གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ མཐོང་གྲོལ་རབ་གནས།


༩/༡༡/༢༠༡༢  ༉ རང་ཟླ་༩ པའི་ཚེས་༢༢ ལུ་ རྒྱལ་བ་ལྷ་ལས་འབབ་པའི་ དུས་ཆེན་དང་འབྲེལ་ སྤུ་ན་ཁ་ སྟོད་པའི་རྒེད་འོག་ འཕྲིན་ལས་སྒང་ལྷ་ཁང་ལུ་ སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ མཐོང་གྲོལ་གསར་བསྒྲུབས་འབད་མི་དེ་ རབ་གནས་གནང་ཐོག་ལས་ མི་མང་ལུ་ མཇལ་ཁ་གནང་ཡི།

མི་མང་ལུ་ མཐོང་གྲོལ་གྱི་ མཇལ་ཁ་གནང་པའི་བསྒང་།


རིང་ཚད་ཕིཊ་༣༠ དང་ རྒྱ་ཚད་ཕིཊ་༢༠ འབད་མི་ སངས་རྒྱས་སྣང་བ་མཐའ་ཡས་ གཙོ་འཁོར་༣ གྱི་མཐོང་གྲོལ་དེ་ རྒྱལ་བ་ཤཱཀྱ་རིན་ཆེན་གྱི་ཡས་སྲིད་ ངག་དབང་བསྟན་པའི་གནས་མཆོག་གིས་ རབ་གནས་མཛད་གནང་ཡི།
མཐོང་གྲོལ་དེ་ ས་གནས་ཀྱི་ བསྟན་པའི་སྦྱིན་བདག་༢ ཀྱིས་ དངུལ་ཀྲམ་ས་ཡ་༨ ཞལ་འདེབས་ཕུལ་ཐོག་ལས་ བཞེངས་ཡོདཔ་ཨིན་པས།
རབ་གནས་རྟེན་འབྲེལ་ནང་ སྤུ་ན་ཁ་རྫོང་ཁག་གི་ མི་སེར་དང་ ཚོང་པ་ དེ་ལས་ སློབ་གྲྭའི་སློབ་དཔོན་དང་ སློབ་ཕྲུག་ རྫོང་ཁག་བདག་སྐྱོང་གི་ ལས་བྱེདཔ་ཚུ་རྩིས་ཏེ་ མི་སེར་བརྒྱ་ཕྲག་ལས་བཅད་དེ་ འཛོམས་ཡོདཔ་ཨིན་པས།
མཐོང་གྲོལ་གྱི་ རབ་གནས་གནང་ས་ འཕྲིན་ལས་སྒང་ལྷ་ཁང་དེ་ དབང་འདུས་དང་ ཐིམ་ཕུ་བར་ནིའི་ གཞུང་ལམ་འོག་ལུ་ཡོདཔ་ཨིན་པས།
ལྷ་ཁང་གི་མིང་ལུ་ འབྲུག་འཕྲིན་ལས་སྒང་ཟེར་ ཞུ་དོ་ཡོདཔ་ད་ དེ་ཡང་ ལྷ་ཁང་གི་བླམ་ སྨིན་གྲུ་རྡོ་རྗེ་གིས་ བཤད་མིའི་ནང་ ལྷ་ཁང་དེ་ དུས་རབས་༡༦ པའི་ནང་ བླམ་ངག་དབང་ཆོས་རྒྱལ་གྱིས་ གདན་ས་བཅགས་གནང་པའི་ཤུལ་ལས་ ཞབས་དྲུང་ངག་དབང་རྣམ་རྒྱལ་གྱིས་ གདན་ས་ཕྱག་བཏབ་གནང་སྟེ་ ལྷ་ཁང་གི་མཚན་ལུ་ འབྲུག་འཕྲིན་ལས་སྒང་ཟེར་བཏགས་གནང་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ལྷ་ཁང་དེ་ནང་ གཞུང་དགེ་འདུན་གྲྭ་ཚང་ སྤུ་ན་ཁ་ལས་ ཐིམ་ཕུ་ལུ་ གནམ་བྱཱར་གྱི་ གསོལ་ཐབས་བྱོན་པའི་སྐབས་ དགུང་ཞག་ཅིག་བཞུགས་པའི་ཁར་ དགུན་སྤུ་ན་ཁ་ལུ་ གསོལ་ཐབས་བྱོན་པའི་སྐབས་ལུ་ཡང་ བཞུགས་ནི་ཡོད་རུང་ ཤུལ་ལས་སྣུམ་འཁོར་ལམ་བཏོན་པའི་སྐབས་ལས་ འཕྲིན་ལས་སྒང་ལུ་ བཞུགས་ནི་མེད་ཟེར་ཨིན་པས།
ཐོག་ཚད་༢ འབད་མི་ ལྷ་ཁང་དེ་ རྙིང་ཤོས་ཅིག་ཨིན་རུང་ དེ་ནང་ མཐོང་གྲོལ་ཡོད་པའི་ ལོ་རྒྱུས་མེད་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment