གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ནང་པའི་གཙུག་ལག་སློབ་སྡེ་ བཟོ་སྐྲུན་འབད་མི་ ཁག་འབགཔ་ཚུ་ལུ་ཉེས་ཆད།


རྒྱ་གར་ ཀཱོལ་ཀ་ཊ་ལས་ ལས་མི་༢༥ ཁྱིད་འོང་ཚུ་གི་གྲས་ལས་ མང་ཤོས་ཅིག་གིས་ ཅ་ཆས་ཚུ་འབག་སྟེ་ བྱོག་སོང་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ལུ་ བར་ཆད་རྐྱབ་མ་ཚད་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡོདཔ་ཨིན་པས།

ཐིམ་ཕུ་ རྡོ་གདན་ནང་ལུ་ བཟོ་སྐྲུན་འབད་བའི་བསྒངཡོད་པའི་ མཐོང་སྣང།

ཤེས་རབ་བསྟན་འཛིན།
༉ ཐིམ་ཕུ་ རྟ་མགོ་དགོན་པ་དང་ ལྕགས་རི་དགོན་པ་ལུ་ འགྱོ་སའི་ལམ་ཁར་ རྡོ་གདན་ནང་ལུ་ ནང་པའི་གཙུག་ལག་སློབ་སྡེ་གསརཔ་ཅིག་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
འདས་པའི་ལོ་ནང་ལས་ འགོ་བཙུགས་མི་ གཙུག་ལག་སློབ་སྡེའི་ བཟོ་སྐྲུན་ལཱ་ཚུ་ ཁག་འབག་ཐུམ་ཚན་༥ སྦེ་ དབྱེ་ཁག་བཟོ་སྟེ་ ཡོདཔ་ཨིན་པས།


དེ་ཡང་ ཁག་འབག་ཐུམ་ཚན་དང་པའི་ནང་ དགའ་གསེབ་བཟོ་སྐྲུན་ལས་སྡེ་གིས་ གོང་ཚད་མ་དངུལ་༥༣,༥༠༠,༠༠༠ གི་ཐོག་ལས་ སློབ་ཁང་༤ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ཨིན་པས།
སྤྱི་ལོ་༢༠༡༠ གྱི་ ཟླཝ་༩ པའི་ནང་ལས་ བཟོ་སྐྲུན་གྱི་ལཱ་ འགོ་བཙུགས་མི་དེ་ དུས་ཅི་ སྤྱི་ཟླ་དང་པའི་ནང་ མཇུག་བསྡུ་དགོཔ་ཨིན་རུང་ དུས་ཚོད་ཁར་ མཇུག་བསྡུ་མ་ཚུགསཔ་ལས་ བཟོ་སྐྲུན་ལས་སྡེ་ལུ་ བཟོ་སྐྲུན་གྱི་ གོང་ཚད་མ་དངུལ་ལས་ ཉེས་ཆད་བརྒྱ་ཆ་༡༠ ཕོག་ཡོདཔ་ཨིན་པས།
ཁག་འབག་ཐུམ་ཚན་༢ པ་དེ་ ཨེལ་ཨེན་ཌི་བཟོ་སྐྲུན་ལས་སྡེ་གིས་ གོང་ཚད་དངུལ་ཀྲམ་ས་ཡ་༧ ཐོག་ལས་ འཁོར་ལམ་བཟོ་སྐྲུན་འབད་མི་དེ་ དུས་ཡུན་ལོ་ངོ་༢ ནང་ བསྒྲུབ་དགོཔ་ཨིན་རུང་ ཟླ་༡ ཕྱིས་སོཔ་ལས་ ཉེས་ཆད་དངུལ་ཀྲམ་ས་ཡ་༡ ལྷགཔ་ཅིག་ ཕོག་ཡི་ཟེར་ ཁག་འབགཔ་ བཀྲིས་ཀྱིས་ སླབ་ཡོདཔ་ད་ ཨིན་རུང་ འཁོར་ལམ་བཟོ་སྐྲུན་འབད་མི་དེ་ མཇུག་བསྡུ་ཚར་ཡི་ཟེར་ཨིན་པས།
ཁག་འབག་ཐུམ་ཚན་༣ པ་དང་༤ པ་ དེ་ལས་༥ པ་དེ་ དཀོན་མཆོག་རྡོ་རྗེ་ བཟོ་སྐྲུན་ལས་སྡེ་གིས་ ལེན་ཡོདཔ་ད་ དེ་ཡང་ གོང་ཚད་དངུལ་ཀྲམ་༦༠,༧༣༦,༦༡༧ འབད་མི་ ཐུམ་ཚན་༣ པའི་དོན་ལུ་ ཉལ་ཁང་༢ དང་ ཟ་ཁང་༡ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ བཟོ་སྐྲུན་གྱི་ལཱ་ཚུ་ ན་ཧིང་ སྤྱི་ཟླ་༤ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་༩ པའི་ནང་བསྒྲུབ་དགོཔ་ཨིན་པས།
ཐུམ་ཚན་༤ པའི་ནང་ གོང་ཚད་དངུལ་ཀྲམ་༢༦,༧༩༤,༡༡༡ གི་ཐོག་ལས་ ཚོགས་ཁང་རྐྱབ་པའི་བསྒང་ཡོདཔ་ད་ དེ་ཡང་ ན་ཧིང་སྤྱི་ཟླ་༦ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ དུས་ཅི་༡༠ པའི་ནང་ མཇུག་བསྡུ་དགོཔ་ཨིནམ་ད་ ལཱ་དེ་གི་དོན་ལུ་ ཤིང་ཆས་ལེ་ཤ་དགོཔ་ཨིན་རུང་ ད་རེས་ནངས་པ་ ཤིང་ཆས་ཀྱི་དཀའ་ངལ་ཡོདཔ་ལས་ དུས་ཅི་ དུས་ཚོད་འཁྲིལ་ ག་དེ་སྦེ་ མཇུག་བསྡུ་ཚུགས་ག་ ཚ་གྱང་སྦོམ་ཡོད་ཟེར་ བཟོ་རིག་འགོ་དཔོན་ ཕུན་ཚོགས་ཀྱིས་ སླབ་ཨིན་པས།
བཟོ་སྐྲུན་གོང་ཚད་ དངུལ་ས་ཡ་༦༠.༣༢ འབད་མི་ ཁག་འབག་ཐུམ་ཚན་༥ པའི་དོན་ལུ་ མགྱོན་ཁྱིམ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ དེ་ཡང་ ན་ཧིང་ སྤྱི་ཟླ་༧ པ་ལས་ འགོ་བཙུགས་ཡོདཔ་བཞིན་དུ་ སྤྱི་ལོ་༢༠༡༣ གྱི་ ཟླཝ་༢ པའི་ནང་ མཇུག་བསྡུ་དགོཔ་ལས་ དུས་ཡུན་གངམ་མེནཔ་ལས་ ལཱ་ཤུགས་བཏོན་པའི་བསྒང་ ཡོདཔ་ཨིན་པས།
ཐུམ་ཚན་དང་པའི་ བཟོ་རིག་འགོ་དཔོན་ སཱ་ཇི་ ཐོ་མཱས་གིས་ སླབ་མིའི་ནང་ བཟོ་སྐྲུན་ལཱ་ཚུ་ ཡུན་འགྱངས་ལུས་མི་དེ་ཡང་ གཙོ་བོ་ར་ གནམ་གཤིས་གནས་སྟངས་ལུ་བརྟེན་ཏེ་ ཨིན་ཟེར་ཨིནམ་ད་ སྤྱི་ཟླ་དང་པ་དང་༢ པ་ དེ་ལས་༡༢ པའི་ནང་ གྱང་བསིལ་ཆེ་ནི་དེ་གིས་ ལཱ་འབད་མ་ཚུགས་ཟེར་ཨིན་པས།
དེ་མ་ཚད་ རྒྱ་གར་ ཀཱོལ་ཀ་ཊ་ལས་ ལས་མི་༢༥ ཁྱིད་འོང་ཚུ་གི་གྲས་ལས་ མང་ཤོས་ཅིག་གིས་ ཅ་ཆས་ཚུ་འབག་སྟེ་ བྱོག་སོང་མི་ལུ་བརྟེན་ བཟོ་སྐྲུན་གྱི་ལཱ་ལུ་ བར་ཆད་རྐྱབ་མ་ཚད་ གྱོང་རྒུད་སྦོམ་སྦེ་ར་ ཕོག་ཡི་ཟེར་ཨིན་པས།
ལས་འགུལ་གྱི་ བཟོ་རིག་འགོ་དཔོན་ ཨྱོན་ཚེ་རིང་གིས་ སླབ་མིའི་ནང་ ད་ལྟོ་ བཟོ་སྐྲུན་འབད་བའི་བསྒང་ཡོད་མི་ ནང་པའི་གཙུག་ལག་སློབ་སྡེ་གསརཔ་དེ་ མཇུག་བསྡུ་བའི་ཤུལ་ལས་ རྟ་མགོ་མཐོ་རིམ་བཤད་གྲྭ་ལས་ མཐར་འཁྱོལ་མི་ཚུ་ གཙུག་ལག་ཤེས་ཡོན་ སྦྱང་ཚུགས་ནིའི་གོ་སྐབས་ འཐོབ་ཚུགས་ནི་ཨིན་པའི་གནས་ཚུལ།


No comments:

Post a Comment