གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འཆོལ་ནད་ཀྱི་སྨན་ཁབ་ མ་ལང་པར་ཡོདཔ།


གསར་སྤང་ བློ་མཐུན་ཨོམ་ཚོགས་པའི་ བོའུ་ཅུང་༢ ལུ་ འཆོལ་ནད་ཐོབ་པའི་ ངོས་འཛིན་བྱུང་བའི་ཤུལ་ལུ་ ཚོགས་པ་དེ་ལས་ ཨོམ་ཉོ་སྟེ་འཐུང་མི་ གསར་སྤང་གི་ མི་སེར་༡༥༤ དེ་ཅིག་གིས་ སྨན་ཁང་ནང་ བརྟག་དཔྱད་འབད་བར་ འོང་ཡོདཔ་ཨིན་པས།
དེ་གི་སྐོར་ལས་ སྒོ་ནོར་ཡིག་ཚང་གིས་ གསལ་བསྒྲགས་འབད་མིའི་ནང་ ཚོགས་པ་ལས་ ཨོམ་འཐུང་མི་ག་ར་ སྨན་ཁང་ནང་ བརྟག་དཔྱད་འབད་བར་འགྱོ་དགོཔ་སྦེ་ བཀོད་ཡོདཔ་ད་ འཆོལ་ནད་ཐོབ་མི་ བོའུ་ཅུང་ཚུ་ དར་རྒྱས་སྒང་ལས་ཨིན་པས།

གསར་སྤང་སྨན་ཁང་གི་ ཌོག་ཊར་ཀུན་ལེགས་དཔལ་འབྱོར་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ སྒོ་ནོར་ལས་ཁུངས་ནང་ལས་ གསལ་བསྒྲགས་ཀྱི་ ཡི་གུ་ཐོབ་པའི་ཤུལ་ལུ་ དར་རྒྱས་སྒང་གཡུས་ཚན་ནང་ལས་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ མི་༩ སྨན་ཁང་ནང་ གསོ་བའི་བརྟག་དཔྱད་འབད་བར་ ལྷོད་ཅི་ཟེར་ཨིན་པས།
ཁོ་གིས་ སླབ་མིའི་ནང་ སྨན་ཁང་ནང་ མི་༩ འོང་ས་ལས་ ཨོམ་མ་བསྐོལ་བར་འཐུང་མི་༣ ལུ་ འཆོལ་ནད་བཀག་ཐབས་ཀྱི་ སྨན་ཁབ་བཙུགས་ཅི་ཟེར་ཨིནམ་ད་ གཞན་ཚུ་གིས་ ཨོམ་བསྐོལ་ཏེ་ འཐུང་ཡོདཔ་ཨིན་པས།
གསར་སྤང་སྨན་ཁང་ནང་ ད་ལྟོ་ འཆོལ་ནད་བཀག་ཐབས་ཀྱི་སྨན་ཁབ་༡༥ ལས་མེདཔ་ལས་ དེ་གིས་ མི་༣ ལུ་མ་གཏོགས་ མི་ལང་ནི་དང་ དེ་ཡང་ མི་རེ་ལུ་ སྨན་ཁབ་༥ རེ་ རྐྱབ་དགོ་མི་ལུ་བརྟེན་ཏེ་ཨིན་པས།
ཌོག་ཊར་གྱིས་འབད་བ་ཅིན་ ད་ལས་ཕར་ཡང་ མི་སེར་ལེ་ཤ་ཅིག་གིས་ སྨན་ཁང་ནང་ བརྟག་དཔྱད་འབད་བར་འོང་ནི་ལུ་ རེ་བ་བསྐྱེད་དོ་ཟེར་ཨིན་པས།
ད་རེས་ཀྱི་གནས་སྟངས་དང་འཁྲིལཝ་ད་ སྨན་ཁང་ནང་ འཆོལ་ནད་ཀྱི་སྨན་ཁབ་༡,༥༠༠ དེ་ཅིག་ དགོཔ་ཡོདཔ་བཞིན་དུ་ ད་ལྟོ་ ཐིམ་ཕུ་སྨན་ཁང་ནང་ལས་ མཁོ་མངགས་འབད་དེ་ཡོདཔ་ད་ གནས་སྐབས་ཅིག་གི་དོན་ལུ་ ཁ་ཉིནམ་ དགེ་ལེགས་ཕུག་སྨན་ཁང་ནང་ལས་ སྨན་ཁབ་༡༠༠ ལེན་ཡོདཔ་ཨིན་པས།
ཚོགས་པའི་འཐུས་མི་ སཱན་ བྷ་དུར་གྱིས་ བཤད་མི་དང་འཁྲིལཝ་ད་ བོའུ་ཅུང་ཚུ་ ཉིནམ་༣ དེ་ཅིག་གི་རིང་ ན་མི་ལུ་བརྟེན་ ཇོ་བདག་གིས་ རྒེད་འོག་གི་ སྒོ་ནོར་འགོ་དཔོན་འབོ་སྟེ་ བརྟག་དཔྱད་འབད་བའི་སྐབས་ ངོས་འཛིན་འབད་ནུག་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཚོགས་པ་གིས་ གསར་སྤང་དང་ གསར་སྤང་ཊཱར་ དེ་ལས་ རྫོང་ཁག་གི་ ཉེ་འདབས་གཡུས་ཚན་ཚུ་ནང་ ཨོམ་བཀྲམ་སྤེལ་འབད་ནི་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།


No comments:

Post a Comment