གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ད་རིས་ འབྲུག་དང་ རྒྱ་གར་གྱི་བར་ན་ རྩེད་འགྲན་འབད་ནི།


བཀྲིས་ཕུན་ཚོགས།

༉ ཁ་ཙ་ ཤྲི་ལངྐ་ ཀོ་ལོམ་བོ་ལུ་ བུམོ་སྐྱེས་ལོ་༡༣ མན་ཆད་འབད་མི་ ཨེ་ཤི་ཡཱན་ཕུཊ་བཱོལ་རྩེད་འགྲན་ནང་ ཤྲི་ལངྐ་གིས་ འབྲུག་ལུ་ གཱོལ་༢ བཙུགས་ཏེ་ རྒྱལ་ཁ་ཐོབ་ནུག།
རྩེད་འགྲན་ནང་ རྒྱལ་ཁབ་༢༤ གིས་ བཅའ་མར་གཏོགས་ཡོདཔ་ཨིན་པས།

འབྲུག་གི་སྡེ་ཚན་ འགོ་ཁྲིད་འབད་མི་ ཀོ་ཏ་གིས་ སླབ་མིའི་ནང་ འདས་པའི་ལོ་ཚུ་ནང་ ཨེ་ཤི་ཡཱན་ཕུཊ་བཱོལ་ཚོགས་སྡེ་གིས་ བུམོ་སྐྱེས་ལོ་༡༤ མན་ཆད་འབད་མི་ཚུ་ དུས་སྟོན་བཟུམ་ཅིག་སྦེ་ རྩེད་འགྲན་འབད་བཅུག་ཡོད་རུང་ ན་ཧིང་ ཇ་པཱན་གྱི་ ཨམ་སྲུ་སྡེ་ཚན་ཚུ་གིས་ འཛམ་གླིང་རྒྱལ་རྟགས་ཀྱི་ ཕུཌ་བཱོལ་རྩེད་འགྲན་ནང་ལས་ རྒྱལ་ཁ་ཐོབ་མི་ལུ་བརྟེན་ འཛམ་གླིང་ཕུཌ་བཱོལ་ཚོགས་སྡེ་གིས་ ཨེ་ཤི་ཡ་རྒྱལ་ཁབ་ཀྱི་ ཨམ་སྲུ་ཚུ་ལུ་ ད་རེས་ གོ་སྐབས་བྱིན་ཡི་ཟེར་ཨིན་པས།
དེ་འབདཝ་ལས་ རྒྱལ་སྤྱི་ཕུུཌ་བཱོལ་རྩེད་འགྲན་ནང་ བཅའ་མར་གཏོགས་ཚུགས་ནིའི་དོན་ལུ་ དུས་ཅི་ འགོ་ཐོག་ ཤྲི་ལངྐ་ཀོ་ལོམ་བོ་ལུ་སྦེ་ ན་གཞོན་བུམོ་ཚུ་གི་ སྔོན་འགྲོའི་བརྟག་ཞིབ་དང་འདྲཝ་སྦེ་ འགོ་འདྲེན་འཐབ་ནུག་ཟེར་ ཁོ་གིས་ སླབ་ཨིན་པས།
ད་རིས་ འབྲུག་དང་ རྒྱ་གར་གྱི་བར་ན་ རྩེད་འགྲན་འབད་ནི་ཨིན་པའི་གནས་ཚུལ།

No comments:

Post a Comment