གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གླིང་བཞི་ལུ་ གློག་མེ་ཨམ་ཆུང་བ་བཙུགས་ནི་དེ་ དོ་འགྲན་ཅན་ཅིག་ཨིནམ།

༢/༡༡/༢༠༡༢   ༉ ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་ཆུང་བ་གཞི་བཙུགས་འབད་ནིའི་དོན་ལུ་ དུས་ཡུན་རིང་སུ་འགོར་ནི་ཨིནམ་ལས་ སྲོས་དང་ གླིང་བཞི་གཡུས་ཚན་གྱི་མི་སེར་ཚུ་ གློག་མེའི་ཐབས་ལམ་དེ་ ཉི་དྲོད་ལུ་ར་བརྟེན་དགོཔ་ཨིན་པས།
སྲོས་དང་གླིང་བཞི་ལུ་ ཆུ་ལུ་བརྟེན་པའི་ གློག་མེ་ལས་འགུལ་ཆུང་བ་ཚུ་ བཟོ་སྐྲུན་འབད་ནིའི་དོན་ལུ་ ཡུན་འགྱངས་ལུས་ནི་ཨིནམ་ལས་ ས་གནས་ཀྱི་མི་སེར་ཚུ་ ད་ལྟོའི་བར་ན་ཡང་ ཉི་དྲོད་གློག་མེ་ ལག་ལེན་འཐབ་དོ་ཡོདཔ་ཨིན་མས།


མ་དངུལ་ལངམ་མེད་མི་དང་ ཁག་འབགཔ་ཚུ་གིས་དང་འདོད་མ་བསྐྱེད་མི་ དེ་ལས་ ས་ཁ་མཐོ་ས་ལུ་འཕྲུལ་རིག་གི་བྱ་སྟབས་བདེ་མིན་གྱི་ དོ་འགྲན་སྦོམ་བྱུང་མི་ལུ་བརྟེན་ གློག་མེ་ཨམ་ཆུང་བ་༢ གཞི་བཙུགས་འབད་ནིའི་ལས་འགུལ་གྱི་བྱ་རིམ་དེ་ དུམ་གྲ་ཅིག་ཡུན་འགྱངས་སྦེ་ལུས་ཡོདཔ་ད་ སྲོས་དང་ གླིང་བཞི་གི་ས་གནས་དེ་ སྤ་རོ་འབྲུག་རྒྱལ་རྫོང་ལས་ ཉིན་ལམ་༢ དང་༣ རྐང་ཐང་སྦེ་འགྱོ་དགོཔ་ཨིན་པས།
སྲོས་ལུ་ གློག་མེ་བཙུགས་སའི་ས་ཁོངས་ རྡོ་རྫ་མ་གི་ཆུ་དེ་ མཐོ་ཚད་མི་ཊར་༤,༠༩༦ དང་ གླིང་བཞི་ གངས་ཡུལ་ཆུ་དེ་ མཐོ་ཚད་མི་ཊར་༣,༩༠༠ གི་ས་གནས་ལུ་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ ཇའི་ཀ་གིས་ མ་དངུལ་རྒྱབ་སྐྱོར་ཐོག་ལས་སྦེ་ བསྟན་རྒྱས་ལྷན་ཁག་གིས་ ཞིབ་འཇུག་འབད་མིའི་ནང་གསལ་བཀོད་འབད་དོ་བཟུམ་འབད་བ་ཅིན་ སྲོས་ལུ་ གློག་ཤུགས་ཀི་ལོ་ཝཊ་༥༠ འབད་མི་འཕྲུལ་ཨམ་གཞི་བཙུགས་འབད་ནི་ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༢༣,༤༧༦ གནས་ནི་ཨིནམ་ད་ གླིང་བཞི་ལུ་ གློག་ཤུགས་ཀི་ལོ་ཝཊ་༡༠༠ འབད་མི་འཕྲུལ་ཨམ་གྱིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣༢,༦༢༤ གནས་ནི་ཨིན་པའི་སྔོན་རྩིས་བཏོན་ཡོདཔ་ཨིན་པས།
གློག་མེ་སྡེ་ཚན་གྱི་བཟོ་རིག་གཙོ་འཛིན་འགོ་དཔོན་ སྨན་དབང་རྒྱལ་མཚན་གྱིས་བཤད་དོ་བཟུམ་འབད་བ་ཅིན་ མ་དངུལ་གྱི་སྔོན་རྩིས་དེ་ འཆར་གཞི་བཅུ་པའི་ལས་འགུལ་ལུ་གཞི་བཞག་ཐོག་ལས་ གཞུང་གིས་ཆ་འཇོག་འབད་ཡི་ཟེར་ཨིན་པས།
སྤྱི་ལོ་ ༢༠༠༩ ལུ་ སྲོས་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་༤༨༥༣ དང་ གླིང་བཞི་ལས་འགུལ་གྱི་དོན་ལུ་ དངུལ་ཀྲམ་ས་ཡ་ ༦༤,༧༨ ཀྱི་རིན་བསྡུར་ཐེངས་དང་པ་འབད་ཡོདཔ་ཨིན་རུང་ རིན་བསྡུར་བཙུགས་མི་ཚུ་གིས་ གནས་གོང་དེ་ རྒྱུ་མཚན་དང་བཅས་པའི་སྒོ་ལས་ མཐོ་སུ་སྦེ་བཙུགས་ཡོདཔ་ལས་ ང་བཅས་ཀྱིས་ ཆ་མེད་བཏང་དགོཔ་བྱུང་ཡི་ཟེར་ཨིན་པས།
གོང་ཚད་བཀོད་མི་ཚུ་ ལས་འགུལ་གཉིས་ཡོངས་བསྡོམས་ལུ་ དངུལ་ཀྲམ་ས་ཡ་༡༡༣གོང་ཚད་བཀོད་མི་ཚུ་ ལས་འགུལ་གཉིས་ཡོངས་བསྡོམས་ལུ་ དངུལ་ཀྲམ་ས་ཡ་༡༡༣,༣༡༠ བཙུགས་ཡོདཔ་ལས་ དེ་གིས་ ཁྱིམ་གུང་རེ་ལུ་ དཔྱ་བགོའི་ཚོད་རྩིས་དངུལ་ཀྲམ་༡༥༠,༠༠༠ བཏོན་མི་དང་ཕྱདཔ་ད་ ཡར་སེང་ཐོག་ དངུལ་ཀྲམ་ས་ཡ་༡ གུ་ལུ་ལྷོད་ཡོདཔ་ཨིན་པས།
གནད་དོན་འདི་ཚུ་ལུ་བརྟེན་ ང་བཅས་ཀྱིས་ ལས་འགུལ་ཁག་གཉིསཔ་དེ་ བསྒྱུར་བཅོས་འབད་ཐོག་ལས་ ལག་ལེན་གྱི་ཐབས་ལམ་བཏོན་ནི་ལུ་ གདམ་ཁ་རྐྱབ་ཅི་ཟེར་ཨིན་པས།
འདས་པའི་ལོ་ལུ་ བསྟན་རྒྱས་ལྷན་ཁག་གིས་ ཨསི་ཊེ་ལི་ཡ་གཞུང་ལས་ གློག་ཤུགས་ འཕྲུལ་ཨམ་ཆུང་བ་གཉིས་གཞི་བཙུགས་འབད་ནིའི་དོན་ལུ་ དངུལ་ཀྲམ་ས་ཡ་༡༢༤ ཐོབ་ཡོདཔ་ཨིན་པས།
དེ་གི་ཤུལ་ལས་ བསྒྱུར་བཅོས་འབད་མིའི་སྔོན་རྩིས་ཐོག་ལུ་ རིན་བསྡུར་ཡིག་ཆ་ཚུ་གྲ་སྒྲིག་བཟོ་སྟེ་ རིན་བསྡུར་གསལ་བསྒྲགས་འབདཝ་ད་ དེ་ཁར་ རིན་བསྡུར་པ་གཅིག་མ་གཏོགས་མ་ཐོནམ་ཨིན་པས།
དེ་གིས་ གོང་ཚད་ཀྱི་གནས་གོང་ཡོངས་བསྡོམས་ལུ་ དངུལ་ཀྲམ་ས་ཡ་༢༤༩,༡༠ སྦེ་བཀོད་ཡོདཔ་ལས་ དེ་ལུ་ང་བཅས་ཀྱིས་ ཁག་འབག་གི་ལཱ་དེ་སྤྲོད་ཐབས་མ་བྱུང་ཟེར་ བཟོ་རིག་གཙོ་འཛིན་འགོ་དཔོན་གྱིས་ བཤདཔ་ཨིན་པས།
བྱ་སྟབས་མ་བདེ་བའི་གནད་མང་རབས་ཅིག་བྱུང་མི་ལུ་བརྟེན་ སྲོས་དང་ གླིང་བཞི་བསྡོམས་ཏེ་ ཁྱིམ་གུང་༡༠༧ འབད་མི་ལུ་ཆུ་ལུ་བརྟེན་པའི་གློག་མེ་ལས་འགུལ་ཆུང་བ་ལས་ ནུས་ཤུགས་རྒྱུན་སྤེལ་ཁང་ལུ་ མར་ཕབ་འབད་ཡོདཔ་ལས་ དེ་ཡང་ ཤུལ་མའི་ལོ་ལྔའི་འཆར་གཞི་ནང་མ་གཏོགས་ ལཱ་འབད་མི་ཚུགས་ནི་ཨིན་པས།
ད་རེས་ནངས་པ་ སྲོས་ལུ་ ཁྱིམ་གུང་༢༨ དང་ གླིང་བཞི་ལུ་ཁྱིམ་གུང་༧༩ འབད་མི་ལུ་ གློག་མེའི་ཐབས་ལམ་གཙོ་བོ་དེ་ ཉི་དྲོད་ལུ་བརྟེན་དོ་ཡོདཔ་ཨིན་པས།
སྲོས་གངས་ཡུལ་ལས་ སྐྱེས་ལོ་༢༦ འབད་མི་ རྡོ་རྗེ་རིན་ཆེན་གྱིས་བཤད་མིའི་ནང་ ཉི་དྲོད་ཐོག་ལས་གློག་མེ་ལག་ལེན་འཐབ་མི་གིས་ ཡུན་རིངམོ་སྦེ་ སྡོད་མི་ཚུགས་པས་ཟེར་ཨིན་པས།
དེ་མ་ཚད་ གལ་སྲིད་ག་དེམ་ཅིག་སྦེ་ ཉིམ་མ་ཤརཝ་འདྲཝ་ཅིག་འབད་བ་ཅིན་ ཉི་དྲོད་གློག་མེ་དེ་གིས་ དུས་ཡུན་ཆུ་ཚོད་༢ ཡང་ལག་ལེན་འཐབ་མི་བཏུབ་པས་ཟེར་ སྐྱེས་ལོ་ ༢༧ ལང་མི་ ཕུརཔ་རྡོ་རྗེ་གིས་བཤདཔ་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉི་དྲོད་གློག་མེ་ལུ་ བློ་གཏད་ཚུགས་ནི་དེ་ ལཱ་ཁག་ཅིག་ཨིནམ་ལས་ ང་བཅས་ཀྱིས་ ལཱ་ཚུ་ག་ནི་ཡང་ ཉི་དྲོད་གློག་མེ་འདི་ལུ་བརྟེན་ འབད་མི་ཚུགས་པས་ཟེར་ ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment