གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སེམས་རྟོགས་ཁ་ གློག་མེ་ཨམ་ཆུང་བའི་ ནུས་ཤུགས་ཡར་སེང་འབད་ནི།


སེམས་རྟོགས་ཁ་ གློག་མེ་ཨམ་ཆུང་བའི་ ནུས་ཤུགས་ཡར་སེང་གི་
 ལཱ་ཚུ་འབད་བའི་བསྒང་


བཀྲིས་ཕུན་ཚོགས།
༉ འབྲུག་གློག་མེ་ལས་འཛིན་གྱིས་ ཐིམ་ཕུ་སེམས་རྟོགས་ཁ་ལུ་ གློག་མེ་ཨམ་ཆུང་བའི་ ནུས་ཤུགས་ཡར་སེང་འབད་ནིའི་ལཱ་དེ་ ལོ་༡ གི་དོན་ལུ་ ཀོ་རི་ཡ་གི་ གློག་མེ་ལས་སྡེ་ལུ་ སྤྱི་ལོ་༢༠༡༡ ཟླ་༤ པའི་ཚེས་༡ ལུ་ སྤྲོད་མི་དེ་ འཕྲལ་མགྱོགས་ར་ འགོ་བཙུག་ནི་ཨིན་པས།
འབྲུག་གློག་མེ་ལས་འཛིན་ལས་ ནུས་ཤུགས་ལས་ཁུངས་ཀྱི་མདོ་ཆེན་ མགོནམ་ཚེ་རིང་གིས་ སླབ་མི་དང་འཁྲིལཝ་ད་ སྤྱི་ལོ་༡༩༩༥ ལུ་ འགོ་ཐོག་ གློག་ཤུགས་ཚད་སྤེལ་ ལག་ལེན་འཐབ་པའི་སྐབས་ལུ་ གློག་ཤུགས་ཚད་སྤེལ་འཕྲུལ་ཆས་༦ ཡོད་མི་ལུ་ ནུས་ཤུགས་མེ་ག་ཝཱཊ་༤༠ ཡོད་ཟེར་ཨིན་པས།

སྤྱི་ལོ་༡༩༩༥ ལས་༢༠༠༢ ཚུན་ སེམས་རྟོགས་ཁ་ གློག་མེ་ཨམ་ཆུང་བ་དེ་ ཆུ་ཁ་གློག་མེ་དང་ བ་སོ་ཆུ་གློག་མེ་འཕྲུལ་ཁང་ལས་ མཐུད་སྦྲེལ་འབད་དེ་ བཟོ་མི་དེ་གིས་ ནུབ་ཕྱོགས་རྫོང་ཁག་ ཐིམ་ཕུ་དང་ སྤ་རོ་ དེ་ལས་ ཧཱ་ཚུ་ནང་ བཀྲམ་སྤེལ་འབད་ཡོདཔ་ལས་ དཀའ་ངལ་མ་བྱུང་ཟེར་ཨིན་པས།
ཨིན་རུང་ འདས་པའི་ལོ་ངོ་དག་པ་ཅིག་ལས་ བཟོ་སྐྲུན་དང་ མི་རློབས་ཡར་འཕར་ སོང་མི་ལུ་བརྟེན་ གནམ་དགུན་གྱི་དུས་ཚོད་ལུ་ ཐིམ་ཕུ་རྫོང་ཁག་རྐྱངམ་གཅིག་ལུ་ར་ གློག་ཤུགས་མེ་ག་ཝཱཊ་༤༣ དང་ གནམ་འབྱ་ལུ་འབད་བ་ཅིན་ གློག་ཤུགས་མེ་ག་ཝཱཊ་༣༠  ལས་ ལག་ལེན་འཐབ་མི་དགོ་པས་ཨིན་པས།
གལ་སྲིད་ སྤ་རོ་དང་ ཧཱ་རྫོང་ཁག་ནང་ ཆུ་ཁ་གློག་མེ་བཀྲམ་སྤེལ་འབད་མི་ལས་ ལང་མ་ཚུགས་པའི་དཀའ་ངལ་ ཐོན་པ་ཅིན་ སེམས་རྟོགས་ཁ་ གློག་མེ་ཨམ་ཆུང་བ་ལས་ བཀྲམ་སྤེལ་འབད་དགོཔ་ད་ དེ་ལུ་ཡང་ གློག་ཤུགས་མེ་ག་ཝཱཊ་༤༠ ཡོད་མི་ལས་ བགོ་བཤའ་རྐྱབ་སྟེ་ ལག་ལེན་འཐབ་དགོཔ་ལས་ ཧེང་སྐལ་ར་ ནུས་ཤུགས་ལང་མ་ཚུགས་པའི་ དཀའ་ངལ་འཐོན་འོང་ཟེར་ཨིན་པས།
གློག་མེ་ཨམ་ཆུང་བའི་ གློག་ཤུགས་ཡར་སེང་འབད་དགོ་པའི་ དམིགས་ཡུལ་དེ་ཡང་ ནུས་ཤུགས་མ་ལང་པའི་ དཀའ་ངལ་ཚུ་ བསལ་ཐབས་ཀྱི་དོན་ལུ་ ནུས་ཤུགས་སྡེ་རིམ་དང་པའི་ནང་ མེ་ག་བཱོལཌ་ཨེམ་པི་ཡར་༥༠ དང་ སྡེ་རིམ་༢ པའི་ནང་ མེ་ག་བཱོལཌ་ཨེམ་པི་ཡར་༥༠ བསྡོམས་ཏེ་ གློག་ཤུགས་མེ་ག་བཱོལཌ་ཨེམ་པི་ཡར་༡༠༠ ཡོད་མི་དེ་ གསར་བཙུག་འབད་དོ་ཟེར་ སེམས་རྟོགས་ཁ་ གློག་མེ་ཨམ་ཆུང་བའི་འཛིན་སྐྱོང་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ སླབ་ཨིན་པས། 
ལས་ཁུངས་ཀྱི་མདོ་ཆེན་ མགོནམ་ཚེ་རིང་གིས་ བ་སོ་ཆུ་ལས་ བཀྲམ་སྤེལ་འབད་མི་ གློག་མེ་འཕྲུལ་ཁང་དེ་ དཀའ་ངལ་འཐོན་པ་ཅིན་ དེ་འཕྲོ་ལས་ གློག་ཤུགས་ཚད་མེ་ག་བཱོལཌ་ཨེམ་པི་ཡར་༡༠༠ ཡོད་མི་ལས་ དབང་འདུས་དང་ སྤུ་ན་ཁ་རྫོང་ཁག་ཚུ་ནང་ འཇམ་ཏོང་ཏོ་སྦེ་ བཀྲམ་སྤེལ་འབད་ཚུགས་ཟེར་ཨིན་པས།
དེ་བཟུམ་སྦེ་ འཕྲུལ་ཁང་འཛིན་སྐྱོང་པ་ བསོད་ནམས་སྟོབས་རྒྱས་ཀྱིས་ དུས་རྒྱུན་ཡིག་ཚང་གི་སྐབས་ལུ་ རྒྱུན་སྐྱོང་འབད་ནི་དང་ བཅོ་ཁ་རྐྱབ་པའི་སྐབས་ གློག་མེ་ལུ་ དཀའ་ངལ་མེདཔ་སྦེ་ ལཱ་འབད་ཚུགས་ཟེར་ཨིན་པས།
ལས་འགུལ་འདི་གི་དོན་ལུ་ འབྲུག་གློག་མེ་ལས་འཛིན་གྱིས་ མ་དངུལ་ས་ཡ་༡༡༨.༥༦ ཟད་འགྲོ་བཏང་ཐོག་ལས་ བཟོ་སྐྲུན་འབད་ཡོདཔ་ད་ ལོ་༡ གི་རིང་ལས་འགུལ་དེ་ ཀོ་རི་ཡའི་ གློག་མེ་ལས་སྡེ་གི་ གློག་མེ་མཁས་མཆོག་ཚུ་ལུ་སྤྲོད་ཡོད་མི་དེ་ སྤྱི་ཟླ་༣ པའི་ཚེས་༡༧ གྱི་ ནང་འཁོད་ལུ་ མཇུག་བསྡུ་འོང་ཟེར་ཨིན་པའི་གནས་ཚུལ།

    

  


No comments:

Post a Comment