གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཐིམ་ཕུའི་ནགས་མེ་ ཁ་ཙ་ བསད་ཚུགས་ཡོདཔ།


བཀྲིས་ཕུན་ཚོགས།

༉ སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ཐིམ་ཕུ་སྨད་ཝང་རྒེད་འོག་ འོག་ལས་ན་གཡུས་ཚན་ལས་ ནགས་ཚལ་མེ་རྐྱེན་ཤོར་མི་དེ་ ཁ་ཙ་ ཕྱི་རུའི་ཆུ་ཚོད་༤.༣༠ དེ་ཅིག་ཁར་ བསད་ཚུགས་ཡོདཔ་ཨིན་པས།
ཁ་ཙ་ དྲོ་པའི་ཆུ་ཚོད་༦.༥༠ དེ་ཅིག་ལུ་ ནགས་ཚལ་འགོ་དཔོན་ཚུ་དང་ དྲག་ཁག་༣ གྱི་དམག་མི་ མེ་བསད་སྡེ་ཚན་ བདེ་སྲུངཔ་ ཁས་བླངས་པ་ དེ་ལས་ གཡུས་མི་ཚུ་གིས་ མེ་བསད་ཀྱི་ ལག་ཆ་ཚུ་འབག་ཐོག་ལས་ བཅའ་མར་གཏོགས་ནི་དེ་གིས་ བསད་ཚུགས་ཅི་ཟེར་ ནགས་ཚལ་ལས་ཁུངས་ལས་ ལས་རིམ་འཛིན་སྐྱོང་འགོ་དཔོན་ རྟ་མགྲིན་རྡོ་རྗེ་གིས་ སླབ་ཨིན་པས།

ནགས་ཚལ་མེ་རྐྱེན་དེ་ གཡུས་ཚན་ནང་ སྐྱེས་ལོ་༧༨ ལང་མི་ ཨ་རྒས་ཅིག་གིས་ ཨེ་པཱལ་ལྡུམ་ར་ནང་ རག་རོ་ཚུ་ མེ་བཏང་པའི་སྐབས་ རླུང་ཤུགས་འཕུ་མི་ལུ་བརྟེན་ བྱུང་ཡོདཔ་ཨིན་པས།
རྟ་མགྲིན་རྡོ་རྗེ་གིས་ སླབ་མིའི་ནང་ མེ་རྐྱེན་གྱིས་ ས་ཆ་ཨེ་ཀར་༨༠༠ དེ་ཅིག་ མེདཔ་བཏང་ཡོདཔ་མ་ཚད་ སྟོང་ཕུ་ཤིང་དང་ ཙོག་ཕུ་ དེ་ལས་ དར་ཤིང་བཟུམ་མའི་ཤིང་ཚུ་ འཚིགས་བཏང་ཡོདཔ་ལས་ ལོག་སྐྱེ་མི་བཏུབ་ནི་མས་ཟེར་ཨིན་པས།
ནགས་ཚལ་གཙོ་འཛིན་འགོ་དཔོན་ ཕན་ཏོ་ཚེ་རིང་གིས་ སླབ་མིའི་ནང་ ནགས་ཚལ་ཨེ་ཀར་རེ་ལུ་ ཉེས་ཆད་དངུལ་ཀྲམ་༣༠༠ རེ་ཕོག་མི་དེ་ སའི་ཇོ་བདག་གིས་ བཏབ་དགོཔ་མ་ཚད་ སྲུང་རྒྱབ་དེ་ལུ་ཡང་ ཁྲིམས་ལུགས་དང་འཁྲིལ་ཏེ་ ངོས་ལེན་འབད་འོང་ཟེར་ ཨིན་པས།
ནགས་ཚལ་ལས་ཁུངས་ཀྱིས་ མི་སེར་ཡོངས་ལུ་ མེ་རྐྱེན་བཀག་ནིའི་སྐོར་ལས་ གོ་བ་བརྡ་སྤྲོད་ ག་དེམ་ཅིག་འབད་རུང་ ངོས་ལེན་འབད་མི་བཏུབ་པས་ཟེར་ཨིནམ་ད་ ད་ལས་ཕར་ མི་ཚུ་གིས་ རག་རོ་ག་ཅི་ར་ཨིན་རུང་ མེ་གཏང་ནི་ཨིན་པ་ཅིན་ ས་གནས་ཀྱི་ ནགས་ཚལ་ལས་ཁུངས་ལས་ གནང་བ་ལེན་དགོཔ་ད་ དེ་ཡང་ གཙོ་བོ་ར་ རག་རོ་ཚུ་མེ་བཏངམ་ད་ ནགས་ཚལ་འགོ་དཔོན་ཚུ་གིས་ ཆ་རོགས་འབད་ནིའི་དོན་ལུ་ཨིནམ་ལས་ འཕྲལ་མགྱོགས་ར་ ཁྲིམས་ལུགས་དེ་ ཆ་གནས་འབད་འོང་ཟེར་ཨིན་པས།
ད་རེས་ཀྱི་ ནགས་ཚལ་མེ་རྐྱེན་དེ་ ཐིམ་ཕུ་ལུ་ སྦོམ་ཤོས་ཅིག་ཨིནམ་མ་ཚད་ རྒྱལ་ཁབ་ནང་ ནགས་ཚལ་མེ་རྐྱེན་སྦོམ་ཤོས་ ཨང་༢ པ་ཨིན་ཟེར་ རྟ་མགྲིན་རྡོ་རྗེ་གིས་ བཤདཔ་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༠ ལུ་ ནགས་མེ་བསད་མི་ཚུ་ལུ་ སྒོ་ཁ་ལས་ ཕྱི་རུའི་བཞེས་སྒོ་གནང་ཡོདཔ་ད་ ཁ་ཙ་ སོ་ནམ་དང་ནགས་ཚལ་ལྷན་ཁག་གིས་ བྱིན་ཡོདཔ་ཨིན་པའི་གནས་ཚུལ། 

No comments:

Post a Comment