གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བུམ་ཐང་ཆུ་སྨད་ལུ་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་གསརཔ།


འགོ་འབྱེད་འབད་མི་ ཆུ་སྨད་རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ།
བཀྲ་ཤིས་བསྟན་འཛིན།

༉ རྒྱ་གར་གཞུང་གིས་ གོང་འཕེལ་ལས་འགུལ་ཆུང་བའི་ མ་དངུལ་ལས་རིམ་གྱི་ རྒྱབ་སྐྱོར་ཐོག་ལས་ བཟོ་སྐྲུན་འབད་མི་ བུམ་ཐང་ཆུ་སྨད་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དེ་ སྤྱི་ཟླ་༣ པའི་ཚེས་༡༣ ལུ་ རྒྱ་གར་གཞུང་གི་སྐུ་ཚབ་ སཱན་ཇིབ་ ཀུ་མར་གྱིས་ སྒོ་འབྱེད་གནང་ཡི།

ཁོ་གིས་ སླབ་མིའི་ནང་ ལྟེ་བ་དེ་གིས་ མི་སྡེ་ཚུ་གི་ འཚོ་བའི་གནས་སྟངས་ ཡར་དྲག་གཏང་ནི་ལུ་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ཨིནམ་ད་ ལྟེ་བ་དེ་ནང་ ནགས་ཚལ་དང་ སོ་ནམ་ དེ་ལས་ རང་བཞིན་སླར་འབྱུང་ཐོན་སྐྱེད་ཀྱི་ ཡིག་ཚང་༣ གཅིག་ཁར་ཡོདཔ་ལས་ མི་སེར་ཚུ་གིས་ ཞབས་ཏོག་ལེན་ནི་ལུ་ བྱ་སྟབས་བདེ་ཏོག་ཏོ་ འབྱུང་ཚུགས་ཟེར་ཨིན་པས།
གོང་འཕེལ་ལས་འགུལ་ཆུང་བ་དེ་ གཙོ་བོ་ར་ རྒྱལ་ཁབ་༢ ཀྱི་ མཛའ་བཤེས་མཐུན་ལམ་ ཡུན་བརྟན་བཞག་ཐབས་ལུ་ཨིནམ་སྦེ་བཤད་ཡོདཔ་ད་ ཆུ་སྨད་རྒེད་འོག་གི་དོན་ལུ་ མ་དངུལ་ལས་རིམ་དེ་གི་ཐོག་ལས་ སོ་ནམ་དང་ ཞིང་ལམ་ དེ་ལས་ ཆུ་གཡུར་བཏོན་ནིའི་དོན་ལུ་ མ་དངུལ་ས་ཡ་༢༧ ཡོདཔ་ཨིན་པས།
དེ་མ་ཚད་ ཆུ་སྨད་རྒེད་འོག་གི་ ཅུང་འཕེལ་གཡུས་ཚན་གྱི་ སོ་ནམ་ཞིང་ལམ་དེ་ཡང་ མ་དངུལ་ལས་རིམ་དེ་དེ་ཐོག་ལས་ བསལ་ཡོདཔ་ཨིན་པས།
རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དེ་ སྤྱི་ལོ་༢༠༡༠ ལུ་ ཟད་འགྲོ་དངུལ་ཀྲམ་ས་ཡ་༣.༧ བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ཨིན་པས།
ཆུ་སྨད་རྒེད་འོག་གི་ བདག་སྐྱོང་འགོ་དཔོན་གྱིས་ སླབ་མིའི་ནང་ རང་བཞིན་སླར་འབྱུང་ཐོན་སྐྱེད་ལྟེ་བ་དེ་གིས་ མི་སེར་ཚུ་ལུ་ སོ་ནམ་དང་ ནགས་ཚལ་ དེ་ལས་ རང་བཞིན་གནས་སྟངས་དང་འབྲེལ་བའི་ ལས་སྣ་ཚུ་ འབད་དགོཔ་ཐོན་པའི་སྐབས་ ཕན་ཐོགས་སྦོམ་སྦེ་ར་ འབྱུང་ཚུགས་ནི་མས་ཟེར་ཨིན་པས།
ལས་འགུལ་དེ་ཚུ་ལུ་བརྟེན་ ཁེ་ཕན་བྱུང་མི་ཚུ་གིས་ སླབ་མིའི་ནང་ རྒེད་འོག་ནང་ ཕན་ཁྱད་ཆེ་བའི་ལས་འགུལ་ གཞི་བཙུགས་གནང་མི་དེ་ལུ་ རྒྱ་གར་གཞུང་ལུ་ དགའ་ཚོར་སྦོམ་ཡོད་ཟེར་ཨིན་པས།
རྒྱ་གར་གཞུང་གི་སྐུ་ཚབ་ སཱན་ཇིབ་ ཀུ་མར་དང་ འགོ་དཔོན་ཚུ་གིས་ ཤར་ཕྱོགས་རྫོང་ཁག་ཚུ་ནང་ཡང་ ལས་རིམ་དེ་དང་འབྲེལ་བའི་ ལས་འགུལ་ཁག་ཚུ་ནང་ ལྟ་སྐོར་འབད་ནི་ཨིནམ་ད་ རྒྱ་གར་གཞུང་གིས་ གོང་འཕེལ་ལས་འགུལ་ཆུང་བ་དེ་ ལོ་ལྔའི་འཆར་གཞི་བཅུ་པའི་དོན་ལུ་ གྲོགས་རམ་སྦེ་ གནང་ཡོདཔ་ཨིན་པས།
མ་དངུལ་ལས་རིམ་དེ་གི་དོན་ལུ་ མ་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ས་ཡ་༧,༠༠༠ གྲོགས་རམ་ཡོད་མི་ཚུ་ རྫོང་ཁག་ཆ་མཉམ་ནང་ བགོ་བཀྲམ་འབད་ཡོདཔ་ད་ དེ་ཡང་ ས་གནས་གཞུང་གིས་ འཆར་གཞི་བཅུ་པའི་ གཙོ་རིམ་དང་འཁྲིལ་བའི་ གྲོས་འཆར་བཙུགས་མི་ཚུ་ལུ་བྱིན་ ཡོདཔ་ཨིན་པའི་གནས་ཚུལ།



No comments:

Post a Comment