གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་ཁ་མཐོ་སར་སྡོད་མི་ཚུ་ལུ་ གཞུང་ས་གླ་ཁར་སྤྲོད་ནི།

༦/༡༡/༢༠༡༢   ཉིནམ་༡ ནང་ར་ དོས་སྐྱེལ་འདྲེན་འབད་མི་རྟ་༦༠ ལས་༢༠༠ གྱི་བར་ན་ ལྷོད་མི་ལུ་བརྟེན་ ཧེང་སྐལ་ར་ རྩྭ་འབྲོག་མ་ལང་པའི་དཀའ་ངལ་ བྱུང་བཅུགཔ་མས་ཟེར་ཨིན་པས།

༉ ས་ཁ་མཐོ་སར་སྡོད་མི་ཚུ་ ད་ལས་ཕར་ ལ་ནོར་ཚུ་ འཚོ་བ་སྐྱོང་ཐབས་ལུ་ གཞུང་གིས་ ས་ཆ་ཨེ་ཀར་༢ དེ་ཅིག་ རྩྭ་འབྲོག་སྦེ་ ལག་ལེན་འཐབ་ནིའི་དོན་ལས་ མི་སེར་ཚུ་ལུ་ གླ་ཁར་སྤྲོད་ནི་ཨིན་པས།
འདས་པའི་ཟླཝ་ནང་ སྲོས་ལུ་ གཡག་གི་འགྲེམ་སྟོན་ འགོ་འདྲེན་འཐབ་པའི་བསྒང་།


དེ་ཡང་ ཐིམ་ཕུ་རྫོང་ཁག་གི་ སྒོ་ནོར་འགོ་དཔོན་ རྡོ་རྗེ་འབྲུག་པ་གིས་ སླབ་མིའི་ནང་ ས་ཁ་མཐོ་སར་སྡོད་མི་ཚུ་ གནམ་དགུན་གྱི་དུས་ཚོད་ལུ་ ཁོང་རའི་ ལ་ནོར་ཚུ་གི་དོན་ལུ་ རྩྭ་འབྲོག་མ་ལང་པའི་དཀའ་ངལ་དེ་ གསརཔ་ཅིག་མེན་པར་ ཧེ་མ་ལས་ར་ཡོདཔ་ཨིན་རུང་ འཕྲལ་ཁམས་ཅིག་ཁར་ སྲོས་ལུ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་ གཟིགས་སྐོར་ནང་ བྱོན་པའི་སྐབས་ལུ་ གཞུང་གི་ ས་ཆ་སྟོངམ་ཡོད་མི་ཚུ་ རྩྭ་འབྲོག་སྦེ་ ལག་ལེན་འཐབ་ནིའི་དོན་ལས་ མི་སེར་ཚུ་ལུ་ གླ་ཁར་སྤྲོད་ནི་ཨིན་ཟེར་ གསུངས་ཡི་ཟེར་ཨིན་པས།
དེ་ཡང་ ད་ལས་ཕར་ ལ་ནོར་གསོ་སྐྱོང་གི་ དཀའ་ངལ་སེལ་ཐབས་ལུ་དམིགས་ཏེ་ གཞུང་གི་ས་ཆ་ཨེ་ཀར་༡ དང་ ཡང་ཅིན་༢ དེ་ཅིག་ མི་སེར་ཚུ་གིས་ རེ་འདོད་བཀོད་མི་དང་འཁྲིལ་ སྤྲོད་ཐོག་ལས་ བྱ་སྟབས་བདེ་དྲགས་བཟོ་ནི་ཟེར་ཨིནམ་ད་ མི་སེར་ཚུ་ལུ་ གླ་འཐུས་ཡང་ ཉུང་སུའི་ཐོག་ལས་སྤྲོད་ནི་ཨིནམ་ལས་ དེ་གིས་ ཁོང་གི་དཀའ་ངལ་ཚུ་ བསལ་ཚུགས་ཟེར་ཨིན་པས།
སྲོས་སྒང་གཡུས་ལས་ སྐྱེས་ལོ་༢༧ ལང་མི་ ཕུརཔ་རྡོ་རྗེ་གིས་ སླབ་མིའི་ནང་ ད་ལྟོ་ཚུན་ རྩྭ་འབྲོག་ལངམ་སྦེ་ མེད་མི་ལུ་བརྟེན་ ཁོ་རའི་གཡག་༣༠ དེ་ཅིག་ གསོ་སྐྱོང་འཐབ་ནི་ལུ་ ལཱ་ཁག་རྐྱབ་སྟེ་ཡོད་ཟེར་ཨིནམ་ད་ གཡག་ཚུ་དང་གཅིག་ཁར་ རྩྭ་འབྲོག་འཚོལ་བར་ ལ་བདའ་སྟེ་འགྱོ་དགོཔ་ལས་བརྟེན་ སྟབས་མ་བདེཝ་སྦོམ་ཡོད་ཟེར་ཨིན་པས།
ས་ཁ་མཐོ་སར་སྡོད་མི་ འབྱོགཔ་ཚུ་གིས་ སླབ་མིའི་ནང་ ཁོང་གི་གཡག་ཚུ་ མི་ཚེ་འཚོ་སྐྱོང་འཐབ་ནིའི་དོན་ལུ་ ཐོན་ཁུངས་ངོ་མ་ཅིག་ཨིན་ཟེར་ཨིནམ་ད་ ད་རེས་ནངས་པ་ གཡག་གི་གྱངས་ཁ་ མར་འབབ་མ་སོང་རུང་ གཡག་ཚུ་གསོ་ནིའི་དོན་ལུ་ རྩྭ་འབྲོག་མེད་པའི་དཀའ་ངལ་སྦོམ་ཡོདཔ་ལས་ ལ་ནོར་གསོ་སྐྱོང་འཐབ་ནི་དེ་ གདོང་ལེན་སྦོམ་ཅིག་ལུ་ གྱུར་ཏེ་ཡོད་ཟེར་ཨིན་པས།
སྲོས་གཡུས་ཚན་དེ་ སྤ་རོ་འབྲུག་རྒྱལ་རྫོང་ལས་ རྐང་སྟོང་སྦེ་ ཉིན་ལམ་༢ ཀྱི་ས་ཁར་ཨིནམ་ད་ གཡུས་ཚན་དེ་ནང་ ཁྱིམ་གུང་པ་༢༨ དེ་ཅིག་ཡོདཔ་ད་ སྐྱེས་ལོ་༢༦ ལང་མི་ རྡོ་རྗེ་རིན་ཆེན་གྱིས་ སླབ་མིའི་ནང་ ལ་ནོར་གསོ་སྐྱོང་འཐབ་ནི་དེ་ ཤུལ་མའི་ཟླཝ་ནང་ལས་ ལཱ་ཁག་བཏངམ་ཨིན་ཟེར་ཨིནམ་ད་ དེ་བསྒང་ གཡག་ཚུ་བཟའ་ནིའི་རྩྭ་མེདཔ་ལས་ གཡག་༢ དང་༧ གྱི་བར་ན་ ཤི་ནི་ཡོད་ཟེར་ཨིན་པས།
སྲོས་རྒཔོ་ དཀོན་མཆོག་རྡོ་རྗེ་གིས་ སླབ་མིའི་ནང་ ལ་མཐོ་ཁར་ ལྟ་བཤལ་འོང་མིའི་གྱངས་ཁ་ ལོ་གཅིག་བ་ལོ་གཅིག་ ཡར་སེང་འགྱོ་དོ་ཡོདཔ་ལས་ དོས་བསྐྱལ་བར་འོང་མི་ རྟ་གི་གྱངས་ཁ་ཡང་ ཡར་སེང་འགྱོ་དོ་ཡོདཔ་ལས་ དེ་གིས་ རྩྭ་འབྲོག་མ་ལང་པའི་དཀའ་ངལ་ ཧེང་སྐལ་ར་ འབྱུང་བཅུགཔ་མས་ཟེར་ཨིནམ་ད་ དེ་ཡང་ ཉིནམ་༡ ནང་ར་ རྟ་༦༠ ལས་༢༠༠ གྱི་བར་ན་ འོང་མི་ལུ་བརྟེན་ཨིན་ཟེར་ཨིན་པས།
དེ་མ་ཚད་ གྲོང་གསེབ་ནང་གི་མི་ཚུ་གིས་ ཤིང་ཚུ་ ལེ་ཤ་བརྡབས་བཏང་མི་ལུ་བརྟེན་ གནོད་པ་བྱུང་དོ་ཡོད་པའི་ཁར་ ལ་ལུ་ཅིག་གིས་ས་ཁོངས་ཅིག་ནང་ར་ ཡུན་བརྟན་ཐོག་ལུ་ གནས་ཐབས་ཀྱི་ལཱ་ མ་འབད་མི་ལུ་བརྟེན་ཏེ་ ཨིན་ཟེར་ཨིན་པས།
རྫོང་ཁག་གིས་ ན་ཧིང་ ཐོ་བཀོད་འབད་མི་དང་འཁྲིལ་བ་ཅིན་ སྲོས་རྒེད་འོག་ནང་ གཡག་༡,༧༥༤ དང་ གླིང་བཞི་རྒེད་འོག་ནང་༣,༦༥༥ དེ་ལས་ ནཱ་རོ་རྒེད་འོག་ནང་༢,༦༦༣ ཡོདཔ་ཨིན་པས།
ལོ་བསྟར་འབྱོག་པའི་དུས་སྟོན་དེ་ དུས་ཅི་ འདས་པའི་ཟླཝ་ནང་ སྲོས་ལུ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དུས་སྟོན་དེ་ཡང་ ཐིམ་ཕུ་རྫོང་ཁག་སྒོ་ནོར་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
དེ་བཟུམ་གྱི་ དུས་སྟོན་ལས་རིམ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ལ་ནོར་གཡག་ཚུ་ ཁག་ཆེ་བའི་སྐོར་ལས་དང་ རྩྭ་འབྲོག་འཛིན་སྐྱོང་འབད་ཐངས་ ལ་སོགས་པའི་ གོ་བརྡ་སྤྲོད་ཐབས་ལུ་ཨིན་པས།
དུས་སྟོན་གྱི་སྐབས་ལུ་ གཡག་གི་ཐོན་ཁུངས་ཚུ་ འགྲེམས་སྟོན་འབད་དོ་ཡོདཔ་ད་ དེ་ཡང་ དབྱེ་ཁག་༧ སྦེ་ གཡག་ཕོ་དང་ ཨོམ་བཞོ་མི་གཡག་ དེ་ལས་ བཞོན་ནིའི་གཡག་ཚུ་ དྲག་ཤོས་ཚུ་ལུ་ གསོལ་རས་ཡང་ དངུལ་ཀྲམ་༥༠༠ ལས་༢,༠༠༠ གི་བར་ན་ སྤྲོད་དོ་ཡོདཔ་ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment