གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དབྱར་རྩྭ་དགུན་འབུབ་བསྡུ་བསྒྱོམ་གྱི་དོན་ལུ་ ས་མཚམས་ཀྱི་སྐོར་ལས་ མ་འགྲིགསཔ་འཐོན་དོ་ཡོདཔ།

༩/༡༡/༢༠༡༢    ༉ ས་ཁ་མཐོ་ས་ལུ་སྡོད་མི་ དམིགས་བསལ་གྱི་ གླིང་བཞིའི་མི་སྡེ་ནང་འཁོད་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ འོང་འབབ་ལུ་བརྟེན་ མ་འགྲིགསཔ་ཐོན་དོ་ཡོདཔ་ཨིན་པས།
དེ་ཡང་ ན་ཧིང་ ན་རོ་རྒེད་འོག་གིས་ རྫོང་ཁག་ཡར་རྒྱས་ཚོགས་འདུའི་ནང་ གསལ་ཞུ་འབད་མི་དང་འཁྲིལཝ་ད་ རྒེད་འོག་གི་མི་སེར་ཚུ་གིས་ རང་སོའི་རྒེད་འོག་གི་ ས་ཁོངས་ནང་རྐྱངམ་གཅིག་ དབྱར་རྩྭ་དགུན་འབུབ་འཐུ་ཆོགཔ་ད་ རྒེད་འོག་གཞན་གྱི་ས་ཁོངས་ནང་ འཛུལ་མ་ཆོག་པའི་ ཞུ་ཡིག་བཙུགས་ཡོདཔ་ཨིན་པས། 

དབྱར་རྩྭ་དགུན་འབུབ


ན་ཧིང་ཚུན་ལུ་ སྲོས་དང་ ན་རོ་ དེ་ལས་ གླིང་བཞི་རྒེད་འོག་༣ གྱི་མི་སེར་ཚུ་གིས་ དབྱར་རྩྭ་དགུན་འབུབ་ གཅིག་ཁར་སྦེ་འཐུ་ཡོདཔ་ཨིན་པས།
ན་རོ་རྒེད་འོག་གིས་ དབྱར་རྩྭ་དགུན་འབུབ་དང་ སྨན་རྫས་སྔོ་ཤིང་གི་རིགས་འཐུ་ནིའི་ ཚོགས་པ་བཟོ་ཞིནམ་ལས་ དབྱར་རྩྭ་དགུན་འབུབ་འཐུ་ནིའི་དོན་ལུ་ རྒེད་འོག་གི་ས་མཚམས་ བཀལ་དགོཔ་བྱུང་ཡི་ཟེར་ སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ སླབ་ཨིན་པས།
རྒེད་འོག་གཞན་མི་༢ དང་ཕྱདཔ་ད་ ཁོང་གི་རྒེད་འོག་གི་ས་ཁོངས་ཆུང་ནི་དེ་གིས་ དབྱར་རྩྭ་དགུན་འབུབ་ ཁོང་རའི་རྒེད་འོག་ནང་རྐྱངམ་གཅིག་ འཐུ་དགོ་པ་ཅིན་ འདྲ་མཉམ་མིན་འདུག་ཟེར་ སྲོས་རྒེད་འོག་ལས་ དབྱར་རྩྭ་དགུན་འབུབ་འཐུ་སྟེ་ ལོ་ངོ་༩ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ སླབ་ཨིན་པས།
སྲོས་རྒེད་འོག་གི་ས་ཁོངས་དེ་ ཁྱབ་ཚད་ ཀི་ལོ་མི་ཊར་ གྲུ་བཞི་༡༧༨ ཨིན་པའི་ཁར་དེ་ནང་ ཁྱིམ་གུང་༢༨ དང་ མི་རློབས་༢༥༥ དེ་ཅིག་ ཡོདཔ་ད་ ན་རོ་རྒེད་འོག་གི་ས་ཁོངས་ཁྱབ་ཚད་ ཀི་ལོ་མི་ཊར་ གྲུ་བཞི་༢༨༡ ནང་ ཁྱིམ་གུང་༧༩ དང་ མི་རློབས་༥༠༠ དེ་ཅིག་ ཡོདཔ་ཨིན་པས།
གླིང་བཞི་རྒེད་འོག་ནང་བཟུམ་ཅིག་འབད་བ་ཅིན་ ས་ཁོངས་ཁྱབ་ཚད་ ཀི་ལོ་མི་ཊར་ གྲུ་བཞི་༣༨༧ ནང་ ཁྱིམ་གུང་༨ དང་ མི་རློབས་༣༠༠ ལས་བརྒལ་མེདཔ་ཨིན་པས།
སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ གླིང་བཞི་དྲུང་ཁག་གི་མི་སེར་ཚུ་ ལཱ་ག་ཅི་རང་འབད་རུང་ གཅིག་ཁར་འབད་དོ་ཡོདཔ་ལས་ རྫོང་ཁག་ཚོགས་འདུ་ནང་ཡང་ རྒེད་འོག་༣ ཆ་རང་ དབྱར་རྩྭ་དགུན་འབུབ་ གཅིག་ཁར་འཐུ་དགོཔ་སྦེ་ གྲོས་ཐག་བཅད་ནུག་ཟེར་ཨིནམ་ད་ ཚོགས་འདུའི་གྲོས་འཆར་ལུ་ ཆ་འཇོག་མ་འབད་བར་ རྒེད་འོག་གིས་ ད་ལྟོའི་བར་ན་ཡང་ དབྱར་རྩྭ་དགུན་འབུབ་འཐུཝ་ད་ ས་མཚམས་བཅད་དགོཔ་སྦེ་ སླབ་མས་ཟེར་ཨིན་པས།
སྐྱེས་ལོ་༢༦ ལང་མི་ ཚེ་རིང་དཔལ་འབྱོར་གྱིས་ སླབ་མིའི་ནང་ རང་གི་རྒེད་འོག་ནང་རྐྱངམ་གཅིག་ དབྱར་རྩྭ་དགུན་འབུབ་འཐུ་ཆོག་ཟེར་མི་ གྲོས་འཆར་ལུ་ ཆ་བཞག་མི་ཚུགས་ཟེར་ཨིནམ་ད་ དབྱར་རྩྭ་དགུན་འབུབ་འཐུ་ནི་ ཁྲིམས་མཐུན་བཟོ་ཞིནམ་ལས་ ཁོང་གི་མི་ཚེའི་གནས་སྟངས་ལུ་ འགྱུར་བ་སྦོམ་སོང་ཡི་ཟེར་ཨིན་པས།
ཁོ་དང་ ཁོ་གི་བཟའ་ཚང་ལས་ གཞན་མི་༢ བསྡོམས་ཏེ་ དབྱར་རྩྭ་དགུན་འབུབ་ཀྱིས་ འོང་འབབ་དངུལ་ཀྲམ་༧༠,༠༠༠ བཟོ་ཚུགས་པས་ཟེར་ཨིནམ་ད་ དུས་ཅི་ ཚེ་རིང་དཔལ་འབྱོར་གྱིས་ དབྱར་རྩྭ་དགུན་འབུབ་ ག་རཱམ་༢༠༠ དེ་ཅིག་ བཙོང་ཡོདཔ་ལས་ དངུལ་ཀྲམ་༨༠,༠༠༠ དེ་ཅིག་ བཟོ་ཚུགས་ཅི་ཟེར་ཨིན་པས།
རྒཔོ་དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ སང་ཕོད་ལོ་འགོ་བཙུགས་ཁམས་ལུ་ དབྱར་རྩྭ་དགུན་འབུབ་ཀྱི་ཞལ་འཛོམས་ནང་ གྲོས་ཐག་བཅད་ནི་ཨིན་ཟེར་ཨིནམ་ད་ སོ་ནམ་དང་ ཚོང་ལས་མཉམ་འབྲེལ་ལས་ཁུངས་ཀྱི་ སྙན་ཞུ་དང་འཁྲིལཝ་ད་ དུས་ཅི་ དབྱར་རྩྭ་དགུན་འབུབ་ ཀེ་ཇི་༢༣༥.༨༩ བསྡུ་བསྒྱོམ་འབད་ཡོད་མི་དེ་ ན་ཧིང་གི་ལོ་དང་ཕྱདཔ་ད་ ཀེ་ཇི་༦༦.༨༩ གིས་ ཡར་འཕར་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ ལུ་ དབྱར་རྩྭ་དགུན་འབུབ་ཀེ་ཇི་༥༥༠ བསྡུ་བསྒྱོམ་འབད་ཡོད་མི་དེ་ སྤྱི་ལོ་༢༠༠༩ དང་ཕྱདཔ་ད་ ཀེ་ཇི་༤༤ གིས་ མར་འབབས་སོང་ཡོདཔ་མ་ཚད་ སྤྱི་ལོ་༢༠༠༩ ལུ་ཡང་ ཧེ་མའི་ལོ་ལས་ ཀེ་ཇི་༧༨ ཀྱིས་ མར་འབབས་སོང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༠༧ ལུ་ ཀེ་ཇི་༡༤༠.༤ བསྡུ་བསྒྱོམ་འབད་ཡོད་མི་དེ་ ཧེ་མའི་ལོ་ལུ་ ཀེ་ཇི་༥༠༦.༦ བསྡ྄་བསྒྱོམ་འབད་མི་ལས་ ལོག་ལྟབ་ཀྱིས་ མར་འབབ་སོང་ཡོདཔ་ཨིན་པས།
སོ་ནམ་དང་ཚོང་ལས་མཉམ་འབྲེལ་མདོ་ཆེན་ རྡོ་རྗེ་དགྲ་འདུལ་གྱིས་ སླབ་མིའི་ནང་ སྙན་ཞུ་དང་འཁྲིལཝ་ད་ དབྱར་རྩྭ་དགུན་འབུབ་ཀྱི་འབོར་ཚད་ལུ་ ཁྱད་པར་ཡོད་རུང་ ལས་ཁུངས་ཀྱིས་ འབད་བ་ཅིན་ དབྱར་རྩྭ་དགུན་འབུབ་ མར་འབབ་འགྱོཝ་མས་ཟེར་ སླབ་མི་ཤེས་ཟེར་ཨིན་པས།
མི་ལ་ལུ་ཅིག་གིས་ བསྡུ་གསོག་འབད་མི་ དབྱར་རྩྭ་དགུན་འབུབ་ག་ར་ མ་བཙོང་པར་ རང་གི་དོན་ལུ་དང་ ཁྲིམས་འགལ་གྱི་ཐོག་ལས་ གོང་ཚད་སྦོམ་རྐྱབ་སྟེ་ བཙོང་ནི་སྦེ་བཞག་དོ་འོང་ཟེར་ ཁོ་གིས་སླབ་པའི་ཁར་ དབྱར་རྩྭ་དགུན་འབུབ་ཀྱི་ འབོར་ཚད་མར་འབབ་འགྱོཝ་ཨིནམ་ཤེས་རུང་ ཁྲིམས་འགལ་གྱི་ཐོག་ལུ་ ཕྱིར་ཚོང་འབད་མིའི་སྐོར་ལས་ ཤེས་གསལ་མེདཔ་ལས་ ཏན་ཏན་སྦེ་ག་ནི་ཡང་ སླབ་མི་ཤེས་ཟེར་ཨིན་པས།
གླིང་བཞི་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གཟིགས་སྐོར་ལུ་བྱོན་པའི་སྐབས་ ཁོ་གིས་ མི་སེར་ཚུ་ལུ་ དབྱར་རྩྭ་དགུན་འབུབ་ག་དེ་ཅིག་ཐོབ་མི་དེ་ ཁྲིམས་འགལ་གྱི་ཐོག་ལུ་ ཕྱི་ཁར་མ་བཙོང་པར་ གཞུང་ལུ་བྱིན་དགོ་པའི་ བཀའ་སློབ་བཟང་པོ་གནང་ཡོདཔ་ཨིན་པས།
བློན་ཆེན་གྱིས་ མི་སེར་ཚུ་ལུ་ ལོ་བསྟར་བཞིན་དུ་ ཉམས་འགྱོ་མི་ སྔོ་སྨན་ཚུ་ཡང་ བསྡུ་གསོག་འབད་དགོ་ཟེར་ གསུངས་གནང་ཡོདཔ་མ་ཚད་ དབྱར་རྩྭ་དགུན་འབུབ་དང་ སྔོ་སྨན་ཚུ་ ཁྲིམས་འགལ་ཐོག་ལུ་ ཕྱིར་ཚོང་འཐབ་ས་མཐོང་པ་ཅིན་ ཉེས་བྱ་ཕོག་ཟེར་ གསུངས་གནང་ནུག།
ཉེས་བྱ་ཡང་ སྤྱིར་བཏང་ཚོང་འབྲེལ་གྱི་ འཐུས་དགོ་ནི་དང་ ཡང་ཅིན་ བཙོན་ཁྲིམས་ལོ་༦ ཚུན་ཚོད་དང་ ཁྲོམ་ཁའི་གོང་ཚད་ལས་ ཉེས་བྱ་འཐུས་ བརྒྱ་ཆ་༢༠༠ ཐེབས་ཕོག་ནི་ཨིན་པས།
ཆོག་ཐམ་ཡོད་མི་ཚུ་གིས་ ལོག་སྤྱོད་འབད་བ་ཅིན་ ཆོག་ཐམ་འཕྱོག་བཟུང་འབད་དེ་ མི་ངོམ་དེ་ ཉེས་འཐུས་ཁྲོམ་གྱི་གོང་ཚད་ བརྒྱ་ཆ་༡༠༠ སྤྲོད་ཐོག་གཏང་ནི་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment