གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕྱི་མི་ཚུ་ལུ་ ས་སྣུམ་བླུགས་བྱིན་མི་དེ་གིས་ མ་ལང་པའི་དཀའ་ངལ་མི་བྱུང་ག?


༉ ད་རེས་ནངས་པ་ རྒྱལ་ཁབ་ནང་ ས་སྣུམ་མ་ལང་པའི་ དཀའ་ངལ་ཐོན་པའི་དུས་ཚོད་ལུ་ དགེ་ལེགས་ཕུག་གི་ ཅ་དམ་འགོ་དཔོན་ཚུ་གིས་ དཱད་ག་རི་གི་མི་ཚུ་ དགེ་ལེགས་ཕུག་ལུ་ འོང་ཞིནམ་ལས་ སྣུམ་འཁོར་ཚུ་ནང་ མར་ཁུ་ལི་ཊར་༡༠༠ ལས་བཅད་དེ་ བླུགས་འབག་འགྱོ་དོ་ཡོདཔ་ཨིན་རུང་ ག་ཅི་ཡང་ མ་སླབ་མི་ལུ་བརྟེན་ དགེ་ལེགས་ཕུག་གི་མི་ཚུ་ རྣམ་རྟོག་ལང་དགོཔ་ བྱུང་དོ་ཡོདཔ་ཨིན་པས།


དགེ་ལེགས་ཕུག་ལུ་སྡོད་མི་ སྐྱེས་ལོ་༤༧ འབད་མི་ ཨཔ་ཅིག་གིས་ སླབ་དོ་བཟུམ་འབད་བ་ཅིན་ ག་དེམ་ཅིག་སྦེ་ དཱད་ག་རི་གི་ ས་ཁོངས་ནང་ སྣུམ་འཁོར་ཚུ་གིས་ མར་ཁུ་བླུག་པར་ དགེ་ལེགས་ཕུག་གི་ མར་ཁུ་བཀྲམ་སྤེལ་ཁང་ནང་ འོང་པ་ཅིན་ ཤུལ་ལས་ མར་ཁུ་མ་ལངམ་ ཐག་ཆོད་ཨིན་ཟེར་ཨིན་པས།
དེ་མ་ཚད་ ད་རེས་ནངས་པ་ རྒྱལ་ཁབ་ནང་ རུ་པི་མ་ལང་པའི་ དཀའ་ངལ་ཐོན་པའི་སྐབས་ དེ་གིས་ཡང་ གནོད་པ་འདུག་ཟེར་ཨིན་པས།
དགེ་ལེགས་ཕུག་གི་ མར་ཁུ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་པ་ ཌམ་བར་ གུ་རུང་གིས་ ཀུན་གསལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ རྒྱ་གར་གྱི་ སྣུམ་འཁོར་ཚུ་ དགེ་ལེགས་ཕུག་ལུ་ མར་ཁུ་བླུག་པར་འོང་མི་དེ་ ད་རེས་ འགོ་དང་པ་ མེན་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ ཉིནམ་རེའི་ནང་ དཱད་ག་རི་གི་སྣུམ་འཁོར་༣༦ དེ་རེ་ མར་ཁུ་བླུག་པར་ འོང་ནི་ཡོད་ཟེར་ཨིནམ་ད་ དེ་ཚུ་ དགེ་ལེགས་ཕུག་དང་ དཱད་ག་རི་གི་བར་ན་ འགྲོ་འགྲུལ་འབད་མི་ཚུ་ ཨིན་མས་ཟེར་ཨིན་པས།
དཱད་ག་རི་གི་ སྣུམ་འཁོར་ཇོ་བདག་ཚུ་གིས་ དགེ་ལེགས་ཕུག་ལུ་ མར་ཁུ་བླུག་པར་འོང་དགོ་མི་དེ་ཡང་ དཱད་ག་རི་གི་ ཁྲོམ་ཁར་ ས་སྣུམ་བཀྲམ་སྤེལ་ཁང་ མེད་ནི་དེ་གིས་ཨིན་ཟེར་ ཌམ་བར་གུ་རུང་གིས་ བཤདཔ་ཨིན་པས། 
ག་དེམ་ཅིག་སྦེ་ དཱད་ག་རི་གི་ ས་ཁོངས་ནང་ལུ་ར་ བླུག་དགོ་པ་ཅིན་ སཱན་ཏ་བཱ་རི་ས་སྣུམ་བཀྲམ་སྤེལ་ཁང་ནང་ འགྱོ་དགོ་ཟེར་ཨིན་པས། 
སཱན་ཏ་བཱ་རི་ས་སྣུམ་བཀྲམ་སྤེལ་ཁང་དེ་ དཱད་ག་རི་ལས་ ཀི་ལོ་མི་ཊར་༤༠ གི་ ས་ཁར་ཨིན་པས།
དགེ་ལེགས་ཕུག་གི་ མར་ཁུ་བཀྲམ་སྤེལ་ཁང་གིས་ ཉིནམ་རེ་ནང་ ཌི་ཟིལ་མར་ཁུ་ ལི་ཊར་༢,༠༠༠ དེ་ཅིག་ བཙོང་དོ་ཡོདཔ་ད་ པེ་ཊཱོལ་ལི་ཊར་༥༠༠ ལས་༦༠༠ གི་བར་ན་ བཙོང་དོ་ཡོདཔ་ཨིན་པས།
བཀྲིས་མར་ཁུ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་པ་ དབང་རྒྱལ་ནོར་བུ་གིས་འབད་བ་ཅིན་ ཉིནམ་རེ་ལུ་ རྒྱ་གར་གྱི་ སྣུམ་འཁོར་༥ དང་༦ དེ་ཅིག་ ཨ་རྟག་ར་ འོངམ་མས་ཟེར་ཨིན་པས། 
བཀྲམ་སྤེལ་ཁང་ནང་ མར་ཁུ་ལྟེམ་ལྟེམ་སྦེ་ བཞག་ནི་དེ་གིས་ མར་ཁུ་མ་ལང་པའི་དཀའ་ངལ་ མི་ཐོན་པས་ཟེར་ཨིནམ་ད་ རྒྱ་གར་གྱི་ སྣུམ་འཁོར་ཚུ་གིས་ འབྲུག་པའི་ས་ཁོངས་ནང་ མར་ཁུ་བླུག་པར་འོང་པའི་སྐབས་ ཁོང་གིས་ རུ་པི་དང་ དངུལ་ཀྲམ་གང་རུང་ སྤྲོདཔ་ཨིན་ཟེར་ཨིན་པས།
དབང་རྒྱལ་ནོར་བུ་གིས་འབད་བ་ཅིན་ བཀྲིས་མར་ཁུ་གི་ དགེ་ལེགས་ཕུག་རྐྱངམ་གཅིག་ནང་ ས་སྣུམ་བཀྲམ་སྤེལ་ཁང་༣ ཡོདཔ་ལས་བརྟེན་ བཀྲམ་སྤེལ་ཁང་རེ་གིས་ ཉིནམ་རེ་ནང་ ཌི་ཟིལ་ལི་ཊར་༥༠༠ དང་ པེ་ཊོལ་ལི་ཊར་༢༠༠ ལས་༣༠༠ གི་བར་ན་ལས་ བཙོང་མི་ཚུགས་པས་ཟེར་ཨིན་པས།
དགེ་ལེགས་ཕུག་ ལུང་ཕྱོགས་ཅ་དམ་ཡིག་ཚང་གི་ མདོ་ཆེན་གྱིས་ བརྡ་བརྒྱུད་ཚུ་ལུ་ མི་མང་ལུ་ བརྡ་དོན་སྤེལ་ནི་གི་དབང་ཚད་ ཁོང་ལུ་མེད་ཟེར་ སླབ་ཨིན་པའི་གནས་ཚུལ།

No comments:

Post a Comment