གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བསྒྱུར་བཅོས་ཀྱི་ གྲོས་འཆར་བཙུགས་མི་ལུ་བརྟེན་ ལཱ་འགོ་བཙུག་ནི་ལུ་ཡུན་འགྱངས།


སྡེན་སི་ཕར་ཁའི་གཡུས་ཚན་།
ད་ལྟོ་ མ་དངུལ་དང་ འཆར་གཞིའི་བཟོ་བཀོད་ཚུ་ གྲ་སྒྲིག་ཡོདཔ་ལས་ གྲོས་འཆར་ཆ་འཇོག་འགྲུབ་ཅིག་ དེ་འཕྲོ་ལས་ ལཱ་འགོ་བཙུག་ཆོག་ཆོ་ཡོད་ཟེར་ ཐིམ་ཕུ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
བསམ་གཏན་ཡེ་ཤེས།
༉ ཐིམ་ཕུ་ཁྲོམ་ལས་ ཀི་ལོ་མི་ཊར་༥ དེ་ཅིག་ལུ་ ལྕང་རྒེད་འོག་གི་ས་གནས་ སྡེཔ་སི་གི་ ས་གནས་གོང་འཕེལ་འཆར་གཞི་ཚུ་ བཟོ་ཚར་ཡོདཔ་མ་ཚད་ ནང་འཁོད་ཀྱི་ སྣུམ་འཁོར་གྱི་ལམ་དང་ འཐུང་ཆུ་བཀྲམ་སྤེལ་གྱི་དོན་ལུ་ མ་དངུལ་ཚུ་ཡང་ གྲ་སྒྲིག་འབད་བཞག་ཡོདཔ་ཨིན་རུང་ ས་གནས་ཀྱི་ སའི་ཇོ་བདག་ཚུ་གིས་ བསྒྱུར་བཅོས་ཀྱི་ གྲོས་འཆར་བཙུགས་མི་ལུ་བརྟེན་ ད་ལྟོ་ ལཱ་འགོ་བཙུག་ནི་ལུ་ བསྣར་འགྱངས་ལུས་ཏེ་ ཡོདཔ་ཨིན་པས།

དེ་ཡང་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ སའི་ཇོ་བདག་ཚུ་དང་གཅིག་ཁར་ ཐིམ་ཕུ་རྫོང་ཁག་གིས་ འཆར་གཞི་ཆ་འཇོག་འབད་ནིའི་དོན་ལུ་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ སའི་ཇོ་བདག་ཚུ་གིས་ ཆ་གནས་འབད་ཡོདཔ་ཨིན་རུང་ བསྒྱུར་བཅོས་ཀྱི་ གྲོས་འཆར་ཚུ་ཡང་ འཁོད་ཡོད་ནི་དེ་གིས་ ལཱ་འགོ་བཙུག་མ་ཚུགས་པར་ ཡོདཔ་ཨིན་པས།
དེ་དང་གཅིག་ཁར་ ས་ཆའི་རྒྱ་ཚད་ ཉུང་མཐའ་གི་ཚད་གཞི་དང་ ཁྱིམ་གྱི་ཐོག་ཚད་ དེ་ལས་ སྣུམ་འཁོར་ལམ་གྱི་ རྒྱ་ཚད་ཚུ་ བསྒྱུར་བཅོས་གནང་དགོ་པའི་ གྲོས་འཆར་བཀོད་མི་ཚུ་ཡང་ ཆ་འཇོག་འབད་དགོཔ་ཨིན་པས།
བསྒྱུར་བཅོས་འབད་ནི་ཨིན་མི་ཚུ་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་གཞིས་ཆགས་ཚོགས་ཆུང་གིས་ དབྱེ་ཞིབ་ཐོག་ ཆ་འཇོག་གི་ ངོས་ལེན་མ་བྱུང་ཚུན་ཚོད་ འཆར་གཞིའི་ལཱ་དང་ བཟོ་སྐྲུན་ཚུ་ འགོ་བཙུག་མི་ཚུགས་ནི་ཨིན་རུང་ མ་དངུལ་དང་ འཆར་གཞིའི་ བཟོ་བཀོད་ཚུ་ གྲ་སྒྲིག་ཡོདཔ་ལས་ ཆ་འཇོག་འགྲུབ་ཅིག་ དེ་འཕྲོ་ལས་ ལཱ་འགོ་བཙུག་ཆོག་ཆོ་ཡོད་ཟེར་ ཐིམ་ཕུ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་གྱིས་ སླབ་ཨིན་པས།
ན་ཧིང་ ཞལ་འཛོམས་འཚོགས་པའི་སྐབས་ ཐིམ་ཕུ་རྫོང་བདག་གིས་ སའི་ཇོ་བདག་ཚུ་ལུ་ འཆར་གཞི་དེ་ འཕྲལ་མགྱོགས་ར་ ལག་ལེན་འཐབ་མ་ཚུགས་པ་ཅིན་ མ་དངུལ་ཡོད་མི་དེ་ ལོག་གཞུང་ལུ་ འགྱོ་ནི་གི་ཉེན་ཁ་ཡོད་ཟེར་ སླབ་ཡོདཔ་ཨིན་པས།
ས་གནས་གོང་འཕེལ་གྱི་ འཆར་གཞི་དང་འབྲེལ་བའི་ སྣུམ་འཁོར་ལམ་དང་ འཐུང་ཆུའི་ལཱ་ཚུ་ འཆར་གཞི་༡༠ པའི་ནང་ར་ ཚར་དགོཔ་ཨིནམ་ལས་ དུས་ཅི་ ངེས་པར་དུ་ འགོ་བཙུག་དགོཔ་ཨིནམ་ད་ གལ་སྲིད་ མཇུག་བསྡུ་མ་ཚུགས་པ་ཅིན་ འཆར་གཞི་༡༠ པའི་ལས་འགུལ་ ལྷག་ལུས་ཀྱི་གྲས་ཁར་ ཤུལ་མའི་ འཆར་ལོ་ནང་ འཕྲོ་འཐུད་འབད་ནི་འོང་ཟེར་ ཐིམ་ཕུ་རྫོང་ཁག་གི་ བཟོ་རིག་འགོ་དཔོན་ ཀརྨ་རྒྱ་མཚོ་གིས་ སླབ་ཨིན་པས།
བཟོ་རིག་འགོ་དཔོན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ སྣུམ་འཁོར་ལམ་གྱི་ བཟོ་སྐྲུན་ཐད་ཁར་ དཀའ་ངལ་མེད་རུང་ སྡེཔ་སི་གི་དོན་ལུ་ འོས་འབབ་ལྡན་པའི་ ཆུ་རྐ་མེད་ནི་དེ་གིས་ ཝང་ཆུ་ལས་ ཁ་ཡར་བལྟ་འཐེན་ཞིནམ་ལས་ བཀྲམ་སྤེལ་འབད་ནི་གི་ ལས་རིམ་ཡོདཔ་ལས་ ལཱ་འགོ་བཙུག་ནི་ ཕྱིས་སོ་པ་ཅིན་ འཆར་ལོ་འདི་ནང་ མཇུག་བསྡུ་མ་ཚུགས་པའི་ ཉེན་ཁ་ཡོད་ཟེར་ཨིན་པས། 
སའི་ཇོ་བདག་ཚུ་གིས་ བསྒྱུར་བཅོས་ཀྱི་ གྲོས་འཆར་བཀོད་མི་དེ་ཡང་ འཆར་གཞི་དང་འཁྲིལ་བ་ཅིན་ ཁྲམ་རང་དབང་གི་ ས་ཆ་ཚུ་ ཉུང་མཐའ་ཌིསི་༢༤ རེ་ དགོཔ་ཨིན་རུང་ ཚད་གཞི་དེ་ དྲག་པས་ཟེར་ཨིནམ་ད་ དེ་ཡང་ ས་ཆ་ཉོ་བཙོང་དང་ སྐལཝ་བགོ་བཤའ་ཚུ་འབད་བའི་སྐབས་ རྒྱ་སྟབས་མ་བདེཝ་ཐོན་འོང་ཟེར་སླབ་སྟེ་ ཁྲམ་རང་དབང་གི་ས་ཆ་ལུ་ ཉུང་མཐའ་ཌིསི་༡༥ གིས་བཏུབ་སྦེ་ གྲོས་གཞི་བཙུགས་སྟེ་ བསྒྱུར་བཅོས་འབད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ འཆར་གཞི་དང་འཁྲིལཝ་ད་ ས་གནས་དེ་ནང་ མི་རློབས་ཉུང་སུ་དང་ གོ་ཡངས་དྲགས་སྦོ་ བཞག་ཐབས་ལུ་དམིགས་སྟེ་ སྒྲིང་ཁྱིམ་ཚུ་ཡང་ ཐོག་ཚད་༢ ལས་ རྐྱབ་མ་ཆོགཔ་སྦེ་ བཟོ་མི་དེ་ལུ་ ས་གནས་ཀྱི་ མི་ཚུ་གིས་མ་བཏུབ་སྦེ་ ཁྱིམ་ཐོག་ཚད་༣ རྐྱབ་ཆོགཔ་སྦེ་ བཞག་དགོ་པའི་ གྲོས་གཞི་བཙུགས་ཡོདཔ་ཨིན་པས།
གཞན་ཡང་ སྣུམ་འཁོར་ལམ་ གཙོ་ཅན་དེ་ རྒྱ་ཚད་མི་ཊར་༡༠ དང་ དེ་ལས་ སྦྲེལ་འཐུད་ལམ་ཚུ་ རྒྱ་ཚད་མི་ཊར་༨ ཀྱི་ཐོག་ལུ་ བཟོ་སྐྲུན་འབད་ནིའི་ འཆར་གཞི་ཡོདཔ་ཨིན་རུང་ ཇོ་བདག་ལ་ལུ་གིས་ ཚད་གཞི་དེ་ སྦོམ་སུ་ཅིག་ཨིན་མས་ཟེར་ སླབ་མི་དེ་ལུ་ འགོ་དཔོན་ཚུ་གིས་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་བལྟ་ཞིབ་འབད་འོང་ཟེར་ སླབ་ཡོདཔ་ད་ ཨིན་རུང་ ས་གནས་གོང་འཕེལ་གྱི་ འཆར་གཞི་འགོ་དཔོན་ཅིག་གིས་འབད་བ་ཅིན་ འཁོར་ལམ་གྱི་ཚད་གཞི་དེ་ལུ་ བསྒྱུར་བཅོས་འབད་ནི་གི་ འོས་འབབ་མེད་ཟེར་ སླབ་ཨིན་པས།
དེ་ཡང་ གཙོ་བོ་ར་ འཁོར་ལམ་གྱི་རྒྱ་ཚད་དེ་ སྤྱིར་སྙོམས་ཀྱི་ ཚད་གཞི་དང་འཁྲིལ་དགོཔ་ལས་ བསྒྱུར་བཅོས་འབད་ཐབས་མེད་ཟེར་ཨིནམ་ད་ ཨིན་རུང་ བསྒྱུར་བཅོས་གཞན་མི་ཚུའི་ཐད་ཁར་ ཞབས་ཏོག་ལྷན་ཁག་དང་ རྒྱལ་ཡོངས་མི་སྡེ་གཞིས་ཆགས་ཚོགས་ཆུང་གིས་ བལྟ་ཞིབ་འབད་ཞིནམ་ལས་ ཆ་འཇོག་འབད་ནི་ ཨིན་པའི་གནས་ཚུལ།

No comments:

Post a Comment