གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་བུམོ་ཅིག་གིས་ རང་སྲོག་བཅད་ཡོདཔ།

༩/༡༡/༢༠༡༢   ༉ སྤྱི་ཟླ་༡༡ པའི་ཚེས་༦ གི་དྲོ་པ་ སྤུ་ན་ཁ་རྫོང་ཁག་ འཕྲིན་ལས་སྒང་ལུ་ཡོད་པའི་ བདེ་ཆེན་རྩེ་མོ་འབྲིང་རིམ་སློབ་གྲྭ་བར་མའི་ སློབ་ཕྲུག་བུམོ་ སྐྱེས་ལོ་༡༥ འབད་མི་ཅིག་གིས་ རང་སྲོག་བཅད་ཡོདཔ་ཨིན་པས།


ཁྲིམས་སྲུང་འགག་པ་གིས་ ཞིབ་དཔྱད་འབད་བའི་སྐབས་ སློབ་ཕྲུག་དེ་གིས་ རང་སྲོག་བཅད་དེ་ཤི་ཡོདཔ་ ངེས་བདེན་ཨིན་པའི་ མངོན་གསལ་བྱུང་ཡོདཔ་ད་ ཁྲིམས་སྲུང་འགག་པའི་འགོ་དཔོན་ཅིག་གིས་ སླབ་མིའི་ནང་ བུམོ་དེ་གི་གཟུགས་ཁར་ བརྡུང་རྫོབ་འབད་བའི་ རྟགས་མཚན་ཚུ་ ག་ཅི་ཡང་ མ་མཐོང་ཟེར་ཨིན་པས།
ཚེ་འདས་སློབ་ཕྲུག་དེ་ དབང་འདུས་ཕོ་བྲང་ གང་སྟོད་ཐང་ཁ་ལས་ཨིནམ་ད་ དེ་ཚེ་ཕྱི་རུ་ མོ་རའི་ཆ་རོགས་༡ དང་གཅིག་ཁར་ ཉལ་ཁང་ནང་ ཆང་གིས་འགྲངས་ཏེ་ ཉལ་སྡོད་ས་མཐོང་མི་དང་འཁྲིལ་ བུམོ་བདག་འཛིན་འབད་མི་ སྡེ་འཛིན་གྱིས་ དབུ་འཛིན་ལུ་སྙན་ཞུ་ འབད་ཡོདཔ་ཨིན་པས།
དེ་དང་འཁྲིལ་ དབྱེ་ཞིབ་འབད་བར་སོང་བའི་སྐབས་ ཉལ་ཁང་དེ་ནང་ ཆང་དྲིམ་གྱིས་གང་ནུག་ཟེར་ སློབ་གྲྭའི་དབུ་འཛིན་ ཀུན་ལེགས་ཀྱིས་སླབ་ཡོདཔ་ད་ བུམོ་དེ་༢ ཉལ་ཁྲི་གུ་ལས་ རྦོབ་རིལ་ནི་མས་མནོ་སྟེ་ ས་ཁར་ཉལ་བཅུག་ཅི་ཟེར་ཨིན་པས།
དེ་བསྒང་ བུམོ་བདག་འཛིན་འཐབ་མི་ སྡེ་འཛིན་གྱིས་ ཚེ་འདས་དེ་དང་ མོ་གི་ཆ་རོགས་ལུ་ འཁརཝ་གིས དུམ་གྲ་རེ་དྲང་པའི་ཁར་ དེ་ཚེ་ནུབ་མོ་ གནང་བ་མེད་པར་ ཁྲོམ་ཁར་སོང་མི་ བུམོ་སྡེ་ཚན་ཅིག་ཡང་ དྲང་ཡོདཔ་ཨིན་པས།
དེ་ལས་ དྲོ་པ་ སློབ་གྲྭ་འཕྱག་བརྡར་རྐྱབ་ནིའི་ དུས་ཚོད་ལུ་ བུམོ་བདག་འཛིན་འབད་མི་ སྡེ་འཛིན་གྱིས་ ཚེ་འདས་དང་ མོ་གི་ཆ་རོགས་༢ འབོ་སྟེ་ ཕམ་གྱི་འགྲུལ་འཕྲུལ་མོ་བཱ་ཡེལ་གྱི་ ཨང་གྲངས་ལེན་ཐོག་ལས་ འགྲུལ་འཕྲུལ་བཏང་སྡོད་པའི་སྐབས་ ཚེ་འདས་དེ་ གར་སོང་མེདཔ་ བྱང་དཔ་ཨིན་པས།
དེ་འཕྲོ་ལས་ སློབ་དཔོན་དང་ སློབ་ཕྲུག་ཚུ་ སྡེ་ཚན་བཟོ་སྟེ་ འཚོལ་ནི་འགོ་བཙུགས་མི་དང་འཁྲིལ་ ཉི་མའི་ལྟོ་བཟའ་ཚར་བའི་ཤུལ་ལུ་རྐྱངམ་གཅིག་ ཚེ་འདས་དེ་གིས་ རང་སྲོག་བཅད་ཡོདཔ་སྦེ་ མཐོང་ཡི་ཟེར་ དབུ་འཛིན་གྱིས་སླབ་ཅི།
དབུ་འཛིན་གྱིས་འབད་བ་ཅིན་ བུམོ་༢ ལུ་ དུམ་གྲ་རེ་དྲང་མི་དེ་ཡང་ ལེགས་བཅོས་འབད་ནིའི་དོན་ལུ་ ཨིན་ཟེར་ཨིནམ་ད་ དྲང་མིའི་སྐོར་ལས་ ཚེ་འདས་དེ་གི་ ཕམ་ལུ་ཡང་ འགྲུལ་འཕྲིན་ཐོག་ལས་ སྙན་ཞུ་འབད་ཡི་ཟེར་ཨིན་པས།
སློབ་ཕྲུག་བུམོ་ཅིག་གིས་ སླབ་མིའི་ནང་ ཚེ་འདས་དེ་ སློབ་གྲྭ་ནང་ལས་ ཁ་ཡར་ལྟ་སྟེ་ སྐར་མ་༡༥ ལྷགཔ་ཅིག་རྐང་ཐང་འགྱོ་དགོ་པའི་ས་ཁར་ ཤི་སྡོད་ནུག་ཟེར་ཨིན་པས།
དབུ་འཛིན་ཀུན་ལེགས་ཀྱིས་ སླབ་མིའི་ནང་ མོ་གིས་རང་སྲོག་བཅད་མི་དེ་ མོ་རའི་ཕམ་ལུ་ འདྲོག་ནི་དེ་གིས་ ཨིནམ་འོང་ནི་མས་ཟེར་ཨིནམ་ད་ ཨིན་རུང་ སློབ་ཕྲུག་ཚུ་གིས་ བྱ་ངན་ཚུ་འབདཝ་ད་ ཕམ་ལུ་སྙན་ཞུ་འབད་ནི་དེ་ སློབ་གྲྭའི་ལམ་ལུགས་ཨིན་ཟེར་ཨིན་པས།
དབུ་འཛིན་གྱིས་སླབ་མིའི་ནང་ མ་གཞི་ཚེ་འདས་དེ་ སློབ་གྲྭའི་སྒྲིག་ལུ་ གནས་མ་ཚུགས་མི་ཅིག་ཨིནམ་བཞིན་དུ་ མོ་གིས་ཚར་ཅིག་ སློབ་གྲྭའི་སློབ་ཕྲུག་བུཚ་ཅིག་དང་མཉམ་ ཨ་རོགས་དགའ་རོགས་བཟོ་མི་ལུ་བརྟེན་ ཕམ་འབོ་དགོཔ་ཐོན་ཡི་ཟེར་ཨིན་པས།
རྐྱེན་ངན་དེ་གི་སྐོར་ལས་ གོ་བའི་སྐབས་ མོ་གི་ཨའི་དེ་ དྲན་མེད་བརྒྱལ་ཡོདཔ་མ་ཚད་ སློབ་རིམ་༧ པའི་ནང་ལྷབ་མི་ མོ་རའི་ནོ་ཅུང་དེ་ཡང་ དྲན་མེད་བརྒྱལ་སོཔ་ལས་ འཕྲིན་ལས་སྒང་སྨན་ཁང་ཆུང་བ་ནང་ སྐྱེལ་དགོཔ་ཐོན་ནུག།
ཚེ་འདས་དེ་གི་ཨ་པ་དེ་ འཁོད་སྨད་ པར་མ་བཏུབ་ཐལ་མི་ཅིག་ཨིནམ་མ་ཚད་ མོ་རའི་ཨའི་གི་ རྐངམ་ཡ་ཅིག་ལུ་ ཐོ་ཕོག་སྟེ་ ལམ་ལེགས་ཤོམ་སྦེ་ འགྱོ་མ་ཚུགས་མི་ཅིག་ འབད་ནི་དེ་གིས་ མོ་ར་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ སྐྱིད་སྡུག་ཐོག་ལས་ དཔེ་ཆ་ལྷབ་མི་ཅིག་ཨིན་པས།
དེ་ལས་ ཚེ་འདས་དེ་དང་གཅིག་ཁར་ ཆང་འཐུང་མི་ བུམོ་ཆ་རོགས་དེ་གིས་ གནས་ཚུལ་དེ་གོཝ་ཅིག་ དྲན་མེད་བརྒྱལ་ཡོདཔ་ལས་ སྤུ་ན་ཁ་རྫོང་ཁག་སྨན་ཁང་ནང་ སྐྱེལ་བའི་ཤུལ་ལུ་ ཁ་ཙ་ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ སྐྱེལ་ཡོདཔ་ཨིན་པས།
སྤུ་ན་ཁ་སྨན་ཁང་གི་ ཌོག་ཊར་ཆོས་གྲགས་ཀྱིས་ སླབ་མིའི་ནང་ མ་གཞི་ བུམོ་དེ་གི་གནས་སྟངས་ ལེགས་ཤོམ་སྦེ་ར་ ཡོདཔ་ཨིན་རུང་ ཐིམ་ཕུ་སྨན་ཁང་ནང་ བཏང་དགོ་མི་དེ་ཡང་ སེམས་ཁམས་མཁས་མཆོག་ཚུ་དང་ ཕྱད་བཅུག་ནིའི་དོན་ལུ་ ཨིན་ཟེར་ཨིན་པའི་གནས་ཚུལ།


སྤུ་ན་ཁ་ལས་ བསྟན་འཛིན་རྣམ་རྒྱལ།

No comments:

Post a Comment