གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སོ་ནམ་ཞིང་ལམ་དང་ ལྕགས་ཟམ་འགོ་འབྱེད་འབད་ཡོདཔ།


སོ་ནམ་བློན་པོ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ བ་ལམ་རྒེད་འོག་ནང་
ལྕགས་ཟམ་འགོ་འབྱེད་འབད་བའི་བསྒང་།
ཚེ་རིང་རྣམ་རྒྱལ།

༉ སྤྱི་ཟླ་༣ པའི་ཚེས་༡༢ ལུ་ ཌོག་ཊར་པདྨ་རྒྱ་མཚོ་གིས་ མོང་སྒར་རྫོང་ཁག་ བ་ལམ་རྒེད་འོག་གི་ སོ་ནམ་ཞིང་ལམ་ འགོ་འབྱེད་གནང་ཡི།
ཡ་ལྡི་ཁྲོམ་ལས་ ཀི་ལོ་མི་ཊར་༨ དེ་ཅིག་ལུ་ ཤེལ་རི་སྤམ་ལས་བཏོན་མི་ ཀི་ལོ་མི་ཊར་༡༣.༥ འབད་མི་ སོ་ནམ་ཞིང་ལམ་དེ་གིས་ བ་ལམ་རྒེད་འོག་གི་ ཁྱིམ་གུང་༢༢༢ དང་ ཤེར་མུ་ཧཱུང་རྒེད་འོག་ མུ་ཧཱུང་དང་ རྒྱབ་སྒང་གཡུས་ཚན་༢ ཀྱི་ ཁྱིམ་གུང་༩༨ དེ་ཅིག་ལུ་ ཕན་ཐོགས་འབྱུང་ནི་ཨིན་པས།

སོ་ནམ་ཞིང་ལམ་དེ་ རྒྱ་གར་གཞུང་གིས་ གྲོགས་རམ་ དངུལ་ཀྲམ་༡༠.༩༥༩ གི་ཐོག་ལས་ སྤྱི་ལོ་༢༠༡༠ ཟླ་༩ པའི་ནང་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་བཞིན་དུ་ ན་ཧིང་ སྤྱི་ལོ་༢༠༡༡ ཟླ་༤ པའི་ནང་ མཇུག་བསྡུ་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ སོ་ནམ་བློན་པོ་གིས་ རིང་ཚད་མི་ཊར་༣༠ དང་ ལྗིད་ཚད་མེ་ཊིག་ཊཱོན་༢༤ འབག་ཐེག་མི་ ཤེལ་རི་ཆུའི་ ལྕགས་ཟམ་ཅིག་ཡང་ འགོ་འབྱེད་གནང་ཡི།
བློན་པོ་གིས་ རྟེན་འབྲེལ་ནང་འཛོམས་མི་ གཡུས་མི་ཚུ་ལུ་ བཤད་མིའི་ནང་ གཞི་རྟེན་མཐུན་རྐྱེན་ཡོདཔ་རྐྱངམ་གཅིག་གིས་ ཕན་མི་ཐོགས་ཟེར་ཨིནམ་ད་ གཙོ་བོ་ར་ མཐུན་རྐྱེན་ཚུ་ ཚུལ་བཞིན་དུ་ ལག་ལེན་འཐབ་ཤེས་དགོཔ་དེ་ གལ་ཆེ་ཟེར་ གསུངས་ཡི།
སོ་ནམ་བློན་པོ་གིས་འབད་བ་ཅིན་ མི་སེར་ཚུ་གིས་ ཤིང་འབྲས་ཀྱི་ལྕངམ་ཚུ་ ག་དེ་མང་མང་ བཙུག་དགོཔ་མ་ཚད་ མི་སེར་ཚོ་ནམ་པའི་སྡེ་ཚན་དང་ གྲོང་སྡེ་ནགས་ཚལ་ཚུ་ གཞི་བཙུགས་འབད་དགོ་ཟེར་གསུངས་ཡི།
དེ་མ་ཚད་ ཨ་བརྒྱ་དང་ ཕུ་རྙིང་ལ་ལ་སོགས་པའི་ གནས་ཆེན་ཚུ་ཡོད་མི་ལུ་ གོ་སྐབས་ལེན་ཏེ་ ཕྱིའི་ལྟ་བཤལཔ་ཚུ་ལུ་མེན་རུང་ ནང་གི་གནས་སྐོརཔ་ཚུ་གི་དོན་ལུ་ མགྱོན་ཁྱིམ་གྱི་ཞབས་ཏོག་ཚུ་བྱིན་ཏེ་ འོང་འབབ་བཟོ་ནིའི་ གོ་སྐབས་ལེན་དགོཔ་འདུག་ཟེར་གསུངས་ཡི།
བ་ལམ་རྒཔོ་རྡོ་རྗེ་གིས་ སླབ་མིའི་ནང་ རྒེད་འོག་ནང་ གཙོ་བོ་ ཀེ་བ་དང་ གེ་ཟ་༢ ཐོན་སྐྱེད་འབད་དོ་ཡོདཔ་ཨིན་རུང་ ད་ལས་ཕར་ ཚོད་བསྲེ་གཞན་ཚུ་ཡང་ འཛུགས་སྐྱོང་འབད་དེ་ འོང་འབབ་བཟོ་ནིའི་རེ་བ་ཡོད་ཟེར་ ཨིན་པའི་གནས་ཚུལ།





No comments:

Post a Comment