གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མཚམས་ཁའི་ རྒྱ་གར་གྱི་ཚོང་པ་ཚུ་ འབྲུག་པའི་ཏི་རུ་ ལེན་མི་ལེན་གྱི་མགུ་འཐོམ།


༉ བསམ་གྲུབ་ལྗོངས་མཁར་གྱི་ ས་མཚམས་ཁྲོམ་སྡེ་ ཨ་སམ་ད་རང་ག་གི་ ཚོང་པ་ཚུ་གིས་ འབྲུག་པའི་ཏི་རུ་ བརྒྱ་ལོར་ཚུ་ ལེན་དོ་ཡོདཔ་ཨིན་རུང་ བཟའ་འཐུང་དང་ གློག་ཆས་ཚུ་བཙོང་མི་ ལ་ལུ་ཅིག་གིས་ མི་ལེན་དོ་ཡོདཔ་ཨིན་པས།

མ་གཞི་ ས་མཚམས་ཁྲོམ་སྡེ་དེ་ ཆུང་ཀུ་ཅིག་འབད་ནི་དེ་གིས་ འབྲུག་གི་དངུལ་ཁང་ནང་ གསོག་འཇོག་རྩིས་ཁྲ་འཆང་མི་ རྒྱ་གར་གྱི་ཚོང་པ་༡༠༠ ལྷགཔ་ཅིག་ལས་མེད་རུང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ ཕྱི་མི་ཚུ་གིས་ འབྲུག་པའི་དངུལ་ཁང་ཚུ་ནང་ རྩིས་ཁྲ་འཆང་མ་ཆོག་པའི་ བཀའ་རྒྱ་བཏོན་མི་དང་འཁྲིལ་ སྤྱི་ཟླ་༣ པའི་ཚེས་༡༤ ལས་ རྩིས་ཁྲ་ཚུ་ ཁ་བསྡམས་ཏེ་ རུ་པི་བཏོན་འབག་ཡོདཔ་ཨིན་པས།
བསམ་གྲུབ་ལྗོངས་མཁར་ འབྲུག་རྒྱལ་ཡོངས་དངུལ་ཁང་གི་ ཡན་ལག་ཡིག་ཚང་གི་འཛིན་སྐྱོང་པ་ པདྨ་རིག་འཛིན་གྱིས་ སླབ་མིའི་ནང་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ བཀའ་རྒྱ་བཏོན་མི་དེ་ལུ་ རྒྱ་གར་གྱི་ མི་ཚུ་གིས་འབད་བ་ཅིན་ ཐད་ཀར་དུ་ རང་སོའི་རྩིས་ཁྲ་ཚུ་ ཁ་བསྡམ་སྟེ་ ཏི་རུ་བཏོན་འབག་དགོ་མི་དེ་ལུ་ བསམ་ཞིབ་འབད་དགོཔ་འདུག་ཟེར་ སླབ་མས་ཟེར་ཨིན་པས།
ཨིན་རུང་ ད་རང་ག་གི་ ཚོང་པ་ལ་ལུ་ཅིག་གིས་ ཤུལ་ལས་ རུ་པི་དང་ བརྗེ་སོར་ག་དེ་སྦེ་ འབད་ཚུགས་རུང་ ད་ལྟོ་ འབྲུག་པའི་ཏི་རུ་ཚུ་ འཕྲོ་མཐུད་དེ་ར་ ལེན་དོ་ཡོདཔ་ཨིན་པས། 
ད་རང་ག་གི་ཚོང་པ་ བཱ་རུན་ སོ་རོན་ཡཱ་གིས་ སླབ་མིའི་ནང་ འབྲུག་པའི་ཏི་རུ་ མ་ལེན་པ་ཅིན་ ཁོང་གི་ཚོང་འབྲེལ་ལུ་ གནོད་དོ་ཡོདཔ་ལས་ བྱ་ཐབས་མེད་པར་ ལེན་དགོཔ་བྱུངམ་མས་ཟེར་ཨིན་པས།
ད་རང་ག་མེ་ལ་གི་ ཚོགས་ཆུང་འཐུས་མི་ མ་ཧིམ་ ཨུ་ཌིམ་གྱིས་ སླབ་མིའི་ནང་ ཁོང་གིས་ འབྲུག་ལུ་ རུ་པི་མ་ལང་པའི་ དཀའ་ངལ་སྐོར་ལས་ ཚོགས་ཆུང་གི་འཐུས་མི་ཚུ་དང་གཅིག་ཁར་ ཞལ་འཛོམས་ཚུ་ ག་ཅི་ཡང་ མ་ཚོགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ དཀའ་ངལ་དེ་ འཕྲལ་མགྱོགས་ར་ བསལ་ཚུགས་ནི་འོང་ཟེར་ཨིནམ་ད་ འབྲུག་པའི་ཚོང་མགྲོན་པ་ཚུ་གིས་  རྒྱ་གར་གྱི་ ས་མཚམས་ཁྲོམ་སྡེ་ཚུ་ནང་ འབྲུག་པའི་ཏི་རུ་ཚུ་ མ་ལེན་པའི་ཁར་ ཧེ་མ་ གོང་ཚད་དངུལ་ཀྲམ་༡༠༠ གནས་མི་ ཚོང་ཆས་ཚུ་ལུ་ ད་རེས་ནངས་པ་ དངུལ་ཀྲམ་༡༤༠ རེ་ སླབ་མས་ཟེར་མི་དེ་ མི་བདེན་པས་ཟེར་ སླབ་ཨིན་པས།
ས་མཚམས་ཁྲོམ་སྡེ་ ད་རང་ག་ལུ་ ཉོ་ཚོང་རྐྱབ་མི་ ཚོང་མགྲོན་པ་བརྒྱ་ཆ་༨༠ དེ་ཅིག་ འབྲུག་མི་ཚུ་ ཨིན་པའི་གནས་ཚུལ།

No comments:

Post a Comment