གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེ་ཅིག་གིས་ འབྲུག་ལུ་ འཕུར་འགྲུལ་ཞབས་ཏོག་ འགོ་བཙུགས་ནིའི་དང་འདོད།

༢/༡༡/༢༠༡༢   ༉ འབྲུག་དང་ རྒྱ་གར་གྱི་བར་ན་ མཁའ་འགྲུལ་ཞབས་ཏོག་ གཞི་བཙུགས་འབད་ནིའི་དོན་ལུ་ དང་འདོད་བསྐྱེད་མི་ རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེ་ ཨེ་ཡར་ཨིན་ཌི་ཡ་གིས་ འཕྲལ་ཁམས་ཅིག་ཁར་ འབྲུག་ལུ་ མཁའ་འགྲུལ་གྱི་ ཚོང་འབྲེལ་གནས་སྟངས་བརྟག་ཞིབ་འབད་ནིའི་དོན་ལུ་ འོང་ཡོདཔ་ཨིན་པས།


ཞི་བའི་མཁའ་འགྲུལ་ལས་ཁུངས་ཀྱི་ འཛིན་སྐྱོང་གཙོ་འཛིན་འགོ་དཔོན་ ཀརྨ་དབང་ཕྱུག་གིས་ སླབ་མིའི་ནང་ ཨེ་ཡར་ཨིན་ཌི་ཡ་གིས་ རྒྱ་གར་ལས་ སྤ་རོ་ལུ་ འཕུར་འགྲུལ་འབད་ནི་གི་ འོས་འབབ་གནས་སྟངས་ཀྱི་ ལྟ་ཞིབ་ཚུ་ ད་ལྟོ་ འབད་བའི་བསྒང་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དུས་ཚོད་ཁར་ འཕུར་འགྲུལ་གྱི་ ལམ་ལུགས་གཞི་བཙུགས་ཐོག་ ཞབས་ཏོག་འགོ་བཙུགས་ནིའི་དོན་ལས་ སྤ་རོ་རྒྱལ་སྤྱི་གནམ་ཐང་ ལག་ལེན་གྱི་དོན་ལུ་ གོ་སྐབས་བྱིན་འོང་ཟེར་ཨིན་པས།
འབྲུག་མཁའ་འགྲུལ་གྱི་ ཚོང་འབྲེལ་འཛིན་སྐྱོང་འགོ་དཔོན་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ ཨེ་ཡར་ཨིན་ཌི་ཡ་གི་ འགོ་དཔོན་ཚུ་གིས་ འཕྲལ་ཁམས་ཅིག་ཁར་ འབྲུག་ལུ་འོང་སྟེ་ ལྟ་བཤལ་ལས་སྡེ་དང་ འབྲུག་ལྟ་བཤལ་ཚོགས་སྡེ་ལ་སོགས་པའི་ འབྲེལ་ཡོད་དབང་འཛིན་ཚུ་དང་ འབྲེལ་བ་འཐབ་ཅི་ཟེར་ཨིན་པས།
ཨིན་རུང་ ཨེ་ཡར་ཨིན་ཌི་ཡ་གིས་ འབྲུག་དང་ རྒྱ་གར་གྱི་བར་ན་ དུས་ཐོག་འཕུར་འགྲུལ་ཞབས་ཏོག་ གཞི་བཙུགས་འབད་ནིའི་དོན་ལུ་ གཙོ་བོ་ར་ ཚོང་འབྲེལ་གནས་སྟངས་དང་ ལས་སྡེ་ལུ་ གནམ་གྲུ་ལངམ་སྦེ་ ཡོད་མེད་ལུ་ རག་ལས་ཟེར་ཨིནམ་ད རྒྱ་གར་གྱི་ མཁའ་འགྲུལ་ལས་སྡེ་གིས་ དེ་འཕྲོ་ལས་ ཞབས་ཏོག་འགོ་བཙུགས་ནིའི་དོན་ལུ་ གནམ་གྲུ་མཁོ་སྒྲུབ་འབད་དགོཔ་འོང་ཟེར་ཨིན་པས།
འབྲུག་དང་ རྒྱ་གར་གྱི་བར་ན་ མཁའ་འགྲུལ་ཞབས་ཏོག་ལག་ལེན་འཐབ་མི་ལམ་འགྲུལ་པའི་གྱངས་ཁ་དེ་ འདས་པའི་ལོ་ཚུ་ནང་ཡར་སེང་སོང་ཡོད་པའི་ གསལ་སྟོན་བྱུང་ཡོདཔ་ད་ ན་ཧིང་ཨེ་ཤ་ཡ་ལུང་ཕྱོགས་ནང་འཁོད་ལས་ལྟ་བཤལ་པ་༥༣,༠༠༠ དེ་ཅིག་གིས་ མཁའ་འགྲུལ་ཞབས་ཏོག་ལག་ལེན་ཐོག་འོང་ཡོད་པའི་ནང་ལས་ མང་ཤོས་ར་ རྒྱ་གར་ལས་ཨིན་པས།
དེ་སྦེ་ ལུང་ཕྱོགས་ནང་འཁོད་ལས་ མཁའ་འགྲུལ་ཞབས་ཏོག་ ལག་ལེན་ཐོག་ ལྟ་བཤལ་ལུ་འོང་མི་ཚུ་ འོང་འབབ་ཅན་གྱི་ ལྟ་བཤལ་པའི་གྲངས་སུ་ཚུད་པའི་ཁར་ ལོ་བསྟར་བཞིན་དུ་ མཁའ་འགྲུལ་ཞབས་ཏོག་སྤྱོད་དེ་འོང་མི་ རྒྱ་གར་གྱི་ ལྟ་བཤལ་པའི་གྱངས་ཁ་དེ་ ཡར་སེང་འགྱོ་དོ་ཡོདཔ་སྦེ་ ལྟ་བཤལ་ཚོགས་དེ་གིས་ བཤདཔ་ཨིན་པའི་གནས་ཚུལ།


བསམ་གཏན་ཡེ་ཤེས།

No comments:

Post a Comment