གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

རྫོང་ཁའི་ ཡིག་བསྐུར་རྣམ་གཞག་དང་ འབྲི་ལྷག་ཤེས་ཡོན་སྦྱོང་བརྡར།


པདྨ་ཆོས་སྒྲོན།
༉ ཁ་ཙ་ ཐིམ་ཕུ་ རྫོང་ཁ་གོང་འཕེལ་སྦྱོང་བརྡར་སྤེལ་ཁང་གིས་ བསྟན་སྲུང་དམག་མི་༢༠ དེ་ཅིག་ལུ་ གཞུང་འབྲེལ་ཡིག་བསྐུར་རྣམ་གཞག་གི་ སྦྱོང་བརྡར་ཐེངས་༢ པ་དང་ ཞབས་ཏོག་ལྷན་ཁག་འོག་གི་ བཟོ་རིག་འགོ་དཔོན་༢༦ ལུ་ འབྲི་ལྷག་ཤེས་ཡོན་རིག་རྩལ་གྱི་ སྦྱོང་བརྡར་འགོ་བཙུགས་ཅི།

རྫོང་ཁ་གོང་འཕེལ་སྦྱོང་བརྡར་སྤེལ་ཁང་གི་མདོ་ཆེན་ ཀུན་ལེགས་རྒྱལ་མཚན་གྱིས་ དེ་བཟུམ་མའི་ སྦྱོང་བརྡར་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ ལྷན་ཁག་དང་ ལས་སྡེ་ དེ་ལས་ ལས་ཁུངས་ཁག་གི་ ལས་བྱེདཔ་ཚུ་ལུ་ རྫོང་ཁའི་རིག་རྩལ་གོང་འཕེལ་གཏང་ཐབས་ལུ་ཨིན་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ ཉིན་གྲངས་༡༤ གི་རིང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ཉིནམ་རེ་ལུ་ དུས་ཡུན་ཆུ་ཚོད་༨ ཀྱི་རིང་ སློབ་སྟོན་འབད་ནི་ཨིན་པས།
སྐྱེས་ལོ་༥༡ ལང་མི་ བསྟན་སྲུང་དམག་མི་ ཡོང་བ་གིས་ སླབ་མིའི་ནང་ སྦྱོང་བརྡར་ནང་ བཅའ་མར་གཏོགས་ནི་གི་ གོ་སྐབས་ཐོབ་ནི་དེ་གིས་ རྫོང་ཁའི་རིག་རྩལ་ ཡར་དྲག་གཏང་ཚུགས་ནི་ཨིནམ་ལས་ སེམས་དགའ་ཡི་ཟེར་ཨིན་པས། 
བཟོ་རིག་འགོ་དཔོན་ ཀུན་བཟང་དོན་གྲུབ་ཀྱིས་འབད་བ་ཅིན་ མ་གཞི་ བཟོ་རིག་གི་ལཱ་ནང་ རྫོང་ཁ་དང་འབྲེལ་བ་མེད་རུང་ བཟོ་རིག་གི་ ལཱ་ལུ་བརྟེན་ གཡུས་སྒོ་ཚུ་ནང་འགྱོ་བའི་སྐབས་ལུ་ ཕན་ཐོགས་འབྱུང་ནི་ཨིན་པའི་ཁར་ རྫོང་ཁའི་ཤེས་ཡོན་ རྒྱ་བསྐྱེད་གཏང་ནི་ལུ་ཡང་ ཕན་ཐོགས་འདུག་ཟེར་ སླབ་ཨིན་པའི་གནས་ཚུལ།   

No comments:

Post a Comment