གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

དཱད་ག་རི་ཁྲོམ་ཁར་ ཚོང་ཉོ་མི་མང་ཤོས་ར་ འབྲུག་མི་ཚུ་ཨིནམ།

༣/༡༡/༢༠༡༢   ༉ དགེ་ལེགས་ཕུག་ཁྲོམ་ལས་ ཀི་ལོ་མི་ཊར་༡ དེ་ཅིག་གི་ས་ཁར་ སྦ་སྒོར་ཚུ་ སྤུངས་འཛོམས་སྦེ་ མཐོང་གསལ་བྱུང་མི་དེ་ དཱད་ག་རི་བ་ཛར་ཟེར་ སླབ་དོ་ཡོདཔ་ད་ ཁྲོམ་ཆུང་དེ་ནང་ ཚོང་ཉོ་མི་ཚུ་ མང་ཤོས་ར་ འབྲུག་མི་ཚུ་ཨིན་པས།
དཱད་ག་རི་ཁྲོམ།


རྒྱ་གར་གྱི་ ས་མཚམས་ཁའི་ དཱད་ག་རི་ཁྲོམ་ཆུང་དེ་ ཕུན་ཚོགས་གླིང་ལུ་འབད་བ་ཅིན་ ཇའི་སྒང་ཁྲོམ་བཟུམ་ཅིག་ཨིན་པས།
དཱད་ག་རི་ཁྲོམ་དེ་ བདུན་ཕྲག་ཨ་རྟག་ར་ རེས་གཟའ་པ་སངས་ལུ་མ་གཏོགས་ སྒོ་ཕྱེ་ནི་མེདམ་ལས་ རྩི་རང་དང་ གསར་སྤང་ དེ་ལས་ དར་དཀར་ནང་རྫོང་ཁག་ཚུ་ནང་ལས་ ཚོང་པ་ཚུ་གིས་ ཚོང་ཉོ་བར་འགྱོ་དོ་ཡོདཔ་ད་ དེ་ཡང་ ཚོང་ཆས་ཚུ་ གོང་ཚད་ཁེ་ནི་དེ་གིས་ཨིན་པས།
ཉིནམ་དེ་ལུ་ འབྲུག་མི་སྟོང་ཕྲག་ལས་བཅད་མི་ཚུ་གིས་ རང་སོའི་ སྣུམ་འཁོར་ཚུ་བདའ་སྟེ་ ཉོ་ཚོང་རྐྱབ་པར་འགྱོ་དོ་ཡོདཔ་ད་ ལ་ལུ་ཅིག་གིས་ རྐང་སྟོང་སྦེ་ འགྱོཝ་ཡོདཔ་ཨིན་པས།
ཁྲོམ་དེ་ནང་ བཙོང་ནི་ཡོད་མི་ ཚོང་ཆས་ཀྱི་རིགས་ཚུ་ཡང་ ཉེ་འདབས་ཀྱི་ རྒྱ་གར་གྱི་ཁྲོམ་ བོང་གའི་གཱོང་ལས་ཚུར་བཅད་ ས་གནས་ཀྱི་མི་ཚུ་གིས་ ཆུམ་ལས་འགོ་བཟུང་སྟེ་ ཤ་དང་ཉ་ ཁ་ཟས་དང་ཟ་ཆས་ གྱོན་ཆས་ཀྱི་རིགས་ ཚོད་བསྲེ་ ལག་ཆའི་རིགས་ དོག་མ་པ་ནེ་ལ་སོགས་པ་ཚུ་ འབག་འོངམ་ཨིན་པས།
ཁྲོམ་ཁ་ལས་ ཨ་རྟག་ར་ ཚོང་ཉོ་མི་ཅིག་ འགྲམ་ཕུག་ཁྲོམ་ཁར་ དོག་མ་བཀྲམ་སྤེལ་གྱི་ ཚོང་ཁང་ཡོད་མི་ རྡོ་རྗེ་དེ་ཨིནམ་ད་ ཁོ་གིས་ བདུན་ཕྲག་རེ་ལུ་ཚར་རེ་ ཨ་རྟག་ར་ དོག་མ་པ་ནེ་ཉོ་བར་ འགྱོ་དོ་ཡོདཔ་ད་ ཁོ་གིས་ སླབ་མིའི་ནང་ དོག་མ་ཚུ་ དཱད་ག་རི་ཁྲོམ་ལས་ ཁེ་ཏོག་ཏོ་སྦེ་ ཐོབ་ནི་དེ་གིས་ ཉོ་འབགཔ་ཨིན་ཟེར་ཨིན་པས།
དགེ་ལེགས་ཕུག་ཁྲོམ་ཁར་སྡོད་མི་ ཨོ་རྒྱན་དབང་ཕྱུག་གིས་འབད་བ་ཅིན་ དཱད་ག་རི་ལུ་ འཕྲལ་འཕྲལ་ར་ ས་གནས་ཀྱི་ བོ་རོ་མི་ཚུ་གི་ བཞེས་སྒོའི་རིགས་ཚུ་ བཟའ་ནིའི་དོན་ལུ་ བཟའ་ཚང་ཚུ་ཁྱིད་དེ་ བཤལ་བར་འགྱོ་ནི་ཡོད་ཟེར་ བཤདཔ་ཨིན་པའི་གནས་ཚུལ།


དགེ་ལེགས་ཕུག་ལས་ ཚེ་རིང་རྣམ་རྒྱལ།

No comments:

Post a Comment