གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་མ་ལང་པའི་དཀའ་ངལ་ སེལ་བའི་བསྒང་ཡོདཔ།

བསམ་གཏན་ཡེ་ཤེས།


༉ ཁ་ཙ་ དངུལ་རྩིས་བློན་པོ་ དབང་འདུས་ནོར་བུ་དང་ དངུལ་རྩིས་ལྷན་ཁག་གི་དྲུང་ཆེན་ བླམ་རྡོ་རྗེ་གིས་ བརྡ་བརྒྱུད་ཚུ་ལུ་ གསལ་བཤད་འབད་མིའི་ནང་ རྒྱལ་ཁབ་ནང་ རྒྱ་གར་གྱི་ཏི་རུ་ རུ་པི་མ་ལང་པའི་ དཀའ་ངལ་བསལ་ནིའི་དོན་ལུ་ ཐབས་ཤེས་ཚུ་ བཏོན་པའི་བསྒང་ཡོད་ཟེར་ཨིན་པས།
བློན་ཆེན་འཛིགས་མེད་འོད་ཟེར་འཕྲིན་ལས་མཆོག་གིས་ བཀའ་རྒྱ་གནང་མི་དང་འཁྲིལ་ཏེ་ ལྷན་ཁག་གིས་ རུ་པི་མ་ལང་པའི་ ཞིབ་དཔྱད་འབད་ནིའི་དོན་ལུ་ ལས་བྱེད་ཚོགས་ཆུང་ཅིག་ གཞི་བཙུགས་འབད་དེ་ སྙན་ཞུ་ཚུ་ཡང་ ལྷན་རྒྱས་གཞུང་ཚོགས་ལུ་ ཕུལ་ཡོདཔ་ལས་ གཟིགས་ཞིབ་གནང་པའི་བསྒང་ ཡོད་ཟེར་ཨིན་པས།


སྙན་ཞུ་དང་འཁྲིལཝ་ད་ རུ་པའི་མ་ལང་པའི་ གནད་དོན་གཙོ་བོ་ར་ དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་འབོལ་དྲགས་འབད་ བྱིན་མི་ལུ་བརྟེན་ ཨིན་མས་ཟེར་ཨིན་པས།
དངུལ་རྩིས་ལྷན་ཁག་གི་ དྲུང་ཆེན་གྱིས་ སླབ་མིའི་ནང་ དངུལ་ཁང་ཚུ་གིས་ སྤྱི་ལོ་༢༠༡༠ ལུ་ སྐྱིན་འགྲུལ་དངུལ་ཀྲམ་དུང་ཕྱུར་༣༦ བྱིན་མི་དང་ཕྱདཔ་ད་ སྤྱི་ལོ་༢༠༡༡ ལུ་ སྐྱིན་འགྲུལ་དངུལ་ཀྲམ་དུང་ཕྱུར་༤༨ བྱིན་ཡོདཔ་ལས་ ནང་འདྲེན་ཡར་སེང་སོང་ནུག་ཟེར་ཨིན་པས།
དངུལ་རྩིས་བློན་པོ་གིས་ གསུངས་མིའི་ནང་ ལས་བྱེད་ཚོགས་ཆུང་གིས་ བསྡུ་ལེན་འབད་མི་ སྙན་ཞུ་དང་འཁྲིལཝ་ད་ དངུལ་ཁང་ཚུ་གི་སྐྱིན་འགྲུལ་དེ་ ལོ་བསྟར་བཞིན་དུ་ བརྒྱ་ཆ་༣༠ ཡར་སེང་སོང་ཡོད་པའི་ མངོན་གསལ་བྱུང་ཡི་ཟེར་ཨིན་པས།
དཀའ་ངལ་སེལ་ཐབས་ལུ་ གཙོ་བོ་ར་ ནང་འདྲེན་མར་ཕབ་རྐྱབ་དགོཔ་ལས་ དེ་གི་དོན་ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཀའ་རྒྱ་བཏོན་ཏེ་ སྐྱིན་འགྲུལ་ཚད་འཛིན་འབད་དོ་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་གཞུང་ལས་ རུ་པིའི་སྐྱིན་འགྲུལ་ ལེན་ནི་གི་ཚད་གཞི་དེ་ རུ་པི་དུང་ཕྱུར་༣ ལས་ རུ་པི་དུང་ཕྱུར་༦ ལུ་ ཡར་སེང་འབད་དགོ་པའི་ གྲོས་འཆར་བཙུགས་མི་དེ་ལུ་ རྒྱ་གར་གཞུང་གིས་ཡང་ ཁ་བཟེད་ཡི་ཟེར་ཨིན་པས།
ད་རུང་ ལྷོ་ཨེ་ཤི་ཡ་ལུང་ཕྱོགས་ཀྱི་ འཐུས་མི་རྒྱལ་ཁབ་ཚུ་ ནང་འཁོད་ལུ་ དཔེ་འབད་བ་ཅིན་ འཐུས་མི་རྒྱལ་ཁབ་༡ ལུ་ ཏི་རུ་མ་ལང་པའི་ དཀའ་ངལ་ཐོན་པ་ཅིན་ ཏི་རུ་བརྗེ་སོར་འབད་ནིའི་ གྲོས་འབུལ་བཙུགས་ཡོདཔ་ལས་ དོན་སྨིན་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ དངུལ་རྩིས་བློན་པོ་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment