གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་ལྟོ་ཡང་ གླ་འཁོར་དེད་གཡོགཔ་ འཚོལ་མ་ཐོབ་པར་ཡོདཔ།

བཙན་ཁྲིད་འབད་མི་ཚུ་གིས་ སྲོག་རིན་དངུལ་ཀྲམ་ས་ཡ་༣ དགོ་པའི་ མཁོ་འདོད་བཀོདཔ་ཨིན་པས།

༉ གསར་སྤང་དང་ དགེ་ལེགས་ཕུག་གི་ གཞུང་ལམ་བར་ན་ བྱང་སྟོར་ཤོར་ཏེ་ ཉིན་གྲངས་༡༡ ལང་མི་ གླ་འཁོར་དེད་གཡོགཔ་དེ་ ད་ལྟོའི་བར་ན་ཡང་ ཁོ་རའི་ ཆ་རོགས་ཚུ་གིས་ འཚོལ་ཞིབ་འབད་བཞིན་དུ་ཡོད་ཟེར་ སླབ་ཨིན་པས།


མིང་གསལ་སྟོན་འབད་མ་བཏུབ་མི་ དགེ་ལེགས་ཕུག་ལས་ གླ་འཁོར་དེད་གཡོགཔ་ཅིག་གིས་ སླབ་མིའི་ནང་ དགེ་ལེགས་ཕུག་གི་ གླ་འཁོར་དེད་གཡོགཔ་ཚུ་གིས་ དྲུང་ཁག་དང་ རྫོང་ཁག་གི་ འགོ་དཔོན་ཚུ་ལུ་ བྱང་སྟོར་ཤོར་མི་ གླ་འཁོར་དེད་གཡོགཔ་དེ་ གང་མགྱོགས་འཚོལ་ཞིབ་ འབད་དགོ་པའི་སྐོར་ལས་ ཞུ་བ་འབད་དེ་ཡོད་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ གླ་འཁོར་དེད་གཡོགཔ་ ཆ་རོགས་ཚུ་གིས་ བྱུང་རྐྱེན་དེ་ལུ་ འབད་ཐབས་ག་ནི་ཡང་མེདཔ་ལས་བརྟེན་ ཁྲིམས་སྲུང་འགག་པ་དང་ རྫོང་ཁག་གི་ འགོ་དཔོན་ཚུ་ལུ་ རྒྱབ་སྐྱོར་གང་དྲག་འབད་དགོ་པའི་ གསོལ་འདེབས་ཞུ་ཡི་ཟེར་ཨིན་པས།
དགེ་ལེགས་ཕུག་ལས་ ལོ་རྒྱུས་བཤད་མི་ཚུ་གིས་ སླབ་མིའི་ནང་ གླ་འཁོར་དེད་གཡོགཔ་ལ་ལུ་ཅིག་གིས་ བྱང་སྟོར་ཤོར་མི་ ཆ་རོགས་དེ་ལུ་ འགྲུལ་འཕྲིན་བཏངམ་ད་ བཙན་བཟུང་འབད་མི་ཚུ་གིས་ ངོས་ལེན་འབད་མིའི་ནང་ སྲོག་རིན་དངུལ་ཀྲམ་ས་ཡ་༣ དགོ་པའི་ མཁོ་འདོད་བཀོདཔ་མས་ཟེར་ཨིན་པས།
དེ་མ་ཚད་ བཙན་ཁྲིད་འབད་མི་ཚུ་གིས་ བྱང་སྟོར་ཤོར་མི་ དེད་གཡོག་པའི་ གླ་འཁོར་ནང་ ཡི་གུ་ཆུང་ཀུ་ཅིག་ བཀོག་བཞག་མིའི་ནང་ ནེ་པཱལ་གྱི་ས་གནས་ ཇཱ་པ་ལུ་ གཡིབ་དམག་ལས་འགུལ་ཅིག་གི་ མིང་བཀོད་དེ་འདུག་ཟེར་ཨིན་པས།
ཨིན་རུང་ ད་ལྟོ་ སྡེ་ཚན་ངོ་མ་ ག་ཨིན་ན་ མ་ཤེས་པར་ཡོདཔ་ཨིན་པས།
དགེ་ལེགས་ཕུག་གི་ ཁྲིམས་སྲུང་འགག་སྡེ་གིས་འབད་བ་ཅིན་ བཙན་ཁྲིད་འབད་མི་ ཕོ་སྐྱེས་དེ་ ལོག་ཁྱིད་འོང་ཞིནམ་ལས་རྐྱངམ་གཅིག་ གནས་ཚུལ་གསར་སྟོན་འབད་ནི་ཨིན་ཟེར་ སླབ་མ་གཏོགས་ ལོ་རྒྱུས་གཞན་ ག་ནི་ཡང་ སླབ་མ་བཏུབ་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment