གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕོ་སྐྱེས་ཅིག་གིས་ ཁོ་རའི་ཨམ་ཅུམ་ལུ་ དབང་བཙོང་ལུས་འབྲེལ་གྱི་དཔའ་བཅམ།


བཀྲིས་བསྟན་འཛིན།

༉ ཀྲོང་གསར་རྫོང་གི་ ཉེ་འདབས་གཡུས་ཚན་ དྭངས་མཁར་ལས་ སྐྱེས་ལོ་༡༩ ལང་མི་ ཕོ་སྐྱེས་ཅིག་གིས་ ཁོ་རའི་ ཨམ་ཅུམ་ལུ་ དབང་བཙོང་ཐོག་ལས་ ལུས་འབྲེལ་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ འདས་པའི་ཟླཝ་ནང་ རྩོད་བཤེར་འབད་ནིའི་དོན་ལུ་ རྫོང་ཁག་ཁྲིམས་འདུན་ལུ་ བཏང་ཡོདཔ་ཨིན་པས།
ཀྲོང་གསར་ལས་ ཁྲིམས་སྲུང་འགག་པ་གིས་ བཤད་དོ་བཟུམ་འབད་བ་ཅིན་ བྱུང་རྐྱེན་དེ་ ན་ཧིང་ སྤྱི་ཟླ་༨ པའི་ནང་ དྭངས་མཁར་ལུ་བྱུང་བའི་ཤུལ་ལས་ དོགས་ཅན་གྱི་ ཨ་པ་དེ་གིས་ ཁྲིམས་སྲུང་འགག་པ་ལུ་ སྙན་ཞུ་འབད་ཡི་ཟེར་ཨིན་པས།


དོགས་ཅན་ཕོ་སྐྱེས་དེ་དང་ ཁོ་རའི་ སྐྱེས་ལོ་༣༩ ལང་མི་ ཨམ་ཅུམ་དེ་ ཁྱིམ་གྱི་སྦོ་ལོགས་ཁར་ ར་བཞག་སའི་ ཁྱིམ་ཅིག་ནང་ བྱུང་ཡོདཔ་ད་ དེ་བསྒང་ དོགས་ཅན་དེ་ ཆང་འགྲངས་ཏེ་ ཡོདཔ་ཨིན་པས།
དབང་བཙོང་འབད་བའི་སྐབས་ ཨམ་ཅུམ་དེ་གིས་ སྐད་ཤུགས་འབད་རྐྱབ་ད་ དོགས་ཅན་ཕོ་སྐྱེས་དེ་གི་ ཨ་པ་གིས་ ཤེས་ཚོར་བྱུང་སྟེ་ ས་གོ་ནང་ འགྱོ་ལྟཝ་ད་ བུ་གིས་ ཨ་པ་ལུ་ མཛོག་ཕོག་༣ བླུགས་བྱིན་ཡོདཔ་ད་ ཕོ་སྐྱེས་དེ་ སློབ་གྲྭ་ནང་ལས་ ཐོན་སྡོད་མི་ཅིག་ཨིན་པས།
བྱུང་རྐྱེན་དེ་ ལོ་ལང་ནི་འབདཝ་ད་ བཤེར་ཡིག་བཙུགས་ཡོདཔ་ད་ ད་ལྟོ་ སྙན་གསན་འབད་མ་ཚུགས་མི་དེ་ཡང་ རྫོང་ཁག་ནང་ གཏན་འཇགས་ཀྱི་ དྲང་དཔོན་མེད་ནི་དེ་གིས་ཨིན་པས།
ཁྲིམས་སྲུང་འགག་པ་གིས་ འབྲུག་གི་ཉེས་འགེལ་ཁྲིམས་དེབ་ཀྱི་ དོན་ཚན་༡༢༠ པ་ལྟར་ ཕོ་སྐྱེས་དེ་ལུ་ དབང་བཙོང་ལུས་འབྲེལ་དཔའ་བཅམ་པའི་ཁར་ དོན་ཚན་༡༥༨ པ་དང་འཁྲིལ་ ཨ་པ་ལུ་ བརྡུང་རྫོབ་འབད་བའི་ ཉེས་འཛུགས་ཁག་༢ ཕོག་ནི་མས་ཟེར་ སླབ་ཨིན་པས།
རྫོང་ཁག་ནང་ འཕྲལ་ཁམས་ཅིག་ཁར་ དྲང་དཔོན་བསྐོ་བཞག་འབད་ཡོདཔ་ལས་ འཕྲལ་མགྱོགས་ར་ སྙན་གསན་འབད་ནི་ཨིན་པའི་གནས་ཚུལ།


No comments:

Post a Comment