གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཤེས་ཡོན་རྒྱ་བསྐྱེད་འབད་དགོ་པ་ཅིན་ ངེས་པར་དུ་ དཔེ་དེབ་ལྷག་དགོཔ།


སློབ་གྲྭ་ཁག་གི་ སློབ་དཔོན་དང་ དཔེ་གཉེར་ཚུ་ གྲོས་བསྡུར་འབད་བའི་བསྒང་།
པདྨ་ཆོས་སྒྲོན།
༉ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ ཐིམ་ཕུ་རྒྱལ་ཡོངས་དཔེ་མཛོད་ཁང་ནང་ སིངྒ་པུར་ལས་ ཌོག་ཊར་ ཨེན་ བ་རཱཔ་ ར་སཱཌ་དང་ ཅེན་ཀོའི་གིས་ འབྲུག་གི་ ན་གཞོན་ཚུ་གི་རྒྱུད་ལུ་ ཆོས་ཚན་ཐོག་གི་ ཡོན་ཏན་རྐྱངམ་གཅིག་མེན་པར་ དཔེ་མཛོད་ནང་གི་ དཔེ་དེབ་ཚུ་ ལྷག་ནིའི་རིག་རྩལ་ ཡར་རྒྱས་གཏང་ནི་དང་ དེ་ལུ་བརྟེན་པའི་ ཕན་ཁྱད་ཚུ་གི་ གནད་དོན་ཐོག་ལུ་ གྲོས་བསྡུར་ཞལ་འཛོམས་འགོ་དང་པ་ འགོ་འདྲེན་འཐབ་ཅི།

ཐིམ་ཕུ་ནང་འཁོད་ཀྱི་ སློབ་གྲྭ་ཁག་ལས་ སློབ་དཔོན་དང་ དཔེ་གཉེར་ཚུ་གིས་ འབྲེལ་གཏོགས་འབད་མི་ གྲོས་བསྡུར་ཞལ་འཛོམས་དེ་ནང་ ཌོག་ཊར་ ཨེན་ བ་རཱཔ་ ར་སཱཌ་གིས་ སླབ་མིའི་ནང་ དཔེ་དེབ་ལྷག་ནིའི་ རིག་རྩལ་དེ་ རྒས་གཞོན་མེདཔ་ག་ར་ལུ་ གལ་ཆེ་ཏོག་ཏོ་ཅིག་ཨིན་མི་དེ་ཡང་ ལྷག་ནིའི་རིག་རྩལ་ལུ་བརྟེན་ ཤེས་ཡོན་རྒྱ་བསྐྱེད་འབད་ནི་དང་ རྒྱལ་ཁབ་ཀྱི་ ལམ་ལུགས་ཚུ་ཡང་ ཧ་གོ་ཚུགས་པའི་ ཕན་ཁྱད་སྦོམ་ཡོད་ཟེར་ཨིན་པས། 
ཁོ་གིས་འབད་བ་ཅིན་ དཔེ་དེབ་ལྷག་ནིའི་ རིག་རྩལ་དེ་ ན་གཞོན་དང་ སློབ་ཕྲུག་ཚུ་ལུ་རྐྱངམ་གཅིག་མེན་པར་ གཞུང་གཡོགཔ་དང་ ཚོང་འབྲེལ་འཐབ་མི་ཚུ་ལུ་ཡང་ ག་ནི་བ་ གལ་ཆེ་ཟེར་ སླབ་ཨིན་པས།
མུ་ཏིག་ཐང་ འབྲིང་རིམ་སློབ་གྲྭ་གོང་མ་ལས་ སློབ་དཔོན་ དཀོན་མཆོག་སྟོབས་རྒྱས་ཀྱིས་ སླབ་མིའི་ནང་ འདི་བཟུམ་མའི་ གྲོས་བསྡུར་ཞལ་འཛོམས་ འགོ་འདྲེན་འཐབ་མི་དེ་གིས་ སློབ་གྲྭའི་སློབ་དཔོན་ཚུ་ལུ་ཡང་ ལྷག་ནིའི་རིག་རྩལ་དང་ དེ་ལུ་བརྟེན་པའི་ ལམ་ལུགས་མ་འདྲཝ་ཚུ་ ལག་ལེན་འཐབ་ནིའི་དོན་ལུ་ དྲན་ཚོར་འབད་དོ་བཟུམ་ཅིག་ཨིནམ་ལས་ ཕན་ཐོགས་སྦོམ་འདུག་ཟེར་ ཨིན་པའི་གནས་ཚུལ།



No comments:

Post a Comment