གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ས་མར་ཁུ་ ཐོབ་མ་ཚུགས་པའི་དཀའ་ངལ།


ཡེ་ཤེས་སྒྲོལ་མ།

༉ གནམ་དགུན་གྱི་དུས་ཚོད་ལུ་ ཐིམ་ཕུ་ལུ་སྡོད་མི་ མང་ཤོས་ཅིག་གིས་ར་ ས་མར་ཁུ་བླུག་དགོ་པའི་ དྲོད་བཏགས་འཕྲུལ་ཆས་ ཧི་ཊར་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན་རུང་ ད་རེས་ནངས་པ་ ས་མར་ཁུ་ཐོབ་མ་ཚུགས་པའི་ དཀའ་ངལ་བྱུང་སྟེ་ ཡོདཔ་ཨིན་པས།
དེ་ཡང་ ཐིམ་ཕུ་ལུ་ ས་མར་ཁུ་སྤྱོད་མིའི་གྱངས་ཁ་དེ་ ལོ་བསྟར་བཞིན་དུ་ ཡར་སེང་འགྱོ་དོ་ཡོདཔ་མ་ཚད་ རེ་ཅིག་སྐབས་ ས་མར་ཁུའི་བཀྲམ་སྤེལ་ཚུ་ དུས་ཚོད་ཁར་ མ་ལྷོད་པའི་ཁར་ འཕྲལ་འཕྲལ་སྦེ་ར་ ས་མར་ཁུ་བླུག་ནིའི་ འཕྲུལ་ཆས་ཚུ་ཡང་ མེདཔ་ཐལ་མི་ལུ་བརྟེན་ཏེ་ཨིན་པས།

བཀྲིས་མར་ཁུ་བཀྲམ་སྤེལ་ཁང་གི་ འཛིན་སྐྱོང་པ་ དི་ལིཔ་ ཆེ་ཏི་རི་གིས་ སླབ་མིའི་ནང་ མར་ཁུ་བཀྲམ་སྤེལ་ཁང་ནང་ འཕྲལ་ཁམས་ཅིག་ཁར་ ཕུན་ཚོགས་གླིང་ལས་ ས་མར་ཁུ་འབག་མི་ སྣུམ་འཁོར་ཊཱག་དེ་ ལམ་ཁར་ ཐོགས་ལུས་མི་ལུ་བརྟེན་ ཉིནམ་༡ གི་རིང་ མི་སེར་ཚུ་ལུ་ མར་ཁུ་ བཙོང་མ་ཚུགས་པར་ ལུས་སོཔ་མ་གཏོགས་ གཞན་འབད་བ་ཅིན་ ཨ་རྟག་ར་ མར་ཁུ་ཚུ་ ཆད་ནི་མེད་པར་ བཙོང་དོ་ཟེར་ཨིན་པས།
བཀྲིས་མར་ཁུ་བཀྲམ་སྤེལ་ཁང་ལུ་ ཐིམ་ཕུ་ཁྲོམ་ཁར་ ཤོང་ཚད་ལི་ཊར་༡༠,༠༠༠ འབད་མི་ གསོག་འཇོག་ཁང་༡ དང་ མུ་ཏིག་ཐང་ལུ་ ཤོང་ཚད་ལི་ཊར་༥,༠༠༠ འབད་མི་ གསོག་འཇོག་ཁང་༡ ཡོདཔ་ཨིན་རུང་ དེ་ཚེ་ ཕུན་ཚོགས་གླིང་ལས་ མར་ཁུ་མ་ལྷོད་པའི་སྐབས་ བསག་མཛོད་ནང་ཡོད་མི་དེ་ ཉིནམ་༡ ནང་ར་ རྫོགས་སོ་ཡི་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ གནམ་དགུན་གྱང་ཤུགས་ཆེ་བའི་སྐབས་ ཉིནམ་རེ་ལུ་ ས་མར་ཁུ་ལི་ཊར་༥,༠༠༠ ལས་༦,༠༠༠ གི་བར་ན་ བཙོང་དོ་ཡོདཔ་ཨིན་རུང་ གནམ་འབྱ་གི་དུས་ཚོད་ལུ་ ལི་ཊར་༥,༠༠༠ དེ་ཅིག་མ་གཏོགས་ བཙོང་མི་ཚུགས་པས་ཟེར་ཨིན་པས།
ལས་འཛིན་ཅིག་ནང་ལཱ་འབད་མི་ བསོད་ནམས་ཕུན་ཚོགས་ཀྱིས་ སླབ་མིའི་ནང་ མར་ཁུ་བཀྲམ་སྤེལ་ཁང་ ལ་ལུ་ཅིག་ནང་ ས་མར་ཁུ་བླུག་ནིའི་ འཕྲུལ་ཆས་མེདཔ་ཤོར་ཡོདཔ་སྦེ་ སླབ་མི་ལུ་བརྟེན་ བདུན་ཕྲུག་༡ དེ་ཅིག་ སྒུག་པའི་ཤུལ་ལས་ ལོག་འགྱོ་བའི་སྐབས་ལུ་ཡང་ དཀའ་ དེ་སྦེ་ར་ སྡོད་ནུག་ཟེར་ཨིན་པས། 
སློབ་གྲྭའི་ སློབ་དཔོན་ཅིག་ཨིན་མི་ རྡོ་རྗེ་གཡང་འཛོམས་ཀྱིས་ བཤད་དོ་བཟུམ་འབད་བ་ཅིན་ ཧེ་མ་ ཐབ་ཤིང་ཐོབ་ཚུགས་པའི་སྐབས་ མོ་གིས་ ལྕགས་ཐབ་བུ་ཁ་རི་ ལག་ལེན་འཐབ་ཡོདཔ་ཨིན་རུང་ ཤུལ་ལས་ ཐབ་ཤིང་ཐོབ་མ་ཚུགས་པའི་ དཀའ་ངལ་ལུ་བརྟེན་ ས་མར་ཁུ་ལག་ལེན་འཐབ་དགོ་པའི་ དྲོད་བཏགས་ཧི་ཊར་ ཉོ་ཡི་ཟེར་ཨིན་པས།
ཨིན་རུང་ ད་རེས་ཀྱི་གནས་སྟངས་ནང་ ས་མར་ཁུ་ཚུ་ མི་ངོ་རེ་ལུ་ ཟླ་རིམ་གྱི་ཐོབ་ལམ་དང་འཁྲིལ་ ཚད་ཅིག་ལས་ འཐོབ་ནི་མེད་པའི་ཁར་ རེ་ཚེ་སྐབས་ བཀྲམ་སྤེལ་རྫོགས་དོ་ཡོད་མི་ལུ་བརྟེན་ བྱ་སྟབས་མ་བདེཝ་ སྦོམ་སྦེ་ར་ བྱུངམ་མས་ཟེར་ཨིན་པས།
དེ་བཟུམ་སྦེ་ ཀུན་གསལ་གྱིས་ དམ་ཅན་མར་ཁུ་བཀྲམ་སྤེལ་ཁང་གི་ ལས་བྱེདཔ་ཅིག་ལུ་ དྲི་བཀོད་འབད་བའི་སྐབས་ མར་ཁུ་བླུག་ནིའི་འཕྲུལ་ཆས་དེ་ མེདཔ་ཐལ་ཡོདཔ་སྦེ་ སླབ་ཨིན་རུང་ འཛིན་སྐྱོང་པ་དང་ འབྲེལ་བ་འཐབ་མ་ཚུགསཔ་ ཨིན་པའི་གནས་ཚུལ།

No comments:

Post a Comment