གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རུ་པི་དགོ་པ་ཅིན་ འབྲེལ་ཡོད་ཡིག་ཆ་ཚུ་བཏོན་དགོཔ།


རུ་པི་བརྗེ་སོར་འབད་ནིའི་དོན་ལུ་ གྱལ་བཙར་ཏེ་སྡོད་པའི་བསྒང་།
ཉི་མ་དབང་འདུས།

ཧེ་མ་འབད་བ་ཅིན་ དངུལ་ཁང་ཚུ་ནང་ལས་ རྒྱ་གར་གྱི་རུ་པི་ ལེན་ནིའི་དོན་ལུ་ འབྲུག་མི་ཚུ་གིས་ རང་སོའི་ ངོ་སྤྲོད་ལག་ཁྱེར་ཚུ་ བཏོན་དགོཔ་ཨིན་རུང་ ད་ལས་ཕར་ ཚོང་འབྲེལ་དང་ གསོ་བའི་ཡིག་ཆ་ ཁྲལ་གྱི་འབྱོར་རྟགས་ དེ་ལས་ སྐྱེལ་འདྲེན་གྱི་ ཤོག་འཛིན་ཚུ་ བཏོན་དགོཔ་ཨིན་པས།
དེ་ཡང་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ དངུལ་ཁང་ཚུ་ལུ་ ལམ་ལུགས་དེ་ ལག་ལེན་འཐབ་དགོཔ་སྦེ་ བཀོད་བྱ་བྱིན་མི་དང་འཁྲིལ་ཏེ་ཨིན་པས།

ད་རེས་ཁམས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ རུ་པི་དགོ་འདོད་ཡོད་མི་ཚུ་གིས་ རང་སོའི་ ངོ་སྤྲོད་ལག་ཁྱེར་ཚུ་ བཏོན་ཐོག་ལས་ ཉིནམ་རེ་ལུ་ རུ་པི་༡༠,༠༠༠ དང་ ཟླཝ་༡ ལུ་ མཐོ་ཤོས་རུ་པི་༥༠,༠༠༠ རེ་ ལེན་ཆོགཔ་སྦེ་ སླབ་ཡོདཔ་ཨིན་པས།
ཨིན་རུང་ ད་རེས་ནངས་པ་ འབྲུག་པའི་སོ་ནམ་པ་ཚུ་ལས་ འགོ་བཙུགས་ཏེ་ ཁག་འབགཔ་ཚུ་གིས་ རྒྱ་གར་དང་གཅིག་ཁར་ ཚོང་འབྲེལ་ཚུ་ འཐབ་དོ་ཡོདཔ་ལས་ ཁོང་གིས་ ཉིན་བསྟར་བཞིན་དུ་ དངུལ་ཁང་ནང་ལས་ རུ་པི་ལེན་འབག་འགྱོ་བའི་བསྒང་ལས་ ཁོང་གི་ཡིག་ཆ་ཚུ་ རེ་རེ་བཞིན་དུ་ དབྱེ་ཞིབ་རྐྱབ་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ དངུལ་ཁང་གི་ འགོ་དཔོན་ཅིག་གིས་ སླབ་ཨིན་པས།
ཕུན་ཚོགས་གླིང་ལུ་ དངུལ་ཁང་གི་ ལས་བྱེདཔ་ཅིག་གིས་འབད་བ་ཅིན་ ས་གནས་ནང་སྡོད་མི་ཚུ་གིས་ རྒྱ་གར་ལས་ ཚོང་ཉོ་ནིའི་དོན་ལུ་ རུ་པི་ལེན་པར་ འོང་དོ་ཡོད་མི་ལུ་བརྟེན་ རུ་པི་ཕྱི་ཁར་འགྱོ་མི་ལས་ བཀག་ཐབས་འབད་ནི་ལུ་ ལཱ་ཁག་རྐྱབ་མས་ཟེར་ཨིན་པས།
སྤྱི་ཟླ་༣ པའི་ཚེས་༡༢ ལུ་ འབྲུག་གི་དངུལ་ཁང་གིས་ རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ ངོ་ཚབ་སྦེ་ རྒྱ་གར་གྱི་ རྒྱལ་ཁམས་དངུལ་ཁང་ལས་ སྐྱེད་བརྒྱ་ཆ་༡༠ རེ་སྤྲོད་དེ་ རུ་པི་ས་ཡ་༡,༠༠༠ ལེན་ཡོད་མི་ལས་ འབྲུག་རྒྱལ་ཡོངས་དངུལ་ཁང་ལུ་ རུ་པི་ས་ཡ་༣༠༠ དང་ འབྲུག་པཱན་ཇཱབ་དངུལ་ཁང་ལུ་ རུ་པི་ས་ཡ་༢༠༠ བགོ་བཀྲམ་འབད་ཡོདཔ་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ མ་གཞི་ དངུལ་ཁང་ཚུ་ལུ་ རུ་པི་སྤྲོད་མི་དེ་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གི་ རྩིས་ཁ་བསྡམས་པའི་སྐབས་ ལག་ལེན་འཐབ་བཅུག་ནི་ལུ་ དམིགས་ཏེ་ཨིན་རུང་ འབྲུག་རྒྱལ་ཡོངས་དངུལ་ཁང་ནང་ རུ་པི་རྫོགས་སོཔ་ལས་ ད་རུང་ རུ་པི་ས་ཡ་༡༥༠ ཧེང་སྐལ་དགོ་པའི་ ཞུ་བ་ལྷོད་དེ་ཡོད་ཟེར་ཨིན་པས།
རྒྱལ་གཞུང་དངུལ་ལས་དབང་འཛིན་གྱིས་ འབྲུག་ལུ་མ་སྡོད་མི་ ཕྱི་མི་ཚུ་གི་ རྩིས་ཁ་ཚུ་ བསྡམ་དགོཔ་སྦེ་ བཀའ་རྒྱ་གནང་ཡོདཔ་ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༩ ཚུན་གྱི་ གསོག་འཇོག་ཚུ་ རུ་པི་ལུ་ རྗེས་སོར་འབད་དེ་ ལེན་ཆོགཔ་སྦེ་ སླབ་ཡོདཔ་ཨིན་པས།
ཊི་དངུལ་ཁང་གི་ འགོ་དཔོན་ཅིག་གིས་འབད་བ་ཅིན་ དངུལ་ཁང་དང་གཅིག་ཁར་ ཕྱི་རྒྱལ་གྱི་རྩིས་ཁྲ་ཚུ་ ལེ་ཤ་མེདཔ་ལས་ ད་ལྟོ་ཚུན་ཚོད་ ན་ཧིང་ སྤྱི་ཟླ་༡༡ པའི་ནང་ རུ་པི་ས་ཡ་༡.༥ དེ་ཅིག་ ལེན་ཡོད་མི་དེ་ ལག་ལེན་འཐབ་ཡོདཔ་ཨིན་རུང་ སྤྱི་ཟླ་༣ པའི་ཚེས་༡༤ ལུ་ རུ་པི་ས་ཡ་༡༥༠ དགོ་པའི་ ཞུ་བ་འབད་ཡོདཔ་སྦེ་ སླབ་ཨིན་པས།
དངུལ་ཁང་གིས་ སྐྱིན་འགྲུལ་བྱིན་ཆོག་པའི་ ཚད་གཞི་དེ་ རྫོགས་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་༡ དང་པ་ལས་ ཤེས་ཡོན་གྱི་སྐྱིན་འགྲུལ་འབྱིན་ནི་དེ་ཡང་ མཚམས་འཇོག་འབད་ཡོདཔ་ཨིན་པས།
ཚོང་འབྲེལ་བ་ཚུ་གིས་ ཁོང་རའི་ རྒྱ་གར་གྱི་ མཉམ་འབྲེལ་བ་ཚུ་ལུ་ ནང་འདྲེན་འབད་བའི་ ཏི་རུ་སྤྲོད་ནི་ཚུ་ དངུལ་ཁང་བརྒྱུད་དེ་འབད་བ་ཅིན་ རུ་པི་འཐོབ་ཚུགས་ནི་དང་ དེ་ཡང་ ཚོང་འབྲེལ་ལས་སྡེ་ཚུ་ལུ་ ཚ་གྱང་ལང་མ་དགོཔ་བཟོ་ནི་དང་ རུ་པི་ཚུ་ ཚུལ་མིན་སྤྱོད་ནི་ལས་ བཀག་ནིའི་དོན་ལུ་ཨིན་ཟེར་ དབང་འཛིན་གྱི་ འགོ་དཔོན་ཅིག་གིས་ སླབ་ཨིན་པའི་གནས་ཚུལ།


No comments:

Post a Comment