གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

མཁལ་རྡོག་མེདཔ་ཐལ་བའི་ཤུལ་ལུ་ དཀའ་སྡུག་ཅན་གྱི་མི་ཚེ།


མཁལ་རྡོག་ཚབ་བཙུག་མ་ཚུགས་པར་ ལུས་མི་ ནོར་བཟངམོ།

བཀྲིས་ཕུན་ཚོགས། 
༉ ཐིམ་ཕུ་རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་ནང་ བཀྲིས་སྒང་བར་མཚམས་ལས་ སྐྱེས་ལོ་༣༨ ལང་མི་ ནོར་བཟངམོ་དེ་ མཁལ་རྡོག་མེདཔ་ཐལ་ཏེ་ ལོ་༤ ལྷགཔ་ཅིག་ སོང་ཡོདཔ་ཨིན་པས།
ནོར་བཟངམོ་དེ་ ད་རེས་ནངས་པ་ རྒྱལ་ཡོངས་གཙོ་བསྟེན་སྨན་ཁང་གི་ ནདཔ་བཞག་སའི་ མགྱོན་ཁྱིམ་ནང་ སྡོད་དོ་ཡོདཔ་ད་ མོ་ལུ་ ཆ་རོགས་འབད་མི་ ག་ཡང་མེདཔ་ལས་ བཞེས་སྒོ་ཡང་ མོ་རང་གིས་འབད་དེ་ ཟ་དོ་ཡོདཔ་ཨིན་པས།
མོ་གིས་ སླབ་མིའི་ནང་ སྨན་ཁང་ནང་ལས་ཐོབ་མི་ བཞེས་སྒོ་ཚུ་ ནད་གཞི་ལུ་ མ་འཕྲོདཔ་ལས་ ཉེ་བར་མཁོ་བའི་ ཟ་ཆས་ཚུ་ ཉོ་ནིའི་དོན་ལུ་ ཏི་རུ་མེད་ནི་དེ་གིས་ དཀའ་ངལ་སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
ནོར་བཟངམོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ མོ་ལུ་ སྤུན་ཆ་ཚུ་ཡོད་དེ་འབད་རུང་ ག་ར་ཉམ་ཆུང་ཙང་ཙ་ཨིནམ་ལས་ ཆ་རོགས་འབད་ཚུགས་མི་ ག་ཡང་ཟེར་ཨིན་པས།
མོ་གིས་ སླབ་མིའི་ནང་ འཕྲལ་འཕྲལ་སྐབས་ ན་ཟུག་གིས་ དྲེག་མ་ཚུགསཔ་ད་ ཤི་ནི་བཟུམ་འབད་རུང་ ཆ་རོགས་འབད་མི་ ག་ཡང་མེདཔ་ལས་ སྡུག་བསྔལ་གྱི་ངང་ལུ་ མི་ཚེ་སྐྱོང་སྡོད་དགོ་པས་ཟེར་ཨིན་པས།
མཁལ་རྡོག་ཚབ་བཙུག་དགོ་པ་ཅིན་ རྒྱ་གར་རྒྱལ་ཁབ་ནང་ འགྱོ་དགོ་པའི་ཁར་ མཁལ་རྡོག་ཚུ་ ཉོ་ནིའི་དོན་ལུ་ ཏི་རུ་འབུམ་ལས་བཅད་དེ་ སླབ་དོ་ཡོདཔ་ལས་ མནོ་བསམ་ར་ བཏང་མི་ཚུགས་པས་ཟེར་ སླབ་ཨིན་པས།
ད་ཚུན་གྱི་རིང་ མོ་ལུ་ མཁལ་རྡོག་གི་ ཞལ་འདེབས་བྱིན་མི་ག་ཡང་ མ་ཐོནམ་མ་ཚད་ ག་དེམ་ཅིག་སྦེ་ འཐོན་ཏེ་འབད་རུང་ མོ་ར་ མི་སེར་ཉམ་ཆུང་གི་ ཨ་ལུ་ཅིག་འབད་ནི་དེ་གིས་ རེ་བ་བསྐྱེད་མི་ཚུགས་པས་ཟེར་ཨིན་པས།
ནོར་བཟངམོ་གིས་འབད་བ་ཅིན་ མོ་གི་མི་ཚེ་དེ་ དགའཝ་ཨིན་ན་ སྐྱོཝ་ཨིན་ན་ མ་ཤེས་པའི་ སྡུག་བསྔལ་ངང་ལུ་ཡོད་ཟེར་ སླབ་ཨིན་པའི་གནས་ཚུལ།



No comments:

Post a Comment