གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཆུང་རིམ་ཚོང་འབྲེལ་འཐབ་མི་ཚུ་གི་དོན་ལུ་ རིག་རྩལ་སྦྱོང་བརྡར།


བསྟན་འཛིན་རྣམ་རྒྱལ།

༉ མི་སྡེའི་དཔལ་འབྱོར་གོང་འཕེལ་ ཡར་དྲག་གཏང་དགོ་པ་ཅིན་ ཚོང་ལཱ་ཆུང་བའི་ནང་ བཅའ་མར་གཏོགས་མི་ཚུ་གི་ ལྕོགས་གྲུབ་དང་ རིག་རྩལ་ཚུ་ གོང་འཕེལ་གཏང་དགོཔ་ ཁག་ཆེ་ནི་ཨིནམ་ད་ མི་མང་ཤོས་ར་ ཚོང་ལཱ་ཆུང་བ་འབད་མི་ཨིནམ་ལས་ ཁོང་གི་ལྕོགས་གྲུབ་ རྒྱ་བསྐྱེད་གཏང་པ་ཅིན་ རྒྱལ་ཁབ་རང་བཞིན་གྱིས་ ཡར་རྒྱས་འགྱོ་ནི་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ ཚོང་ལཱ་ཆུང་བ་ཚུ་ནང་ འབྲེལ་གཏོགས་འབད་མི་༢༠,༠༠༠ དེ་ཅིག་ཡོདཔ་ཨིན་རུང་ ཁོང་ལུ་ ཚོང་དང་འབྲེལ་བའི་ཁྱད་རིག་དང་ རིག་རྩལ་ དེ་ལས་ ཤེས་ཡོན་ལེགས་ཤོམ་མེདཔ་ལས་ དེ་ཚུ་ གོང་འཕེལ་གཏང་ནིའི་དོན་ལུ་ བསྟན་རྒྱས་ལྷན་ཁག་འོག་གི་ ཚོང་འབྲེལ་ལས་ཁུངས་ཀྱིས་ ཚོང་དང་འབྲེལ་བའི་ རིག་རྩལ་སྦྱོང་བརྡར་ལས་རིམ་ཅིག་ འགོ་བཙུག་ནི་ཨིན་པས།
སྤྱི་ཟླ་༡༢ པའི་ཚེས་༡༢ ལས་ འགོ་བཙུག་ནི་ཨིན་མི་ སྦྱོང་བརྡར་ལས་རིམ་དེ་ ཤར་ཕྱོགས་ལུང་ཕྱོགས་ཀྱི་ བཀྲིས་སྒང་དང་ བཀྲིས་གཡང་རྩེ་ མོང་སྒར་ དེ་ལས་ ལྷུན་རྩེ་རྫོང་ཁག་ཚུ་ནང་ འགོ་འདྲེན་འཐབ་ནི་ཨིནམ་ད་ ཉིནམ་གྲངས་༥ འི་ལས་རིམ་ནང་ རྫོང་ཁག་རེ་ལས་ མི་གྲངས་༥༠ རེ་གིས་ བཅའ་མར་གཏོགས་ཚུགས་པའི་ དམིགས་གཏད་བསྐྱེད་དོ་ཟེར ཚོང་འབྲེལ་གཙོ་འཛིན་ རྡོ་ཕུག་ཚེ་རིང་གིས་ སླབ་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ རྫོང་ཁག་༤ འི་ནང་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ ཚོང་ལཱ་ཆུང་བ་འབད་མི་ཚུ་ མང་ཤོས་ར་ དེ་ནང་ཡོདཔ་ལས་ སྦྱོང་བརྡར་གྱིས་ ཕན་ཐོགས་འབྱུང་ཚུགས་པའི་ རེ་བ་ཡོད་ཟེར་ རྡོ་ཕུག་ཚེ་རིང་གིས་ སླབ་ཡོདཔ་མ་ཚད་ སྦྱོང་བརྡར་གྱི་ དམིགས་ཡུལ་ངོ་མ་ར་ ཚོང་རྐྱབ་ཐངས་ཀྱི་ ལམ་ལུགས་ཧ་གོ་བཅུག་སྟེ་ ཁེ་སང་བཟོ་ཚུགས་པའི་ གོ་སྐབས་ཡོད་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་དེ་ ཚོང་འབྲེལ་ནང་ ཤེས་ཡོན་མེད་པའི་མི་ཚུ་ལུ་ འབྱིན་ནི་ཨིན་ཟེར་ཨིནམ་ད་ དེའི་ནང་ལས་ཡང་ དུས་རྒྱུན་དུ་ ཚོང་གི་རྩིས་ཁྲ་ བཞག་མ་ཤེས་མི་ཚུ་གི་དོན་ལུ་ཨིན་ཟེར་ཨིན་པས། 
འགོ་དཔོན་ཚུ་གིས་འབད་བ་ཅིན་ ཚོང་ལཱ་ཆུང་བ་ཚུ་ནང་ བཅའ་མར་གཏོགས་མི་ མང་ཤོས་ར་ འབྲི་ལྷག་གི་ ཤེས་ཡོན་མེད་མི་ཚུ་ཨིནམ་ལས་ ཁོ་གིས་ ཏི་རུ་བདག་འཛིན་འཐབ་ཤེསཔ་ རྩམ་ཅིག་མ་གཏོགས་ ཁེ་སང་དང་ གྱོང་རྒུད་ཀྱི་ རྩིས་ཐོ་ཅིག་ཡང་ བཞག་མི་ཤེས་པས་ཟེར་ཨིན་པས།
སྦྱོང་བརྡར་ལས་རིམ་གྱི་སྐབས་ལུ་ ཚོང་ཆས་མ་ལེན་པའི་ཧེ་མར་ མ་དངུལ་གྱི་ རྩིས་ཁྲ་བཏོན་ནི་དང་ ཚོང་ག་ལུ་བཙོང་ནི་ཨིན་ན་ དེ་ལས་ ཚོང་ཉོ་མི་ཚུ་དང་གཅིག་ཁར་ མཐུན་འབྲེལ་བཟོ་ནི་གི་ བློ་སླབ་ཐངས་ཚུ་ རྒྱ་བསྐྱེད་གཏང་ནི་ དེ་ལས་ ཉིན་བསྟར་གྱི་ རྩིས་ཁྲ་དང་ཐོ་བཞག་ནི་ཚུ་ སྟོན་འབྱིན་ནི་ཨིན་ཟེར་ ཚོང་འབྲེལ་འགོ་དཔོན་ བྷི་ན་ཏ་གིས་ བཤདཔ་ཨིན་པས།
དེ་བཟུམ་མའི་ སྦྱོང་བརྡར་ལས་རིམ་དེ་ ལོ་༣ དེ་ཅིག་གི་ཧེ་མ་ལས་ འགོ་འདྲེན་འཐབ་ཡོདཔ་ད་ དེ་གིས་ ཚོང་ལཱ་ཆུང་བ་འབད་མི་ཚུ་ལུ་ ཕན་པ་སྦོམ་འདུག་ཟེར་ ཚོང་འབྲེལ་འགོ་དཔོན་ བསོད་ནམས་མཚོ་སྐྱིད་ཀྱིས་ སླབ་ཡོདཔ་ད་ ཁོ་གིས་ དེ་བཟུམ་མའི་ ཚོང་ལཱ་སྦྱོང་བརྡར་ཚུ་ རྫོང་ཁག་མང་ཤོས་ཅིག་ནང་ འགོ་འདྲེན་འཐབ་ཡོདཔ་ ཨིན་པའི་གནས་ཚུལ།


No comments:

Post a Comment