གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ གནས་སྐབས་འཐུས་མིའི་དོན་ལུ་ དོ་འགྲན་འབད་མི་དེ་ བྱ་བ་བཟང་པོ་ཅིག་ཨིནམ།

༡༠/༡༡/༢༠༡༢   ༉ འདས་པའི་སྤྱི་ཟླ་༡༡ པའི་ཚེས་༩ ལུ་ བློན་པོ་ཚུ་དང་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཐེངས་༢༣ པ་ འཚོགས་པའི་སྐབས་ལུ་ བློན་ཆེན་གྱིས་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྐབས་ཉེན་སྲུང་ཚོགས་སྡེའི་ སྡོད་ཁྲི་གི་དོན་ལུ་ དོ་འགྲན་འབད་མི་དེ་ རྒྱལ་རུང་ཕམ་རུང་ རྒྱལ་ཁབ་ཀྱི་དོན་ལུ་ ལཱ་ཤུལ་བཟང་པོ་ཅིག་ཨིན་ཟེར་ཨིན་པས།


དེ་ཡང་ བློན་ཆེན་མཆོག་གིས་ ལྡོག་ཕྱོགས་འགོ་ཁྲིདཔ་གིས་ སྤྱི་ཟླ་༩ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་ གནས་སྐབས་ཉེན་སྲུང་ཚོགས་སྡེ་ནང་ གནས་སྐབས་ཀྱི་འཐུས་མིའི་དོན་ལུ་ བཙག་འཐུ་ནང་བཅའ་མར་གཏོགས་ཏེ་ ཕམ་སོ་པའི་ཤུལ་ལུ་ དེ་སྦེ་ ཕམ་ནི་ཨིནམ་ཤེས་བཞིན་དུ་ དོ་འགྲན་འབད་མི་དེ་ གཞུང་གིས་ འགོ་ཁྲིད་ཀྱི་སྐྱོན་ཨིནམ་སྦེ་ སྐྱོན་བརྗོད་འབད་མི་ལུ་ གདོང་ལེན་གྱི་ གསལ་བཤད་གནང་ཡི།
ལྡོག་ཕྱོགས་འགོ་ཁྲིདཔ་གིས་ ཕམ་ནི་ཨིནམ་ཤེས་བཞིན་དུ་ དེ་སྦེ་ དོ་འགྲན་འབད་ནི་མེན་པར་ ནང་འཁོད་རྒྱལ་ཁབ་ཀྱི་ སྙན་ཞུ་ཚུ་ལུ་ གཙོ་བོར་བཏོན་ནི་མིན་པར་ གཞུང་གི་ཕྱི་འབྲེལ་གནོད་དོན་ནང་ འགན་ཁྲིའི་གཙོ་རིམ་ཚུ་ སྐྱོ་དྲགས་འདུག་ཟེར་ བཀོད་ཡོདཔ་ཨིན་པས།
འབྲུག་གིས་ ཀེམ་བོ་ཌི་ཡ་དང་ ལྷོ་ཀོ་རི་ཡ་དང་གཅིག་ཁར་ དོ་འགྲན་འབད་ཡོདཔ་ཨིན་རུང་ ལྷོ་ཀོ་རི་ཡ་གིས་ རྒྱལ་ཁ་ཐོབ་ཡོདཔ་ཨིན་པས།
བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ གསུངས་མིའི་ནང་ འབྲུག་གིས་ འཛམ་གླིང་སྤྱི་ཚོགས་ཀྱི་ ཉེན་སྲུང་ཚོགས་སྡེ་ནང་ གནས་སྐབས་འཐུས་མིའི་ སྡོད་ཁྲི་ཐོབ་ཚུགས་པའི་ཡིད་ཆེས་བསྐྱེད་རུང་བའི་ རྒྱུ་མཚན་ཡོད་ཟེར་ཨིནམ་ད་ དེ་ཡང་ འགོ་ཐོག་ལུ་ འབྲུག་གིས་སྡོད་ཁྲི་དེ་གི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་གསལ་བཀོད་འབད་བའི་སྐབས་ འབྲུག་རྐྱངམ་གཅིག་ལས་ གཞན་ཨེ་ཤི་ཡ་ལུང་ཕྱོགས་ནང་ལས་ དང་འདོད་བསྐྱེད་མི་ འོས་ངོ་མ་ཐོནམ་ཨིན་ཟེར་གསུངས་ཡི།
སྤྱི་ལོ་༡༩༩༩ ལུ་ འབྲུག་གིས་ ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ སྡེ་ཚན་ནང་ལས་ སྤྱི་ལོ་༢༠༡༣ དང་༢༠༡༤ གྱི་ གནས་ཡུན་དོན་ལུ་ ཚོགས་སྡེ་དེ་ནང་ གནས་སྐབས་ཀྱི་འཐུས་མིའི་དོན་ལུ་ དོ་འགྲན་འབད་ནི་གི་ དང་འདོད་གསལ་བཀོད་ཐོག་ གཞན་སྡེ་ཚན་དེ་ནང་ལས་ ག་གིས་ཡང་ དོ་འགྲན་མེད་པར་ བཀའ་དྲིན་བསྐྱང་ཟེར་ གསལ་ཞུ་འབད་བའི་སྐབས་ འཐུས་མི་རྒྱལ་ཁབ་ག་ར་གིས་ ངོས་ལེན་འབད་ཡོདཔ་ཨིན་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ སྤྱི་ལོ་༢༠༠༤ ཚུན་ སྡོད་ཁྲི་དེ་གི་དོན་ལུ་ དང་འདོད་བཀོད་དེ་ དོ་འགྲན་འབད་ནི་སྦེ་ཐོན་མི་ འབྲུག་རྒྱལ་ཁབ་གཅིག་མ་གཏོགས་ གཞན་ག་ཡང་ མ་ཐོནམ་ཨིན་རུང་ སྤྱི་ལོ་༢༠༠༥ ལུ་ ཀེམ་བོ་ཌི་ཡ་གིས་ ཐོན་ཡི་ཟེར་ཨིནམ་ད་ དེ་བསྒང་ འབྲུག་གིས་ དེ་སྦེ་མི་བཏུབ་ཟེར་ སླབ་ཡོད་རུང་ ཀེམ་བོ་ཌི་ཡ་གིས་ རྒྱབ་བཤུད་རྐྱབ་མ་བཏུབ་པའི་ཁར་ ད་རུང་ སྤྱི་ལོ་༢༠༠༧ ལུ་ སྟོབས་ཤུགས་ཅན་གྱི་རྒྱལ་ཁབ་ ལྷོ་ཀོ་རི་ཡ་གིས་ཡང་ སྡོད་ཁྲི་དེ་གི་དོན་ལུ་ དོ་འགྲན་འབད་ནི་ཟེར་ ཐོན་འོང་ཡི་ཟེར་ཨིན་པས།
དེ་སྐབས་ཡང་ ལྷོ་ཀོ་རི་ཡའི་ སྲིད་འཛིན་དང་གཅིག་ཁར་ ཁ་སླབ་ཡོད་རུང་ ཁོང་གིས་ཡང་ རྒྱབ་བཤུད་རྐྱབ་མ་བཏུབ་ཟེར་ཨིན་པས།
བློན་ཆེན་གྱིས་ གསུངས་མིའི་ནང་ ཀོ་རི་ཡ་གིས་ རྒྱབ་བཤུད་རྐྱབ་མ་བཏུབ་ལས་བརྟེན་ འཛམ་གླིང་སྤྱི་ཚོགས་ཀྱི་ ལམ་ལུགས་ནང་ གལ་ཅན་གྱི་ གོ་གནས་ཆ་མཉམ་ར་ སྟོབས་ཤུགས་ཅན་གྱི་ རྒྱལ་ཁབ་ཚུ་གིས་ འཛིན་པ་ཅིན་ འདྲ་ཉམས་དང་དྲང་བདེན་ ཉེན་སྲུང་ཅན་གྱི་ འཛམ་གླིང་འབྱུང་ནི་དེ་ འོས་འབབ་མིན་འདུག་ཟེར་ འབྲུག་གིས་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ལུ་ གསལ་བཀོད་འབད་ཡི་ཟེར་ཨིན་པས།
འབྲུག་རྒྱལ་ཁབ་འདི་ རྒྱལ་ཁབ་ཆུང་ཀུ་ཅིག་ཨིནམ་ལས་ ས་གོ་དེ་ རྒྱལ་ཁབ་སྦོམ་ཚུ་གི་དོན་ལུ་ཨིན་མས་ཟེར་ རྒྱབ་བཤུད་རྐྱབ་དགོཔ་ཨིན་ན་ ཡང་ཅིན་ རྒྱལ་ཁབ་ཆུང་ཀུ་ཚུ་གིས་ཡང་ རང་གི་གནད་དོན་འཛམ་གླིང་ཡོངས་ལུ་ གསལ་བཀོད་འབད་དགོཔ་མིན་འདུག་ག་ཟེར་ དྲི་བ་གསུངས་ཡི།
འབྲུག་གིས་བར་ན་ལས་ དོ་འགྲན་འབད་ནི་བཤོལ་བཞག་ཐོག་ལས་ འབྲུག་གིས་ ནང་གསུག་ལེན་ཏེ་ དོ་འགྲན་འབད་ནི་བཤོལ་བཞག་འབད་ནུག་ཟེར་ ཁ་ཉེས་ཕོག་ནི་གི་ ཉེན་ཁ་ལེན་དགོཔ་ཨིན་ཟེར་གསུངསམ་མ་ཚད་ འབྲུག་གིས་ ས་གོ་དེ་ མི་ཐོབ་ནི་ཨིནམ་ཤེས་བཞིན་དུ་ འཕྲོ་མཐུད་དེ་ དོ་འགྲན་འབད་མི་དེ་ རྒྱལ་ཁབ་ཀྱི་དོན་ལུ་དང་ སྤྱིར་བཏང་འཛམ་གླིང་གི་ མི་སྡེའི་དོན་ལུ་ འོས་འབབ་ཅན་གྱི་ བྱ་བ་བཟང་པོ་ཅིག་ཨིན་མི་ལུ་བརྟེན་ བཤོལ་བཞག་མ་འབད་བར་ འཕྲོ་མཐུད་དེ་ བཅའ་མར་གཏོགས་ཅི་ཟེར་གསུངས་ཡི།
བཙག་འཐུ་དེ་ནང་ འབྲུག་གིས་ སྡོད་ཁྲི་མ་ཐོབ་པར་ ཕམ་མི་གིས་ འབྲུག་རྒྱལ་ཁབ་འདི་ དཔའ་ཉམས་བསྐྱེད་དགོཔ་མ་གཏོགས་ ངོ་ཚ་དགོཔ་མེད་ཟེར་ཨིན་པའི་ཁར་ ངོ་ཚ་བ་ཅིན་ འཛམ་གླིང་རྒྱལ་ཁབ་གཞན་ཚུ་ ཚ་དགོ་ཟེར་ཨིན་པའི་ཁར་ བློན་པོ་གིས་གསུངས་མིའི་ནང་ འབྲུག་གིས་ བཙག་འཐུ་ནང་ཕམ་མི་དེ་གིས་ འཛམ་གླིང་རྒྱལ་ཁབ་གཞན་མི་ཚུ་ ངོ་ཚ་ཡོདཔ་ཏན་ཏན་ཨིན་ཟེར་གསུངས་ཡི།
བློན་ཆེན་གྱིས་ ལྡོག་ཕྱོགས་འགོ་ཁྲིདཔ་གི་ སྐྱོན་བརྗོད་ལུ་ དོགས་སེལ་གནང་མིའི་ནང་ མི་སེར་དམངས་གཙོ་ཚོགས་པ་གིས་ བཙག་འཐུ་ནང་ ཕམ་ནི་ཨིནམ་ཤེས་ཞིནམ་ལས་ རྒྱབ་བཤུད་རྐྱབ་སྟེ་ བཙག་འཐུའི་ནང་ དོ་འགྲན་མ་འབད་བར་སྡོད་ནི་གི་ གདམ་ཁ་རྐྱབ་འོང་ག་ཟེར་ཨིནམ་ད་ དེ་སྦེ་ ཕམ་ནི་ཨིནམ་ཤེསཔ་བཞིན་དུ་ འཕྲོ་མཐུད་དེ་ དོ་འགྲན་འབད་མི་དེ་ ཚོགས་པའི་དོན་ལུ་ འཛོལ་བ་ཨིན་ན་ཟེར་ དྲི་བ་གསུངས་ཡི།
བློན་ཆེན་གྱིས་ གསུངས་མིའི་ནང་ འབྲུག་གིས་ དུས་ཅི་ སྤྱི་ཟླ་༩ པའི་ནང་ འཛམ་གླིང་སྤྱི་ཚོགས་ཀྱི་འཐུས་མི་སྦེ་ ལོ་༤༢ དེ་ཅིག་ལང་པའི་ཤུལ་ལུ་ སྤྱི་ཚོགས་ཀྱི་ ཚོགས་སྡེ་ཅིག་གི་ འཐུས་མིའི་དོན་ལུ་ དོ་འགྲན་འབད་མི་གིས་ རྒྱལ་ཁབ་ལུ་ཕན་ཐོགས་ རྒྱ་ཆེ་དྲགས་སྦེ་ར་ ཡོད་ཟེར་ཨིན་པའི་ཁར་ འབྲུག་རྒྱལ་ཁབ་ཆུང་ཀུ་བཟུམ་ཅིག་གིས་ རང་གི་ཉེན་སྲུང་དང་ རང་དབང་གི་གནས་སྟངས་དེ་ དེམ་ཅིག་ར་ཨིན་ཟེར་ ཡེངས་སྡོད་ནི་མི་འོང་ཟེར་གསུངས་ཡི།
རྒྱལ་ཁབ་གཞན་དང་གཅིག་ཁར་ རྒྱ་ཆེ་དྲགས་སྦེ་འབྲེལ་གཏུགས་འབད་དེ་ མཐུན་འབྲེལ་རྒྱ་བསྐྱེད་བཏང་མི་དེ་གིས་ འབྲུག་གི་ངོ་རྟགས་ རྒྱ་བསྐྱེད་འབད་ཚུགས་ནི་ཨིན་པའི་ཁར་ དེ་གིས་ རྒྱལ་ཁབ་ཀྱི་ རང་དབང་རང་བཙན་ལུ་ཡང་ རྒྱ་བསྐྱེད་གཏང་ཚུགས་ཟེར་ཨིན་པས།
དེ་མ་ཚད་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ གསུངས་མིའི་ནང་ འབྲུག་གིས་ གནད་དོན་དེ་ནང་ ཟད་འགྲོ་མར་ཕབ་གྱི་དོན་ལུ་ རྒྱལ་ཁབ་གཞན་ཚུ་གིས་ ཚོགས་སྟོན་ལས་རིམ་ཚུ་ འགོ་འདྲེན་འཐབ་ཡོད་རུང་ འབྲུག་གིས་ དེ་བཟུམ་མའི་ ལས་རིམ་ཚར་གཅིག་ཡང་ འགོ་འདྲེན་མ་འཐབ་པའི་ཁར་ གཞན་རྒྱལ་ཁབ་ཚུ་གིས་ ཚོགས་སྟོན་ལས་རིམ་ འགོ་འདྲེན་འཐབ་མི་དེ་ནང་ གོ་སྐབས་ལེན་ཐོག་ལས་ མཐུན་འབྲེལ་རྒྱ་བསྐྱེད་གཏང་ནིའི་ བརྩོན་ཤུགས་བསྐྱེད་ཅི་ཟེར་ ཨིན་པའི་གནས་ཚུལ།

བསམ་གཏན་ཡེ་ཤེས།

No comments:

Post a Comment