གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕགས་སི་མཁར་གྱི་དོན་ལུ་ མཐོང་གྲོལ་གསརཔ།







ཚེ་རིང་རྣམ་རྒྱལ།


༉ མོང་སྒར་ལྕགས་སི་མཁར་ ཨོ་རྒྱན་མདོ་སྔགས་བཤད་གྲུབ་ ཆོས་འཁོར་གླིང་དགོན་པའི་དོན་ལུ་ གུ་རུ་མཚན་བརྒྱད་ཀྱི་ མཐོང་གྲོལ་གསརཔ་བཞེངས་མི་དེ་ ཁ་ཙ་ སྒང་སྟེང་སྤྲུལ་སྐུ་མཆོག་གིས་ རབ་གནས་ཕུལ་ཡི།

མཐོ་ཚད་ཕིཊ་༣༨ དང་ རིང་ཚད་ཕིཊ་༣༢ འབད་མི་ མཐོང་གྲོལ་མཇལ་ནིའི་དོན་ལུ་ ལྕགས་སི་མཁར་དང་ ཐང་རོང་ སྔ་ཚང་ དེ་ལས་ ཤེལ་རི་མུ་ཧཱུང་རྒེད་འོག་༤ དང་ ཉེ་འདབས་ཀྱི་ ས་གནས་ཚུ་ལས་ དད་ཅན་མང་རབས་ཅིག་ འཛོམས་ཡོདཔ་ད་ མཐོང་གྲོལ་དེ་ རྒེད་འོག་ནང་ལས་ཨིན་མི་ སྦྱིན་བདག་སྡེ་ཚན་ཅིག་གིས་ ཟད་འགྲོ་དངུལ་ཀྲམ་ས་ཡ་༡ བཏང་ཐོག་ལས་ ཐིམ་ཕུ་ལུ་ བཞེངས་ཡོདཔ་ཨིན་པས།

སྒང་སྟེང་སྤྲུལ་སྐུ་མཆོག་གིས་ མཐོང་གྲོལ་མཇལ་ཁའི་མཇུག་ལུ་ དད་ཅན་ཚུ་ལུ་ ཚེ་དབང་གནང་ཡོདཔ་བཞིན་དུ་ སྤྲུལ་སྐུ་མཆོག་གིས་ མི་མང་ལུ་ རྒྱལ་ཁབ་ཀྱི་ ལྟ་བ་བཟང་པོ་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དམིགས་ཡུལ་འགྲུབ་ནི་ལུ་ གཅིག་གིས་གཅིག་ལུ་ཕན་པའི་ ལཱ་འབད་ཐངས་དང་ ཆང་སྤང་དགོ་པའི་སྐོར་ལས་གསུངས་ཡི།

འདས་པའི་ལོ་ངོ་བཅུ་ཕྲག་ལྷགཔ་ཅིག་གི་ཧེ་མར་ སྒང་སྟེང་སྤྲུལ་སྐུ་ལུ་ཕུལ་ཡོད་མི་ དགོན་པ་དེ་ནང་ དགེ་སློང་ཞལ་གྲངས་༥༠ དེ་ཅིག་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment