གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཚལ་ལུའི་ཞིང་ མཁོ་མངགས་འབད་མི་མེདཔ་ལས་ ཇོ་བདག་ཚུ་ ཚ་གྱང་ལང་དོ་ཡོདཔ།

༧/༡༡/༢༠༡༢   ༉ ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ བསམ་གྲུབ་ལྗོངས་མཁར་དང་ པདྨ་དགའ་ཚལ་གྱི་ ཚལ་ལུ་ཚུ་ ཕྱིར་ཚོང་འཐབ་མི་ཚུ་ལུ་ བཙོང་ཚར་ཡོད་རུང་ དུས་ཅི་ ཉོ་མི་མེདཔ་ཨིན་པས།
རྒྱུ་མཚན་དེ་ལུ་བརྟེན་ ཤར་ཕྱོགས་རྫོང་ཁག་གི་ སོ་ནམ་པ་ཚུ་ལུ་ ཁག་འབགཔ་ཚུ་གིས་ ཁོང་གི་ཚལ་ཚུ་ ཉོ་མི་མེད་པའི་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།

ཚོང་འབྲེལ་འཐབ་རན་པའི་ པདྨ་དགའ་ཚལ་གྱི་ ཚལ་ཤིང་ཚུ།


ཚལ་ལུ་དང་ ཀེ་བ་ དེ་ལས་ ས་སྒ་ཚུ་ ཤར་ཕྱོགས་ཁ་ཐུག་གི་མི་སེར་ཚུ་ལུ་ འོང་འབབ་ཀྱི་ ཐོན་ཁུངས་ངོ་མ་ཅིག་ཨིན་པས།
ངང་ལམ་བདེ་ཆོས་གླིང་ལས་ སོ་ནམ་ཞིང་པ་ཅིག་གིས་ སླབ་མིའི་ནང་ ན་ཧིང་ སྤྱི་ཟླ་༡༠ པ་ མཇུག་བསྡུ་ཁམས་ཅིག་ཁར་ ཕྱིར་ཚོང་འཐབ་མི་ ཁག་འབགཔ་ཚུ་གིས་ ཚལ་ལུའི་ཞིང་ཚུ་ མཁོ་མངགས་འབད་ཚར་རུང་ དུས་ཅི་ འགྲུལ་འཕྲིན་བཏང་རུང་ ད་ལྟོ་ མཁོ་མངགས་འབད་བར་ མ་འོང་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ ཚལ་ལུའི་ཞིང་ཚུ་ མཁོ་མངགས་འབད་བར་མ་འོང་པ་ཅིན་ ག་ཅི་འབད་ནི་ཨིན་ན་མ་ཤེས་རུང་ ཁོང་ལུ་བསྒུག་ནི་ཟེར་ སྐྱེས་ལོ་༢༤ ལང་མི་ སོ་ནམ་པ་ སངས་རྒྱས་རྡོ་རྗེ་གིས་ སླབ་ཨིན་པས།
སངས་རྒྱས་རྡོ་རྗེའི་བཟའ་ཚང་ལུ་ ཚལ་ལུ་དེ་ ཐོན་ཁུངས་ངོ་མ་ཅིག་ཨིནམ་ད་ ཁོ་གིས་ ལོ་བསྟར་བཞིན་དུ་ ཚལ་ལུ་བཙོང་སྟེ་ འོང་འབབ་དངུལ་ཀྲམ་༤༠༠,༠༠༠ རེ་ བཟོ་ཚུགསཔ་ཨིན་པས།
ད་རུང་ བསམ་གྲུབ་ལྗོངས་མཁར་ གོམ་དར་རྒེད་འོག་ལས་ སོ་ནམ་པ་ བསྟན་པ་གིས་ སླབ་མིའི་ནང་ ཁོ་གིས་ གཡུས་ཁའི་མུ་ཚུ་ལུ་ དུས་ཅི་ ཚལ་ལུ་བདག་སྲུང་འབད་བར་ མ་འོང་པའི་སྐོར་ལས་ ལོ་རྒྱུས་ཚུ་སླབ་ཅི་ཟེར་ཨིན་པས།
ཁག་འབགཔ་ཚུ་གིས་ ཚལ་ལུ་ཚུ་ འཚོ་ཐལ་བ་ཅིན་ མང་ཤོས་ར་ ས་ཁར་བུད་ནི་དེ་གིས་ གོང་ཚད་ལེགས་ཤོམ་ མི་ཐོབ་ནི་ཨིནམ་ལས་ ཁོང་གི་ལོ་ཅིག་གི་ བཟའ་འཐུང་གི་ཐོན་ཁུངས་ལུ་ ཉེན་ཁ་ཅན་ཅིག་ལུ་འགྱུར་ནི་མས་ཟེར་ ཁོ་གིས་སླབ་ཨིན་པས།
ཤར་ཕྱོགས་ཁ་ཐུག་གི་ ཕྱིར་ཚོང་པ་ཚུ་གིས་ སླབ་མིའི་ནང་ ཁོང་གིས་ ཚལ་ལུ་མཁོ་མངགས་འབད་ནི་ ཕྱིས་ནི་དེ་གིས་ ཁོང་ལུ་ཡང་ ཉེན་ཁ་འདུག་ཟེར་ཨིན་པས།
ཁག་འབགཔ་ཅིག་གིས་ སླབ་མིའི་ནང་ ན་ཧིང་བཟུམ་སྦེ་ དངུལ་འབྲེལ་གཙུག་སྡེ་ཚུ་ལས་ བསྐྱིན་འགྲུལ་མ་ཐོབ་ནི་དེ་གིས་ ཚལ་ལུ་མཁོ་མངགས་མ་འབད་བར་ བཞག་དགོཔ་ཐོན་ཡི་ཟེར་ཨིན་པས།
བསྐྱིན་འགྲུལ་མ་ཐོབ་པ་ཅིན་ ཏི་རུ་ལག་པར་མེདཔ་ལས་ ཚལ་ལུའི་ཞིང་ གླ་ཁར་ལེན་ཐབས་མེད་ཟེར་ཨིན་པས།
ཚལ་ལུའི་ཞིང་གི་ཇོ་བདག་ལུ་ ཏི་རུ་ལག་པར་སྤྲོད་དགོཔ་མ་ཚད་ ད་ལྟོ་ བཱང་ལ་དེཤི་ས་མཚམས་ལས་ ཚལ་ལུ་མཁོ་འདོད་བཀོད་ནི་ཡང་ མིན་འདུག་ཟེར་ཕྱིར་ཚོང་པ་ རྡོ་རྗེ་དཔལ་འབྱོར་གྱིས་ སླབ་ཨིན་པས།
རྡོ་རྗེ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ན་ཧིང་ དུས་ཚོད་འ་ནེམ་ཅིག་ཁར་ ཁོ་གིས་ དངུལ་ཀྲམ་ས་ཡ་༣ དང་༣.༥ གནས་པའི་ ཚལ་ལུའི་ཞིང་ མཁོ་མངགས་འབད་ཡོདཔ་ད་ བང་ལ་དེཤ་ལས་ མཁོ་མངགས་ཡང་ འབད་ཡི་ཟེར་ཨིན་པས།
ཁོ་གིས་ གོ་དོ་བཟུམ་འབད་བ་ཅིན་ དུས་ཅི་ བང་ལ་དེ་ཤི་གིས་ མཁོ་འདོད་མ་བཀོད་མི་དེ་ ཀཱཤ་མིར་དང་ ཤིམ་ལ་ལས་ ཚལ་ལུའི་ཐོན་ཤུགས་ཡོད་ནི་དེ་གིས་ ཨིན་མས་ཟེར་ ཁོ་གིས་སླབ་ཨིན་པས།
ཁོང་གིས་ མཁོ་མངགས་འབད་བའི་ཤུལ་ལུ་ བསྐྱིན་འགྲུལ་འཐོབ་པ་ཅིན་རྐྱངམ་གཅིག་ ཚལ་ལུའི་ཞིང་མཁོ་མངགས་འབད་བར་ འགྱོ་དོ་ཡོདཔ་ད་ མཁོ་འདོད་བཀོད་མི་མེད་པའི་ཁར་ བསྐྱིན་འགྲུལ་ཡང་མ་ཐོབ་པ་ཅིན་ ཧེ་མ་ལས་ ཚལ་ལུ་བདག་བཟུང་འབད་བར་ འགྱོ་མི་ཚུགས་ཟེར་ ཁོ་གིས་སླབ་ཨིན་པས།
ད་རུང་ རྡོ་རྗེ་དཔལ་འབྱོར་གྱིས་ སླབ་མིའི་ནང་ ད་རེས་ཀྱི་ཟླཝ་རྫོགསཔ་ད་ བང་ལ་དེཤ་གི་ས་མཚམས་ལས་ དགོ་མི་དགོའི་སྐོར་ལས་ ལན་གསལ་སླབ་ནི་ཨིནམ་ལས་ ཁོང་གི་ལན་གསལ་ལུ་ སྒུག་དོ་ཟེར་ཨིན་པས།
ཨིན་རུང་ ཕྱིར་ཚོང་པ་ དབང་འདུས་ཀྱིས་འབད་བ་ཅིན་ འདས་པའི་ཟླཝ་ནང་ ཕྱིར་ཚོང་པ་ཚུ་དང་ གཞུང་གི་ ཞལ་འཛོམས་ཅིག་འཚོགསཔ་ད་ ཁོང་ལུ་ བསྐྱིན་འགྲུལ་བྱིན་ནི་སྦེ་ སླབ་ཡོད་རུང་ ནམ་བྱིན་ནི་ཨིན་ན་ མ་ཤེས་ཟེར་ཨིན་པས།
བསྐྱིན་འགྲུལ་མ་ཐོབ་པ་ཅིན་ ཁོང་གིས་ག་ཅི་ཡང་ འབད་ཐབས་མེད་ཟེར་ ཕྱིར་ཚོང་པ་ དབང་འདུས་ཀྱིས་ སླབ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment