གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྱུང་བཞི་སྡེ་ཚན་གྱིས་ ཨང་དང་པའི་གསོལ་རས་ཐོབ་ཡོདཔ།

༡༢/༡༡/༢༠༡༢   ༉ ཁ་ཙ་ མི་དབང་འབྲུག་རྒྱལ་༤ པ་ འཇིགས་མེད་སེངྒེ་དབང་ཕྱུག་མཆོག་གི་ འཁྲུངས་སྐར་དུས་ཆེན་བརྩི་སྲུང་ཞུཝ་དང་འབྲེལ་ ཐིམ་ཕུ་ ལྕང་གླིང་མི་ཐང་གི་ སྣུམ་འཁོར་བཞག་སའི་ས་ཁོངས་ནང་ འགོ་འདྲེན་འཐབ་མི་ ཐིམ་ཕུ་ཕུཊ་སཱལ་རྩེད་འགྲན་ནང་ལས་ འབྱུང་བཞི་སྡེ་ཚན་གྱིས་ ཨང་དང་པའི་ གསོལ་རས་ཐོབ་ཅི།
འབྱུང་བཞི་སྡེ་ཚན་གྱིས་ རྒྱལ་རྟགས་ལེན་པའི་བསྒང་།


མཐའ་བཅད་འགྲན་བསྡུར་དེ་ འབྱུང་བཞི་དང་ ཨེསི་ཨེམ་ ཡུ་ནའི་ཊེཌ་སྡེ་ཚན་༢ ཀྱི་བར་ན་ འགོ་འདྲེན་འཐབ་ཡོདཔ་ད་ འབྱུང་བཞི་སྡེ་ཚན་གྱིས་ གཱོལ་༣ བཙུགས་ཏེ་ རྒྱལ་ཁ་ཐོབ་པའི་སྐབས་ བྱང་ཕྱད་སྡེ་ཚན་གྱིས་ གཱོལ་༡ ལས་བརྒལ་ བཙུགས་མ་ཚུགས།
འབྱུང་བཞི་སྡེ་ཚན་གྱིས་ ཨང་དང་པའི་ དངུལ་རྐྱང་གསོལ་རས་ དངུལ་ཀྲམ་༣༠,༠༠༠ དང་ རྟགས་མ་ཐོབ་ཡོདཔ་མ་ཚད་ ཨེསི་ཨེམ་ ཡུ་ནའི་ཊེཌ་སྡེ་ཚན་གྱིས་ ཨང་༢ པའི་གསོལ་རས་ དངུལ་ཀྲམ་༡༥,༠༠༠ དང་ རྟགས་མ་ཐོབ་ཅི།
ཕུཊ་སཱལ་རྩེད་འགྲན་དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གིས་ སྤྱི་ཟླ་༡༡ པའི་ཚེས་༡ ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ནང་ འཛུལ་འཐུས་དངུལ་ཀྲམ་༡,༠༠༠ རེ་སྤྲོད་དེ་ སྡེ་ཚན་༡༨ ཀྱིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།
རྩེད་འགྲན་འགོ་འདྲེན་འཐབ་མི་ འབྲུག་ཕུཊ༌བཱོལ་ཚོགས་སྡེ་ལས་ བསོད་ནམས་འཇིགས་མེད་ཀྱིས་ སླབ་མི་དང་འཁྲིལཝ་ད་ ཕུཊ་སཱལ་གྱི་སྐབས་ལུ་ སྡེ་ཚན་ནང་ རྩེད་འགྲན་པ་༥ རེ་ལས་ མེདཔ་བཞིན་དུ་ རྩེད་འགྲན་པ་ཚུ་གིས་ ཤུལ་ལས་ ཕུཊ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་པ་ཅིན་ ལེགས་ཤོམ་སྦེ་ རྩེད་ཚུགས་པའི་ ཕན་ཁྱད་ཡོད་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ད་ལས་ཕར་ རྩེད་འགྲན་དེ་ ལོ་བསྟར་བཞིན་དུ་ འགོ་འདྲེན་འཐབ་ནི་དང་ འགྲོས་ཀྱིས་སྦེ་ རྫོང་ཁག་གཞན་ཚུ་ནང་ཡང་ འགོ་འདྲེན་འཐབ་ནི་ཟེར་ སླབ་པའི་གནས་ཚུལ།



བཀྲིས་ཕུན་ཚོགས།

No comments:

Post a Comment