གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཇ་པཱན་གྱི་གཞུང་ཚབ་དང་ མཇལ་འཕྲད།




སྤྱི་ཟླ་༣ པའི་ཚེས་༧ ལུ་ རྒྱལ་ཡོངས་ཚོགས་ཁང་ནང་སྦེ་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ ཇ་པཱན་གྱི་གཞུང་ཚབ་ ཨ་ཀི་ཏ་ཀ་ སའེ་ཀི་དང་གཅིག་ཁར་ མཇལ་ཕྲད་གནང་ཡོདཔ།

ཉིནམ་༡ གི་རིང་ འབྲུག་ལུ་ ལྟ་སྐོར་ནང་འོང་མི་ གཞུང་ཚབ་ཀྱིས་ སླབ་མིའི་ནང་ འབྲུག་དང་ ཇ་པཱན་གྱི་མཐུན་ལམ་དེ་ དམིགས་བསལ་དུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་དང་ མི་དབང་རྒྱལ་བཙུན་རྣམ་༢ ཇ་པཱན་ལུ་ གཟིགས་སྐོར་གནང་པའི་ཤུལ་ལས་ རྩ་བརྟན་བཟོ་ཚུགས་ཅི་ཟེར་ཨིན་པས།

དབུ་ཁྲིད་༢ ཀྱིས་ ཇ་པཱན་དང་ འབྲུག་གི་བར་ན་ འབྲུག་གི་ མཁའ་འགྲུལ་ཞབས་ཏོག་ཚུ་ ཐད་ཀར་དུ་ འགོ་བཙུག་ནིའི་ འོས་འབབ་ཡོད་མེད་ཀྱི་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།

ཁ་ཙ་ རྒྱལ་ཁབ་ནང་ལས་ ལོག་སོང་མི་ གཞུང་ཚབ་ཀྱིས་ སླབ་མིའི་ནང་ འབྲུག་གི་གོང་འཕེལ་གནད་དོན་ཚུ་ནང་ ཇ་པཱན་གྱིས་ གྲོགས་རམ་འབད་ནིའི་ རེ་འདུན་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment