གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མི་དབང་རྒྱལ་བཙུན་མཆོག་གིས་ ཆུ་ཁ་རྫོང་སྒོ་འབྱེད་གནང་ཡོདཔ།


སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཆུ་ཁ་རྫོང་གསར་བསྒྲུབས་ཀྱི་ 
བཀྲིས་རབ་གནས་གནང་པའི་བསྒང་།
རིག་འཛིན་དབང་ཕྱུག།

༉ ཁ་ཙ་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ ཆུ་ཁ་རྫོང་གསར་བསྒྲུབས་ཀྱི་ བཀྲིས་རབ་གནས་མཛད་གནང་ཡོདཔ་བཞིན་དུ་ རྟེན་འབྲེལ་དེ་ནང་ མི་དབང་རྒྱལ་བཙུན་རྗེ་བཙུན་པདྨ་དབང་ཕྱུག་མཆོག་དང་ བློན་ཆེན་འཇིགས་མེད་འོད་ཟེར་འཕྲིན་ལས་ དེ་ལས་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་ བྱོན་གནང་ཡོདཔ་མ་ཚད་ ཆུ་ཁ་རྫོང་ཁག་གི་ མི་སེར་དང་ སློབ་ཕྲུག་ཚུ་གིས་ཡང་ བཅའ་མར་གཏོགས་ཡོདཔ་ཨིན་པས།
དེ་མ་ཚད་ མི་དབང་རྒྱལ་བཙུན་མཆོག་གིས་ ཆུ་ཁ་རྫོང་གི་ བཀྲིས་རབ་གནས་ཀྱི་ དྲན་བྱང་དེ་ཡང་ སྒོ་འབྱེད་གནང་ནུག།
མ་དངུལ་ས་ཡ་༢༥༩ དེ་ཅིག་གི་ཐོག་ལས་ རང་ལུགས་ཀྱི་ བཟོ་བཀོད་དང་ལྡནམ་སྦེ་ དཔེ་སྟོན་རྫོང་གཞིས་སྦེ་བཞེངས་མི་ ཆུ་ཁ་རྫོང་དེ་ རྫོང་ཁག་བདག་སྐྱོང་དང་ ལས་སྡེ་ཁག་སོ་སོའི་ཡིག་ཚང་ དེ་ལས་ རབ་སྡེ་གྲྭ་ཚང་གི་དོན་ལུ་ ལག་ལེན་འཐབ་ནི་ཨིན་པས།
མ་གཞི་ རྫོང་གསར་བཞེངས་ཀྱི་ལཱ་དེ་ སྤྱི་ལོ་༢༠༠༢ ཟླཝ་༡༢ པའི་ཚོས་༢༠ ལུ་ མ་དངུལ་ས་ཡ་༡༤༢ ལྷགཔ་ཅིག་གི་ཐོག་ལས་ འགོ་བཙུགས་ཡོདཔ་ཨིན་རུང་ རྫོང་བཞེངས་སའི་ས་གོ་དེ་ བརྟན་ཏོག་ཏོ་མེད་པའི་ཁར་ མ་དངུལ་སྒེར་སྤྱོད་འབད་བའི་ རྩོད་རྙོགས་ཐོན་མི་ལུ་བརྟེན་ གཞུང་གིས་ སྤྱི་ལོ་༢༠༠༤ ཟླཝ༡ པའི་ནང་ བཟོ་སྐྲུན་གྱི་ལཱ་ཚུ་ མཚམས་འཇོག་འབད་ཞིནམ་ལས་ ས་ཁོངས་གཞན་ཅིག་ནང་ སྤོ་བཤུད་འབད་དེ་ བཞེངས་དགོ་པའི་ གྲོས་ཐག་བཅད་ནུག།
དེ་འབདཝ་ད་ རྫོང་གཞིས་བཞེངས་ནི་གི་ ས་ཁོངས་གཞན་ བརྟག་ཞིབ་འབད་ཡོད་རུང་ སྔར་གྱི་ས་ཁོངས་བ་དྲག་པའི་ ས་ཁོངས་གཞན་ཅིག་ འཚོལ་མ་ཐོབ་པ་ལུ་བརྟེན་ སྤྱི་ལོ་༢༠༠༦ ལས་ ལོག་སྟེ་ར་ ས་ཁོངས་དེ་ནང་བཞེངས་ནི་ འགོ་བཙུགས་ཡོདཔ་ལས་ དུས་ཡུན་ལོ་ངོ་༥ འགོར་ཡོདཔ་མ་ཚད་ ཟད་འགྲོ་ཡང་ ལོག་ལྟབ་ཡར་སེང་སོང་ཡོདཔ་ཨིན་པས།
ཆུ་རྫོང་གསར་བཞེངས་ལས་འགུལ་གྱི་ འཛིན་སྐྱོང་པ་ ཀུན་ལེགས་དབང་ཕྱུག་གིས་ སླབ་མིའི་ནང་ རྫོང་གསར་བཞེངས་ཀྱི་དོན་ལུ་ གཞུང་ལས་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༢༨༠.༦༧༩ འཛིན་གྲོལ་འབད་མི་ལས་ དངུལ་ཀྲམ་ས་ཡ་༢༥༩ དེ་ཅིག་ ཟད་འགྲོ་བཏང་ཡོདཔ་ཨིན་རུང་ ལྷག་ལུས་ཀྱི་ ཟད་རྩིས་བཏོན་པའི་བསྒང་ཡོད་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment