གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་ཚུ་ རྩི་ནག་བཏང་པའི་བསྒང་ཡོདཔ།

འཁོར་་མ་མེདཔ་ཐལ་མི་ཚུ་ཁར་ རྩི་ནག་བཏང་པའི་བསྒང་།




ཐིམ་ཕུ་ཁྲོམ་གྱི་ ས་ཁོངས་ནང་འཁོད་ལུ་ འཁོར་ལམ་ཀི་ལོ་མི་ཊར་༢༡༡ ཡོད་ས་ལས་ ཀི་ལོ་མི་ཊར་༦༠ དེ་ཅིག་ རྩི་ནག་གཏང་དགོ་པའི་ གནས་སྟངས་ལུ་ཐུག་ཡོདཔ་བཞིན་དུ་ ཀི་ལོ་མི་ཊར་༣ དེ་ཅིག་ ཧག་ཀ་ཧོག་ཀ་ཐོན་ནུག་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

འགོ་དཔོན་ཚུ་གིས་ སླབ་མིའི་ནང་ ཐིམ་ཕུ་ཁྲོམ་གྱི་ འཁོར་ལམ་བརྒྱ་ཆ་༣༠ དེ་ཅིག་ གནས་སྟངས་སྐྱོ་དྲགས་སྦེ་ ཡོདཔ་ཨིན་རུང་ འཁོར་ལམ་གྱི་དོན་ལུ་ འཆར་དངུལ་ ས་ཡ་༡༧ ལས་ མེད་ནི་དེ་གིས་ དུས་ཅི་ ཀི་ལོ་མི་ཊར་༦ དེ་ཅིག་མ་གཏོགས་ རྩི་ནག་གཏང་མི་ཚུགས་ནི་མས་ཟེར་ཨིན་པས།
རྩི་ནག་གཏང་ནི་ལཱ་དེ་ སྤྱི་ཟླ་དང་པའི་ཚེས་༡༧ ལས་ འགོ་བཙུགས་ཡོདཔ་ད་ སྤྱི་ཟླ་༣ པའི་ནང་ མཇུག་བསྡུ་ཚུགས་པའི་ རེ་བ་ཡོདཔ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ དང་པ་ར་ གནམ་གཤིས་ལུ་བརྟེན་ གནོད་སྐྱོན་སྦོམ་བྱུང་མི་ འཁོར་ལམ་ཚུ་ རྩི་ནག་གཏང་ནི་ཟེར་ཨིནམ་ད་ ད་ལྟོ་ བདེ་ཆེན་ཕོ་བྲང་ལུ་ འགྱོ་སའི་འཁོར་ལམ་དང་ བརྒྱ་འཁོར་ཚོད་བསྲེ་ཁྲོམ་གྱི་ རྒྱབ་ཁར་ཡོད་པའི་འཁོར་ལམ་ཚུ་ རྩི་ནག་བཏང་ཚར་བའི་ཁར་ ས་དམར་རྫིང་ཁ་དང་ དབྱངས་ཅན་ཕུག་སློབ་གྲྭ་ཆེ་བའི་ འཁོར་ལམ་ཚུ་ཡང་ ཉམས་བཅོས་འབད་བའི་བསྒང་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ གནམ་འབྱ་གི་དུས་ཚོད་ རྫོགས་ཞིནམ་ལས་ ལྕང་སྒང་ཁ་དང་ ལྕང་ལམ་ མཐོ་རི་ལམ་ དེ་ལས་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་འོག་ལུ་ཡོད་པའི་ འཁོར་ལམ་ཚུ་ཡང་ རྩི་ནག་གཏང་ནི་ཟེར་ཨིནམ་ད་ རྩི་ནག་གཏང་ནིའི་ འཕྲུལ་ཆས་ཚུ་ ལོག་བཟོ་སྐྲུན་གོང་འཕེལ་ལས་འཛིན་ལུ་ ཁག་འབག་གི་ གན་རྒྱ་དང་འཁྲིལ་ཏེ་ རྩིས་སྤྲོད་འབད་ནི་ཨིན་ཟེར་ཨིན་པས།
ཁྲོམ་སྡེའི་ བཟོ་རིག་འགོ་དཔོན་ཚུ་གིས་འབད་བ་ཅིན་ ཐིམ་ཁྲོམ་ནང་འཁོད་ཀྱི་ འཁོར་ལམ་ཚུ་ ལོག་རྩི་ནག་གཏང་མི་དང་ ཉམས་བཅོས་འབད་དགོ་མི་དེ་ གཙོ་བོ་ར་ ཆུ་གཡུར་ལེགས་ཤོམ་མེད་པའི་ཁར་ ཆུ་ལུད་འགྱོ་མི་ལུ་བརྟེན་ མེདཔ་ཐལཝ་མས་ཟེར་ཨིན་པས།
ཁྲོམ་གྱི་འཁོར་ལམ་དང་ ཆུ་གཡུར་ལས་ཁུངས་ཀྱི་ བཟོ་རིག་འགོ་དཔོན་ སངས་རྒྱས་དབང་འདུས་ཀྱིས་ སླབ་མིའི་ནང་ འཁོར་ལམ་ཉམས་བཅོས་འབད་མི་དེ་གིས་ ལོ་༥ དང་༦ དེ་ཅིག་ ཐུབ་དོ་ཡོདཔ་ཨིན་རུང་ ཆུ་གཡུར་ནང་ལས་ ཆུ་ལུད་པའི་དཀའ་ངལ་ལུ་བརྟེན་ ལོ་༣ དེ་ཅིག་ལས་ ལོག་ཉམས་བཅོས་འབད་དགོཔ་ ཐོནམ་མས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ སྒེར་མི་ཚུ་གིས་ འཁོར་ལམ་བཏོན་པའི་སྐབས་ ས་འོག་ལུ་ ཆུ་དུང་ཡོད་མེད་བལྟ་དགོ་པའི་ཁར་ སྒེར་གྱི་འཁོར་ལམ་མང་ཤོས་ར་ གནང་བ་མེད་པར་བཏོན་ནི་དེ་གིས་ འཁོར་ལམ་གྱི་ ཆུ་གཡུར་ཚུ་བསུབས་ཏེ་ ཡུདཔ་ཐེངས་ཅིག་ནང་ར་ ཉམས་ཆག་ཤོརཝ་མས་ཟེར་ཨིན་པས།
དཔེ་འབད་བ་ཅིན་ རྒྱལ་ཡོངས་དགོངས་ཞུ་དང་འཚོ་རྟེན་མ་དངུལ་ཁ་ཐུག་འགྱོ་སའི་ རབ་བརྟན་ལམ་ཁར་ ཆུ་ལུད་པའི་དཀའ་ངལ་ཐོན་ཏེ་ཡོད་ཟེར་ཨིནམ་ད་ དེ་ཡང་ ཆུ་དུང་ཚུ་ བསུབས་ཡོདཔ་ལས་ ཆུ་འཐོན་སའི་ ས་ཁོངས་ཆུང་དྲགས་ནི་དེ་གིས་ འཁོར་ལམ་བདའ་སྟེ་ ཆུ་ལུད་ནུག་ཟེར་ ཁོ་གིས་ སླབ་ཨིན་པས། 
དེ་འབདཝ་ལས་ ཆུ་གཡུར་བསུབས་མི་དེ་ ག་ར་ཨིན་རུང་ ལོག་ཉམས་བཅོས་འབད་བཅུག་ནི་ཨིནམ་ད་ ཡང་ཅིན་ འཐུས་བསྡུ་ནི་ཨིན་ཟེར་ཨིན་པས།
ན་ཧིང་ཡང་ ས་ཁོངས་དེ་ནང་ ཁྲིམས་དང་མ་འཁྲིལ་བར་ འཁོར་ལམ་བཏོན་མི་དེ་གིས་ ཆུ་གཡུར་བསུབས་ཡོདཔ་ལས་ འཁོར་ལམ་བདའ་སྟེ་ ཆུ་ལུད་འགྱོ་མི་དེ་གིས་ སྣུམ་འཁོར་ཚུ་ འགྱེལ་ཏ་རྐྱབ་པའི་ དཀའ་ངལ་བྱུང་ཡི་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment