གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཝམ་རོང་གི་མེ་རྐྱེན་ནང་ ཉམས་རྒུད་བྱུང་མི་ཚུ་ལུ་ གནས་ཚུལ་ལེགས་ཤོམ།

༣/༡༡/༢༠༡༢   ༉ མ་གཞི་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་ལུ་བརྟེན་ དུས་ཅི་ སྤྱི་ཟླ་༣ པའི་ནང་ བཟོ་སྐྲུན་བསྐྱིན་འགྲུལ་ བཀག་ཆ་འབད་ཡོདཔ་ཨིན་རུང་ དམིགས་བསལ་གྱི་ གནད་དོན་ངེས་བདེན་ལུ་བརྟེན་ འབྲུག་གོང་འཕེལ་དངུལ་ཁང་གིས་ ཝམ་རོང་གི་ མེ་རྐྱེན་ནང་ ཉམས་རྒུད་བྱུང་མི་ཚུ་གི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ཨིན་པས།
བཟོ་སྐྲུན་འབད་བའི་བསྒང་ཡོད་པའི་ ཝམ་རོང་ཁྲོམ།


བཀྲིས་སྒང་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ ཤར་ཕྱོགས་ལུང་ཕྱོགས་ཀྱི་འཛིན་སྐྱོང་པ་ པདྨ་བཀྲིས་ཀྱིས་ སླབ་མིའི་ནང་ ཝམ་རོང་ལུ་ ང་བཅས་ཀྱི་ཡིག་ཚང་ནང་ བསྐྱིན་འགྲུལ་གྱི་ ཞུ་ཡིག་བཙུགས་མི་ ཚོང་པ་༥ ལུ་ ང་བཅས་ཀྱིས་ སྒྲིང་ཁྱིམ་བཟོ་སྐྲུན་གྱི་དོན་ལུ་ བསྐྱིན་འགྲུལ་བྱིན་ནི་གི་ བྱ་རིམ་ཚུ་ འཐབ་པའི་བསྒང་ཡོདཔ་མ་ཚད་ བསྐྱིན་འགྲུལ་གྱི་ ཡིག་ཆ་ཚུ་ དབྱེ་ཞིབ་འབད་ནིའི་དོན་ལུ་ ཐིམ་ཕུ་ལུ་ ཡིག་ཚང་གཙོ་ཁང་ནང་ བསྐྱལ་བཏང་ཡི་ཟེར་ཨིན་པས།
པདྨ་བཀྲིས་ཀྱིས་ སླབ་མིའི་ནང་ གནད་དོན་ངེས་བདེན་ཨིནམ་ལས་བརྟེན་ མེ་རྐྱེན་ནང་ མེདཔ་བཏང་མི་ཁྱིམ་ཚུ་ ལོག་རྐྱབ་ནིའི་དོན་ལུ་ བསྐྱིན་འགྲུལ་ཚུ་ བྱིན་དགོཔ་སྦེ་ ཐིམ་ཕུ་ལས་ བཀའ་རྒྱ་ཐོབ་སྟེ་ཡོད་ཟེར་ཨིན་པས།
ཟླཝ་༢ ཀྱི་ཧེ་མར་ འབྲུག་གོང་འཕེལ་དངུལ་ཁང་གིས་ གཞུང་ལམ་ཁའི་ཁྲོམ་དེ་ནང་ ཡན་ལག་ཡིག་ཚང་ སྒོ་ཕྱེ་བའི་སྐབས་ ཉམས་རྒུདཔ་ཚུ་ལུ་ ཁྱིམ་བཟོའི་བསྐྱིན་འགྲུལ་དེ་ རྒྱལ་ཁབ་ཀྱི་ དངུལ་འབྲེལ་གནས་སྟངས་ལུ་བརྟེན་ ཐད་ཀར་དུ་ མི་ཐོབ་འོང་ཟེར་ སླབ་ཅི་ཟེར་ཨིན་པས།
སྤྱི་ལོ་༢༠༠༩ ལུ་ མེ་རྐྱེན་གྱིས་ མེདཔ་བཏང་མི་ ཁྱིམ་གྱི་ཇོ་བདག་ ཚོང་པ་ཆ་མཉམ་གྱིས་ བསྐྱིན་འགྲུལ་གྱི་དོན་ལུ་ ཞུ་ཡིག་བཙུགས་མི་དང་བསྟུན་ བསྐྱིན་འགྲུལ་གྱི་ གནང་བ་ཡང་ བྱིན་ནི་ཨིནམ་བཞིན་དུ་ ཞུ་ཡིག་བཙུགས་མི་ ཚོང་པ་ལ་ལུ་ཅིག་ལུ་ གནང་བ་བྱིན་ཚར་ཏེ་ཡོད་ཟེར་ པདྨ་བཀྲིས་ཀྱིས་ སླབ་ཨིན་པས།
ཝམ་རོང་ལུ་ འབྲུག་གོང་འཕེལ་དངུལ་ཁང་གི་ འཛིན་སྐྱོང་པ་གིས་ སླབ་མིའི་ནང་ ད་ལྟོ་ ཞུ་ཡིག་བཙུགས་མི་༡ ལུ་ དངུལ་ཀྲམ་ས་ཡ་༢ བསྐྱིན་འགྲུལ་བྱིན་ཡི་ཟེར་ཨིན་པས།
བསྐྱིན་འགྲུལ་དེ་ཡང་ བཟོ་སྐྲུན་གྱི་གོང་ཚད་ལས་ བརྒྱ་༦༠ བྱིན་ཡོད་པའི་ལྷག་ལུས་ བརྒྱ་༤༠ ཁྱིམ་གྱི་ཇོ་བདག་ཚུ་ ཁོང་ར་གིས་ བཏོན་དགོཔ་ཨིནམ་ད་ དངུལ་ཁང་གིས་ གནས་སྟངས་འདི་ འགྲུབ་ནིའི་དོན་ལུ་ སྒྲིང་ཁྱིམ་གྱི་ ཐོག་ཚད་༡ བསྒྲུབས་ཚར་མི་རྐྱངམ་གཅིག་ལུ་ བསྐྱིན་འགྲུལ་གྱི་ གནང་བ་བྱིན་ཡི་ཟེར་ཨིན་པས།
ཝམ་རོང་དྲུང་པ་ ཡེ་ཤེས་རང་རིག་རྡོ་རྗེ་གིས་ སླབ་མིའི་ནང་ ད་རེས་ དངུལ་ཁང་གིས་ འདི་བཟུམ་མའི་ བསྐྱིན་འགྲུལ་བྱིན་མི་དེ་ ད་ལྟོ་ཚུན་ བསྐྱིན་འགྲུལ་མ་ཐོབ་པར་ ལཱ་ཁག་རྐྱབ་མི་ མེ་རྐྱེན་གྱིས་ ཉམས་རྒུད་བྱུང་མི་ཚུ་ལུ་ གནས་ཚུལ་ལེགས་ཤོམ་ཅིག་ཨིནམ་ད་ བཟོ་སྐྲུན་འབད་ནིའི་ཐད་ལུ་ དཀའ་ངལ་སྦོམ་ཅིག་ མི་མཐོངམ་མས་ཟེར་ཨིན་པས།
ཝམ་རོང་གི་ཚོང་པ་ ལྷ་མོ་གཡུ་སྒྲོན་ཚེ་རིང་གིས་ སླབ་མིའི་ནང་ བསྐྱིན་འགྲུལ་བྱིན་ནིའི་ གནས་ཚུལ་གོཝ་ད་ ཁ་རྗེ་བཟང་ཡི་ཟེར་ཨིནམ་ད་ ད་ལྟོ་ཚུན་ བསྐྱིན་འགྲུལ་ཞུ་ནིའི་དོན་ལུ་ དངུལ་འབྲེལ་ལས་ཁང་ཚུ་ ཆ་མཉམ་ནང་ སོང་ཡོདཔ་མ་ཚད་ ནང་སྲིད་བློན་པོ་གིས་གཙོས་པའི་ བཙག་འཐུ་ལས་གྲུབ་མི་ འགོ་ཁྲིདཔ་ཚུ་ལུ་ཡང་ རྒྱབ་སྐྱོར་འབད་དགོ་པའི་ ཞུ་བ་འབད་དེ་ དཀའཝ་སྤྱད་ཡི་ཟེར་ཨིན་པས།
ཚོང་པ་ཚུ་གིས་ སླབ་མིའི་ནང་ ད་རེས་ ཁྱིམ་བཟོའི་བསྐྱིན་འགྲུལ་དེ་ དུས་ཚོད་ཁར་ ཐོབ་ཚུགས་ནི་དེ་གིས་ སེམས་དགའ་ཡི་ཟེར་ཨིནམ་ད་ དེ་མིན་པ་ཅིན་ ཕྱི་ཁའི་ལས་མི་ཚུ་ཡང་ གླ་ཆ་སྤྲོད་ནི་མེད་པའི་བསྒང་ལས་ ལཱ་ཚུ་བཤོལ་བཞག་སྟེ་ བྱ་ཐབས་མེད་པར་ ལོག་གཏང་དགོ་པའི་ དུམ་ཁ་ལུ་ཐུག་ཡི་ཟེར་ ཨིན་པའི་གནས་ཚུལ།


རྩོམ་འབྲི་ལས་བྱེདཔ།

No comments:

Post a Comment