གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

གཟི་ཨར་རྐུན་ཐོག་ བཙོང་ཡོད་པའི་བཤེར་ཡིག།


བཀྲ་ཤིས་བསྟན་འཛིན།

༉ བུམ་ཐང་ཨུ་ར་ སྤང་མཁར་ལུ་ སློབ་རིམ་༡༡ པའི་ནང་ལས་ ཐོན་སྡོད་མི་ སློབ་ཕྲུག་བུཚ་ཅིག་གིས་ ཁོ་རའི་ ཁྱིམ་ནང་ལས་ གཟི་མིག་ཏོ་༢ འབད་མི་ཅིག་ ཨར་རྐུན་འབད་དེ་ བཙོང་མི་ལུ་བརྟེན་ ཁོ་རའི་ ཕོ་རྒནམ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབདཝ་ལས་ ཁ་ཙ་ རྫོང་ཁག་ཁྲིམས་འདུན་ལུ་ བཤེར་ཡིག་ཕུལ་ནུག།
རྫོང་ཁག་ཁྲིམས་འདུན་ལས་ གནས་ཚུལ་བཤད་མི་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༡༩ ལུ་ ཕོ་རྒནམ་དེ་གིས་ ཁྱིམ་ནང་ སྒྲོམ་སྤོག་བཏང་ཡོདཔ་མཐོངམ་ལས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ནུག་ཟེར་ཨིན་པས།

དོགས་ཅན་གྱི་ཕོ་རྒནམ་ དགེ་ལེགས་རྒྱ་མཚོ་གིས་ ཁྲིམས་སྲུང་འགག་པ་ལུ་ སླབ་དོ་བཟུམ་འབད་བ་ཅིན་ ན་ཧིང་ སྤྱི་ཟླ་༩ པའི་ཚེས་༢ ལུ་ ཁོ་གི་ ནུ་གཅུང་དེ་ ཐིམ་ཕུ་ལུ་ ལཱ་གཡོག་འཚོལ་བར་ འགྱོ་ནི་སྦེ་ ཞག་༡ ལྕམ་མཁར་ཁྲོམ་ཁར་ སྡོད་པའི་ཤུལ་ལུ་ ད་རུང་ ལོག་ཨུ་ར་ལུ་འོངམ་ད་ སྒྲོམ་གྱི་རྣལ་ལྕགས་སྤོག་སྟེ་ སེར་གུ་ཐོན་མི་ གཟི་དང་གཅིག་ཁར་ དངུལ་ཀྲམ་༢,༠༠༠ ལྷགཔ་ཅིག་ བཏོན་འབག་ཡོདཔ་ཨིན་པས།
གནད་དོན་དེ་གི་སྐོར་ལས་ ནོ་གཅུང་ལུ་ ཁྲིམས་སྲུང་འགག་པ་གིས་ དྲི་དཔྱད་འབད་བའི་སྐབས་ གཟི་དང་ ཏི་རུ་འབག་ཡོདཔ་སྦེ་ ཁ་བཟེད་ཡོདཔ་ད་ གཟི་དེ་ ཀྲོང་གསར་ཁྲོམ་ཁར་ ཆོང་པ་ཨམ་སྲུ་ཅིག་ལུ་ ཁོ་ར་ རྒྱ་གར་ལུ་ དཔེ་ཆ་ལྷབ་པར་ འགྱོ་ནི་གི་ ཟད་འགྲོ་གཏང་ནིའི་དོན་ལུ་ ཕོ་རྒནམ་གིས་ བྱིན་ཡོདཔ་སྦེ་སླབ་ནུག།
ཚོང་དཔོན་ཨམ་སྲུ་དེ་གིས་ དབང་འདུས་རྫོང་ཁག་ སྲས་ཕུག་ཀློང་སྟོད་ལས་ཨིན་མི་ ཁག་འབགཔ་ཅིག་ལུ་ སླབ་པའི་ཤུལ་ལས་ ཁོ་གིས་ཡང་ ཁག་འབགཔ་གཞན་ཅིག་ལུ་ གོང་ཚད་དངུལ་ཀྲམ་༦༠,༠༠༠ སྦེ་ བཙོང་ཞིནམ་ལས་ དོགས་ཅན་ཕོ་སྐྱེས་དེ་ལུ་ བྱིན་ཡོདཔ་ཨིན་རུང་ ཁོ་ར་ ལཱ་ག་ནི་ཡང་མེདཔ་ལས་ ཏི་རུ་ཆ་མཉམ་ར་ བརླགས་བཏང་ཡོད་པའི་ ལོ་རྒྱུས་ཡོདཔ་ཨིན་པས།
བུམ་ཐང་རྫོང་ཁག་གི་དྲང་དཔོན་ པདྨ་རིག་འཛིན་གྱིས་ སླབ་དོ་བཟུམ་འབད་བ་ཅིན་ གནད་དོན་དེ་གི་སྐོར་ ཁྲིམས་སྲུང་འགག་པ་ལས་ ཁ་ཙ་ བཤེར་ཡིག་ལྷོདཔ་ལས་ དེ་ནང་འབྲེལ་གཏོགས་ཡོད་མི་ཚུ་འབོ་སྟེ་ སྣ་ཚོགས་སྙན་གསན་འབད་ཡི་ཟེར་ཨིན་པས།
དྲང་དཔོན་གྱིས་ བཤད་དོ་བཟུམ་འབད་བ་ཅིན་ གཟི་བཙོང་མི་དེ་ ངེས་བདེན་ཨིན་པ་ཅིན་ བཙོང་མི་ཨམ་སྲུ་དང་ ཉོ་མི་ཁག་འབགཔ་གཉིས་ཡང་ ཨར་རྐུན་འབད་བའི་རྒྱུ་ཆས་ ཚོང་སྒྱུར་འཐབ་མི་ལུ་བརྟེན་ དོགས་ཅན་ལུ་ཕོག་མི་ ཉེས་ཁྲིམས་ཕྱེད་ཀ་ཕོག་ཟེར་ ཨིན་པའི་གནས་ཚུལ།




No comments:

Post a Comment