གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྲོག་རིན་སྤྲོད་པའི་ཤུལ་ལུ་ གླ་འཁོར་དེད་གཡོགཔ་ལོག་བཏང་ཡོདཔ།

༡༠/༡༡/༢༠༡༢   ༉ སྤྱི་ཟླ་༨ པའི་ཚེས་༢༢ ཀྱི་ཕྱི་རུ་ གསར་སྤང་དང་དགེ་ལེགས་ཕུག་གི་ གཞུང་ལམ་ཁ་ལས་བྱང་སྟོར་ཞུགས་མི་ སྐྱེས་ལོ་༣༧ ལང་མི་ གླ་འཁོར་དེད་གཡོགཔ་དེ་ བཙན་ཁྲིད་འབད་མི་ལུ་ རུ་པི་༢༠༠,༠༠༠ སྤྲོད་པའི་ཤུལ་ལུ་ ཁ་ཉིནམ་ ལོག་ཁྱིམ་ནང་ ལྷོད་ཡོདཔ་ཨིན་པས།


སཱན་ཏི་བཱ་རི་ལུ་ ཏི་རུ་འབག་སྟེ་སོང་མི་ གླ་འཁོར་དེད་གཡོགཔ་གི་ སྐུདཔོ་ག་ནེཤི་གིས་བཤད་མིའི་ནང་ སྤྱི་ཟླ་༨ པའི་ཚེས་༢༧ གྱི་ཚེས་ འགྲུལ་འཕྲིན་མོ་བཱ་ཡེལ་ནང་ལས་ སྲོག་རིན་ཏི་རུ་ས་ཡ་༣ དགོཔ་སྦེ་ བརྒྱུད་འཕྲིན་ལྷོད་ཅིག་ཟེར་ཨིནམ་ད་ ཁོང་ལུ་ ཏི་རུ་དེ་ཅིག་ མེད་ཟེར་སླབ་པའི་ཤུལ་ལུ་ བཙན་ཁྲིད་འབད་མི་ཚུ་གིས་ ཏི་རུ་ས་ཡ་༡.༥ ལུ་ མར་ཕབ་འབད་ཡི་ཟེར་ཨིན་པས།
ཨིན་རུང་ གཱ་ནེཤི་གིས་ བཙན་ཁྲིད་འབད་མི་དང་གཅིག་ཁར་ མོས་མཐུན་འབད་དེ་ དངུལ་ཀྲམ་༡༥༠,༠༠༠ སྦེ་ གླ་འཁོར་དེད་གཡོགཔ་དེ་ བཏང་གནང་ཟེར་སླབ་ཡོདཔ་ད་ སྲོག་རིན་ཏི་རུ་དེ་ དེད་གཡོགཔ་གི་ གླ་འཁོར་བཙོང་སྟེ་ ཐོབ་ཚུགས་འོང་ཟེར་ཨིན་པས།
དེ་འབདཝ་ད་ བཙན་ཁྲིད་འབད་མི་ཚུ་གིས་ གལ་སྲིད་ག་དེ་ཅིག་སྦེ་ ཏི་རུ་སྤྲོད་ནི་མེད་པ་ཅིན་ དེད་གཡོགཔ་དེ་ལོག་མི་ཐོབ་ཟེར་ འཇིགས་བསྐུལ་འབད་ཡོདཔ་ད་ སྐུདཔོ་དེ་གིས་ ཁོ་གི་མི་དེ་བཙན་ཁྲིད་འབད་མི་གི་ ལག་པ་ཡོདཔ་ལས་ ག་ཅི་ར་འབད་རུང་འབད་ནི་ཨིན་ཟེར་ཨིན་པས།
བཙན་ཁྲིད་འབད་མི་དང་ ཁོ་རའི་སྤུན་འཁོར་ཚུ་གིས་ དངུལ་ཀྲམ་༢༠༠,༠༠༠༠ སྦེ་ མོས་མཐུན་འབད་ཡོདཔ་ད་ དེ་གིས་མ་ཚད་ ཁོང་གི་ དེད་གཡོགཔ་དེ་བདག་འཛིན་ལེགས་ཤོམ་འབད་འཐབ་སྟེ་ བཞེས་སྒོ་ཚུ་ལེགས་ཤོམ་བྱིན་པ་ཅིན་ ཁོ་རའི་སྤུན་ཆ་ཚུ་གིས་ ཧེང་བཀལ་ར་ དངུལ་ཀྲམ་༡༠,༠༠༠ བྱིན་ནི་ཟེར་ སླབ་ཡོདཔ་ཨིན་པས།
སྤྱི་ཟླ་༡༡ པའི་ ཚེས་༧ གྱི་ ཕྱི་རུའི་ཆུ་ཚོད་༤:༣༠ དེ་ཅིག་ཁར་བརྒྱུད་འཕྲིན་ལྷོད་མིའི་ནང་ ནངས་པ་དྲོ་པའི་ཆུ་ཚོད་༡༠:༣༠ ལུ་ དགེ་ལེགས་ཕུག་ལས་ ཀི་ལོ་མི་ཊར་༣༠ གི་ས་ཁར་ཨིན་མི་ ས་གནས་སཱན་ཏ་བཱ་རི་ལུ་ འོང་དགོཔ་སྦེ་སླབ་ཡོདཔ་ད་ཨིན་པས།
སྤྱི་ཚེས་༨ ལུ་ སཱན་ཏ་བཱ་རི་ལུ་ལྷོདཔ་ད་ བཙན་ཁྲིདཔ་ཚུ་སྡོད་ས་འི་ས་ཁོངས་ སཱན་ཏི་པུར་ལུ་ གཱ་ནེཤི་དེ་ཁྱིད་སོང་སྟེ་ ཁོ་གི་སྣུམ་འཁོར་དང་ ཏི་རུ་ཚུ་ཞིབ་དཔྱད་འབད་ཞིནམ་ལས་ ཁོང་གི་སྐུདཔོ་དེ་ཁྱིད་འོང་སྟེ་ སྣུམ་འཁོར་ནང་བཙུགས་པའི་ཤུལ་ལུ་ ཏི་རུ་དེ་འབག་སོང་ཡི་ཟེར་བཤདཔ་ཨིན་པས།
གཱ་ནེཤི་གིས་ ཁོ་རའི་སྐུདཔོ་ལོག་ཐོབ་ཚུགས་མི་དེ་ལུ་ སེམས་དགའ་ཡི་ཟེར་ཨིནམ་ད་ ཁོ་རའི་སེམས་ཁ་ལུ་ ཨ་རྟག་དང་མ་འདྲ་བའི་ འཇིགས་སྣང་ཅིག་བྱུང་ཡོདཔ་ལས་ གནས་སྟངས་ཚུ་ག་དེ་སྦེ་ཡོདཔ་ཨིན་ན་ སླབ་མི་ཤེས་པས་ཟེར་ཨིན་པས།
གནད་དོན་ཚུ་གི་སྐོར་ལས་ གཱ་ནེཤི་གིས་ ཁྲིམས་སྲུང་འགག་པ་དང་གཅིག་ཁར་ འབྲེལ་བ་འཐབ་སྟེ་ར་ཡོདཔ་མ་ཚད་ བཙན་ཁྲིད་འབད་མི་ཚུ་ བི་མོ་བཱ་ཡེལ་འགྲུལ་འཕྲིན་ཨང་གྲངས་ཚུ་ ལག་ལེན་འཐབ་མས་ཟེར་ སླབ་ཡོདཔ་ཨིན་པས།
གསར་སྤང་ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ དེད་གཡོགཔ་ལས་ ངག་བརྗོད་ལེན་ཞིནམ་ལས་རྐྱངམ་གཅིག་ བཙན་ཁྲིད་འབད་མི་དེ་ ག་ཨིན་ན་ངོས་འཛིན་འབད་ཚུགས་ནི་ཨིན་རུང་ དེད་གཡོགཔ་དེ་ བཙན་ཁྲིད་འབད་མི་ཚུ་གིས་ ཕྱི་རུ་ལམ་འགྱོ་བཅུག་མི་ལུ་བརྟེན་ ནདཔ་ཐོན་ཏེ་ཡོད་ནི་དེ་གིས་ ངག་བརྗོད་ཚུ་ བྱིན་མ་ཚུགསཔ་ཨིན་པའི་གནས་ཚུལ།

རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment