གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྒྱ་གར་གྱིས་ འབྲུག་ལུ་ གཱོལ་༡༣ བཙུགས་ཡོདཔ།


བཀྲིས་ཕུན་ཚོགས།

༉ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་སྡེ་གིས་ ཤྲི་ལངྐའི་རྒྱལ་ས་ ཀོ་ལོམ་བོ་ལུ་སྦེ་ སྤྱི་ཟླ་༣ ཚེས་༡༠ ལས་  ཕུཊ་བཱོལ་འགྲན་བསྡུར་འགོ་འདྲེན་འཐབ་མིའི་ནང་ ཁ་ཙ་ འབྲུག་པའི་བུམོ་སྐྱེས་ལོ་༡༣ མན་ཆད་འབད་མི་ཚུ་གིས་ རྒྱ་གར་དང་གཅིག་ཁར་ རྩེད་འགྲན་འབདཝ་ད་  རྒྱ་གར་གྱིས་ གཱོལ་༡༣ བཙུགས་ཏེ་ ཕམ་བཏང་ཡོདཔ་ཨིན་པས།
དེ་ཡང་ སྡེ་ཚན་ཀ་པའི་ནང་ འབྲུག་དང་ རྒྱ་གར་ ཤྲི་ལངྐ་ པེ་ལེས་ཊ་ཡེན་ དེ་ལས་ ཨི་རཱན་རྒྱལ་ཁབ་ཚུ་བརྩིས་ཏེ་ རྒྱལ་ཁབ་༦ གིས་ བཅའ་མར་གཏོགས་དོ་ཡོདཔ་ད་ སྡེ་ཚན་ཁ་པ་དང་ ག་པའི་ནང་ རྒྱལ་ཁབ་༦ རེ་བརྩིསཝ་ད་ བསྡོམས་ཀྱིས་རྒྱལ་ཁབ་༢༤ གིས་ འབྲེལ་གཏོགས་འབད་ཡོདཔ་ཨིན་པས།
འབྲུག་གི་སྡེ་ཚན་ འགོ་ཁྲིད་འབད་མི་ ཀོ་ཏ་གིས་ སླབ་མིའི་ནང་ ན་གཞོན་བུམོ་ཚུ་ ཕུཌ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་མི་ ཉུང་སུ་ཅིག་ལས་ ཐོན་ནི་མེད་པའི་ཁར་ བཅའ་མར་གཏོགས་མི་ཚུ་ལུ་ཡང་ ཕམ་ཚུ་གིས་ རྒྱབ་སྐྱོར་ལེགས་ཤོམ་ མི་བྱིན་པས་ཟེར་ཨིན་པས།
དེ་བཞིན་དུ་ རྒྱལ་ཁབ་ནང་ རྩེད་ཐང་དང་ མཐུན་རྐྱེན་གཞནཚུ་ ལེགས་ཤོམ་མེདཔ་ལས་ རྒྱལ་ཁབ་གཞན་གྱི་ བུམོ་ཚུ་བཟུམ་སྦེ་ ཨ་ལུ་ཚུ་ལུ་ རིག་རྩལ་དང་ ཡོན་ཏན་ལེགས་ཤོམ་བྱིན་མི་ཚུགས་པས་ཟེར་སླབ་ཨིན་པས།
ད་རེས་ འབྲུག་པའི་བུམོ་ཚུ་གིས་ ཇོར་ཌན་རྒྱལ་ཁབ་ལུ་ གཱོལ་༤ དང་ པེ་ལེས་ཊ་ཡེན་ལུ་ གཱོལ་༡ བཙུགས་ཏེ་ རྒྱལ་ཁབ་༢ ལས་ རྒྱལ་ཁ་ཐོབ་ཚུགས་མི་དེ་ལུ་ ངལ་རངས་སྦོམ་བསྐྱེད་དགོཔ་འདུག་ཟེར་ ཨིན་པའི་གནས་ཚུལ།

No comments:

Post a Comment