གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྣུམ་འཁོར་ཨར་རྐུན་འབད་མི་ བུཚ་༣ འཛིན་བཟུང་།


༉ སྤ་རོའི་ཁྲིམས་སྲུང་འགག་པ་གིས་ འཕྲལ་ཁམས་ཅིག་ཁར་ སྣུམ་འཁོར་ལེ་ཤ་ཅིག་ ཨར་རྐུན་འབད་མིའི་ནང་ འབྲེལ་གཏོགས་ཡོད་མི་ བུཚ་༣ འཛིན་བཟུང་འབད་ཡོདཔ་ཨིན་པས།
ཁྲིམས་སྲུང་འགག་པའི་ འགན་འཛིན་པ་ དཔལ་འབྱོར་གྱིས་ སླབ་མིའི་ནང་ བུཚ་ཚུ་གིས་ སྣུམ་འཁོར་༢ ཨར་རྐུན་འབད་ཡོདཔ་མ་ཚད་ སྣུམ་འཁོར་༡ ཨར་རྐུན་འབད་ནིའི་དོན་ལུ་ དཔའ་བཅམ་ནུག་ཟེར་ཨིན་པས།

བདུན་ཕྲག་ཧེ་མའི་ནང་ དབུས་སུ་ནང་ལས་ སྣུམ་འཁོར་ཊག་ཅིག་ ཨར་རྐུན་ཤོརཝ་ཅིག་ ཁྲིམས་སྲུང་འགག་པ་གིས་ དེ་འཕྲོ་ལས་ གཞུང་ལམ་གྱི་ ཞིབ་དཔྱད་འགེགས་སྲུང་ཚུ་ལུ་ བརྡ་སླབ་པའི་ཤུལ་ལས་ བུཚ་༣ འཛིན་བཟུང་འབད་ཡོདཔ་ད་ དཔལ་འབྱོར་གྱིས་འབད་བ་ཅིན་ ཧེ་མའི་ ཁྲིམས་འགལ་འབད་མི་ཚུ་གི་ གནས་ཐོ་ལུ་བལྟཝ་ད་ ས་གནས་ཀྱི་ སྣུམ་འཁོར་བཅོ་ཁང་ཅིག་ནང་ ལཱ་འབད་མི་ བུཚ་༣ མེདཔ་ཤེས་ཅི་ཟེར་ཨིན་པས།
བུཚ་༣ གྱིས་ ཁྲིམས་སྲུང་འགག་པ་ལུ་ སྣུམ་འཁོར་ཨར་རྐུན་འབད་བའི་སྐོར་ ཁ་བཟེད་ཡོདཔ་ད་ ཁོང་གི་ཆ་རོགས་༤ པ་དེ་ ད་ལྟོ་ ཇའི་སྒང་ལུ་ཡོད་པའི་ ལོ་རྒྱུས་གོ་ཡོདཔ་ལས་ འཛིན་བཟུང་གི་དོན་ལུ་ འཚོལ་ཞིབ་འབད་བའི་བསྒང་ཡོདཔ་ད་ ཁོང་གིས་ ཧེ་མ་ཡང་ ཐིམ་ཕུ་ལས་ སྣུམ་འཁོར་ཊོ་ཡོ་ཊ་ཅིག་ ཨརཝ་རྐུ་སྟེ་ བདའ་ཐོག་ལས་ ཆུ་འཛོམས་ཀྱི་ ཞིབ་དཔྱད་འགེགས་སྲུང་གི་ སྦོ་ལོགས་ཁར་ བཀོག་བཞག་ཡོདཔ་ཨིན་པས།
དེ་མ་ཚད་ བུཚ་དེ་ཚུ་གིས་ ཚོང་འདུས་ལུ་ སྣུམ་འཁོར་ཀཱར་ཅིག་གི་ སྒོ་ཕྱེ་ནི་གི་ དཔའ་བཅམ་པའི་སྐབས་ལུ་ཡང་ ནུབ་མོ་ལྟ་རྟོག་འབད་མི་ ཁྲིམས་སྲུང་འགག་པ་གིས་ འཛིན་བཟུང་འབད་ཡོད་པའི་གནས་ཚུལ། 

No comments:

Post a Comment