གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཕུཊ་བཱོལ་རྩེད་ཐང་ཚུ་ ལེགས་བཅོས་འབད་ནིའི་དོན་ལུ་ མ་དངུལ་གྱི་གྲོགས་རམ།


བཙུག་ནིའི་དོན་ལུ་ རྟེན་འབྲེལ་བརྩི་བའི་བསྒང་།

བཀྲིས་ཕུན་ཚོགས།

༉ འཕྲལ་མགྱོགས་ར་ ཐིམ་ཕུ་ལྕང་གླིང་མི་ཐང་གི་ རྩེད་ཐང་ནང་ རྒྱལ་ཁབ་གཞན་ཚུ་ནང་བཟུམ་སྦེ་ བཅོས་མའི་རྩྭ་ཐུང་ཚུ་ བཙུག་ནི་ཨིནམ་ལས་ འབྲུག་པའི་ཕུཊ་བཱོལ་རྩེད་མི་ཚུ་ལུ་ ད་རེས་བཟུམ་མའི་ དཀའ་ངལ་མི་བྱུང་ནི་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༨ ལུ་ རྒྱལ་སྤྱི་མཉམ་འབྲེལ་ཕུཊ་བཱོལ་ཚོགས་སྡེའི་གཙོ་འཛིན་ ཇཱོ་སེབ་ ཨེསི་ བཱལཊི་དང་ ཨེ་ཤེ་ཡཱན་ཕུཊ་བཱོལ་ཚོགས་སྡེ་ལས་ གཙོ་འཛིན་ངོ་ཚབ་ ཞང་ ཇི་སློང་༢ གཞུང་འབྲེལ་ཐོག་ལས་ རྒྱལ་ཁབ་ནང་ ལྷོད་ཡོདཔ་ད་ དེ་ཡང་ འབྲུག་ཕུཊ་བཱོལ་ཚོགས་སྡེ་གི་ ལས་འགུལ་༣ པ་ གཞི་བཙུག་འབད་ནིའི་དོན་ལུ་ཨིན་པས།


རྒྱལ་སྤྱི་མཉམ་འབྲེལ་ཕུཊ་བཱོལ་ཚོགས་སྡེའི་གཙོ་འཛིན་ ཇཱོ་སེབ་ ཨེསི་ བཱལཊི་གིས་ སླབ་མི་དང་འཁྲིལཝ་ད་ གཱོལ་ལས་འགུལ་དེ་ རྒྱལ་ཁབ་༢༠༨ ལྷགཔ་ཅིག་གི་དོན་ལུ་ གཞི་བཙུགས་འབད་ཡོདཔ་ལས་ འབྲུག་རྒྱལ་ཁབ་ཡར་རྒྱས་འགྱོཝ་དང་བསྟུན་ རྒྱལ་ཁབ་ནང་ རྒྱལ་ཁབ་གཞན་བཟུམ་སྦེ་ བཅོས་མའི་རྩྭ་ཐུང་ ལག་ལེན་འཐབ་དགོཔ་དེ་ གལ་ཆེ་བས་ཟེར་ཨིན་པས།
དེ་ཡང་ གཙོ་བོ་ར་ འབྲུག་པའི་ ཕུཊ་བཱོལ་རྩེད་མི་ཚུ་གི་ རིག་རྩལ་ཡར་དྲག་གཏང་ནི་དང་ རྒྱལ་སྤྱི་ཕུཊ་བཱོལ་རྩེད་འགྲན་པ་དང་མཉམ་ དོ་འགྲན་འབད་ཚུགས་ནིའི་དོན་ལུ་ཨིན་ཟེར་ སླབ་ཡོདཔ་བཞིན་དུ་ འབྲུག་ཕུཊ་བཱོལ་ཚོགས་སྡེའི་ ཡོངས་ཁྱབ་དྲུང་ཆེན་གྱིས་ འབད་རུང་ ལས་རིམ་དེ་གིས་ ཕུཊ་བཱོལ་རྩེད་འགྲན་པ་ཚུ་ལུ་ རིག་རྩལ་དང་ ཉམས་མྱོང་ཡར་དྲག་གཏང་ནི་ལུ་ ལྷན་ཐབས་འབད་ཚུགས་ཟེར་ཨིན་པས།
ཁོ་གིས་འབད་བ་ཅིན་ རྒྱལ་སྤྱི་མཉམ་འབྲེལ་ཕུཊ་བཱོལ་ཚོགས་སྡེ་ལས་ སྤྱི་ལོ་༢༠༠༥ ལུ་ ལས་འགུལ་དང་པའི་དོན་ལུ་ མ་དངུལ་ཌོ་ལར་ས་ཡ་༤ བྱིན་ཡོདཔ་བཞིན་དུ་ ལས་འགུལ་༢ པའི་དོན་ལུ་ མ་དངུལ་ཌོ་ལར་ས་ཡ་༤ བྱིན་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ལས་འགུལ་༣ པའི་དོན་ལུ་ ལྕང་གླིང་མི་ཐང་ནང་ བཅོས་མའི་རྩྭ་ཐུང་ བཙུག་ནིའི་དོན་ལས་ མ་དངུལ་ཌོ་ལར་ས་ཡ་༤ དང་ ལྕང་ཇི་ཇི་རྩེད་ཐང་གི་དོན་ལུ་ ཌོ་ལར་ས་ཡ་༥ གྲོགས་རམ་གནང་ཡི་ཟེར་ཨིན་པས།
དུས་ཡུན་ཟླཝ་༢ འབད་མི་ ལས་འགུལ་༣ པ་དེ་ ལྕང་གླིང་མི་ཐང་གི་རྩེད་ཐང་ འགོ་འབྱེད་འབད་བའི་སྐབས་ལུ་ རྒྱལ་སྤྱི་མཉམ་འབྲེལ་ཕུཊ་བཱོལ་ཚོགས་སྡེའི་ གཙོ་འཛིན་དང་ ཨེ་ཤེ་ཡཱན་ཕུཊ་བཱོལ་ཚོགས་སྡེའི་ གཙོ་འཛིན་ངོ་ཚབ་ དེ་ལས་ འབྲུག་ཨོ་ལིམ་པིག་ཚོགས་སྡེའི་ འགོ་དཔོན་ཚུ་གིས་ འགོ་བཙུགས་ཡོདཔ་ ཨིན་པའི་གས་ཚུལ།




No comments:

Post a Comment