ་དེ་ སྤྱི་ལོ་༢༠༡༤ ལུ་ མཇུག་བསྡུ་དགོ་ཟེར་ཨིན་པས།
དེ་དང་འཁྲིལ་ སློབ་སྟོན་གྱི་ལས་རིམ་དེ་ཡང་ སྤྱི་ལོ་༢༠༠༡ ལུ་ སློབ་ཕྲུག་༨༨ དང་ སློབ་དཔོན་༦ གིས་འབད་ འགོ་བཙུགས་ཡོདཔ་ད་ ད་རེས་ ཨ་ལུའི་མཐའ་སྐྱོང་ལས་འགོ་བཙུགས་ སློབ་རིམ་༡༠ པ་ཚུན་འབདཝ་ད་ སློབ་ཕྲུག་༦༥༥ ཡོད་ས་ལས་ སློབ་ཕྲུག་༣༠༥ ནང་སྡོད་སློབ་ཕྲུག་ཚུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ ཆུ་རུད་ཐོན་མི་ལུ་བརྟེན་ སློབ་གྲྭའི་ཁང་མིག་ཚུ་ ས་དང་འདམ་གྱིས་ གང་ཡོདཔ་ཨིན་རུང་ བཟོ་བཀོད་ཚུ་ལུ་ གནོད་སྐྱོན་མ་བྱུང་ཟེར་ བསོད་ནམས་དབང་འདུས་ཀྱིས་ སླབ་ཨིན་པས།
སློབ་གྲྭའི་ནང་ ཆུ་དྲོད་བཏགས་ནི་དང་ མེ་བཏེགས་ནི་ཚུ་ག་ར་ ཉི་དྲོད་གློག་ཆས་ཚུ་ལུ་བརྟེན་ཏེ་ འབད་དོ་ཡོདཔ་ད་ སློབ་གྲྭའི་བཟོ་བཀོད་མ་འདྲཝ་ཡོད་མི་དང་ ཧིན་དྷི་གི་གློག་བརྙན་ ཐི་རི་ ཨི་ཌི་ཡཱེཊསི་ཟེར་མི་དེ་ཡང་ སློབ་གྲྭ་དེ་ནང་ བཟོ་སྐྲུན་འབད་ཡོད་མི་ལུ་བརྟེན་ ད་རེས་ནངས་པ་ ལྟ་བཤལཔ་ལེ་ཤ་ཅིག་ར་ འོང་དོ་ཡོདཔ་ཨིན་པས།
སློབ་གྲྭའི་ ལྟ་བཤལ་ལྟེ་བའི་འགོ་འདྲེན་པ འཇིགས་མེད་དབྱངས་གྲོལ་གྱིས་ སླབ་མིའི་ནང་ དུས་ཅི་ སྤྱི་ཟླ་༡༠ པ་ཚུན་ལུ་ བསྡོམས་ཀྱིས་ ལྟ་བཤལཔ་༦༧,༠༠༠ ལྷགཔ་ཅིག་ འོང་ཡོདཔ་ད་ དེ་གིས་ཞལ་འདེབས་མ་དངུལ་༡༣,༥༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིན་པས།
སློབ་གྲྭ་དེ་ཡང་ ན་རོ་ཕོ་བྲང་གི་གདོང་ཕྱོགས་ལུ་ཡོདཔ་ད་ སློབ་གྲྭ་དེ་ སྤྱི་ཟླ་༡༢ པའི་ཚེས་༡༥ ལས་ སྤྱི་ཟླ་༣ པ་ཚུན་ལུ་ གནམ་དགུན་གྱི་ངལ་གསོ་སྦེ་ སྒོ་བསྡམ་བཞག་དོ་ཡོདཔ་ཨིན་པས།
སློབ་གྲྭའི་བཟོ་བཀོད་ལུ་བརྟེན་ སྤྱི་ལོ་༢༠༠༢ ལུ་ སྒྲིང་ཁྱིམ་བཟོ་བཀོད་ཀྱི་ གཟེངས་བསྟོད་རྟགས་མ་ཡང་ ཐོབ་ཡོདཔ་ཨིན་པའི་གནས་ཚུལ།


ལ་དྭགས་ལས་ ཉི་མ་དབང་འདུས།

No comments:

Post a Comment