གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་ཆེན་ཆོས་གླིང་གི་ཁྲོམ་ འཁོར་ལམ་གྱི་སྦོ་ལོགས་ཁར་ སྤོ་ནིའི་འཆར་གཞི།


༉ ཐིམ་ཕུ་བདེ་ཆེན་ཆོས་གླིང་ ཁྲོམ་རྙིངམ་གི་ས་ཁོངས་ནང་ ཧེ་མ་ ཚོང་པ་༤༣ དེ་ཅིག་ཡོད་མི་ཚུ་ སྐུ་སྲུང་དམག་སྡེའི་ ས་ཁོངས་རྒྱ་བསྐྱེད་འབད་བའི་སྐབས་ལུ་ སྤོ་བཤུད་འབད་དགོཔ་བྱུང་ཡོདཔ་ཨིན་པས།
ཚོང་པ་༤༣ ལས་ འོས་འབབ་ཅན་གྱི་ ཚོང་པ་༢༨ དེ་ཅིག་ལུ་ ཁྲོམ་ས་ངོས་འཛིན་འབད་མི་ ས་ཁོངས་ནང་ ཁྲོམ་ས་སྤྲོད་ཡོདཔ་ཨིན་པས།


ཨིན་རུང་ ས་ཁོངས་དེ་ནང་ ཚོང་སྒྱུར་ལེགས་ཤོམ་མེད་པ་ལུ་བརྟེན་ སྤྱི་ཟླ་༣ པའི་ནང་ དམག་སྡེའི་ས་མཚམས་ཀྱི་ བྱང་རྩིག་ལས་ མི་ཊར་༧ ལས་༡༠ དེ་ཅིག་ལུ་ ཚོང་པ་རེ་ལུ་ ཁྲོམ་ས་ཌིསི་༤.༦ རེ་ སྤྲོད་ནི་ཨིན་པས། 
གལ་སྲིད་ ཚོང་པ་ག་ར་ མ་ཤོང་པ་ཅིན་ ས་ཆ་ཌིསི་༤.༦ པོ་དེ་ ལོག་བགོ་བཤའ་རྐྱབ་ནི་ཟེར་ ཁྲོམ་སྡེའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།
ཐིམ་ཕུ་ཁྲོམ་གྱི་ འཆར་གཞི་འགོ་དཔོན་ སུཀ་ ཀུ་མར་གིས་འབད་བ་ཅིན་ ཟླཝ་འདི་ནང་ གྲོས་ཆོད་འབྱུང་ཞིནམ་ལས་ ཚོང་པ་ཚུ་ལུ་ བརྡ་ལན་འབད་འོང་ཟེར་ སླབ་ཨིན་པས།
ལམ་ལུགས་དང་འཁྲིལཝ་ད་ ས་ཁོངས་གསརཔ་ནང་ ཤམ་བར་མེད་པའི་སྡོད་ཁྱིམ་ ཐོག་ཚད་༢ རྐྱངམ་གཅིག་ལས་ རྐྱབ་མ་ཆོགཔ་ཨིནམ་ད་ ཁྲོམ་ས་དེ་ འཁོར་ལམ་གྱི་ སྦོ་ལོགས་ཁར་ཨིནམ་ལས་ སྣུམ་འཁོར་བཞག་སའི་ ས་ཁོངས་ཡང་ བཟོ་དགོཔ་ཨིན་པས།
ཐིམ་ཕུ་ཁྲོམ་དཔོན་ ཀུན་ལེགས་རྡོ་རྗེ་གིས་ སླབ་མིའི་ནང་ ཟླཝ་འདི་ནང་ ལཱ་འགོ་བཙུག་ནིའི་དོན་ལུ་ ཚོང་པ་ཚུ་དང་གཅིག་ཁར་ ཞལ་འཛོམས་འཚོག་ཞིནམ་ལས་ གྲོས་ཐག་གཅད་ནི་ཨིན་ཟེར་བའི་གནས་ཚུལ།

No comments:

Post a Comment