གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཁ་བསྡོམས་ལུས་འབྲེལ་དང་ དམར་བསད་དཔའ་བཅམ་གྱི་བཙོན་ཁྲིམས།


ཡེ་ཤེས་སྒྲོལ་མ།

༉ བསམ་རྩེ་རྡོ་རོ་ཁ་ལས་ སྐྱེས་ལོ་༡༦ དང་༡༤ འབད་མི་ སློབ་ཕྲུག་བུཚ་༢ ཀྱིས་ སྐྱེས་ལོ་༡༧ ལང་མི་ བུམོ་༡ ལུ་ དབང་བཙོང་ལུས་འབྲེལ་དང་ དམར་གསད་འབད་ནི་གི་ དཔའ་བཅམ་མི་ལུ་བརྟེན་ རྡོ་རོ་ཁ་དྲུང་ཁག་ཁྲིམས་འདུན་གྱིས་ བུཚ་གཉིས་ལུ་ བཙོན་ཁྲིམས་ལོ་༡༤ དང་ཟླཝ་༦ རེ་ བཀལ་ཡོདཔ་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༩ ལུ་བཏོན་མི་ འཁྲུན་ཆོད་དང་འཁྲིལ་བ་ཅིན་ ན་ཧིང་ སྤྱི་ཟླ་༡༡ པའི་ཚེས་༥ ལུ་ གདན་ཆུ་ཁ་རྒེད་འོག་ནང་ ཉམས་རྒུད་པ་བུམོ་དེ་ ས་གནས་ཀྱི་ སློབ་གྲྭའི་སྦོ་ལོགས་ཁར་ ནོར་འཚོ་སྟེ་སྡོདཔ་ད་ སློབ་གྲྭའི་དུས་ཚོད་ཚང་སྟེ་ ཁྱིམ་ནང་ལོག་འོང་པའི་བསྒང་ཨིན་མི་ སློབ་ཕྲུག་བུཚ་༢ ཀྱིས་ བུམོ་དེ་ལུ་ དབང་བཙོང་གི་སྒོ་ལས་ ལུས་འབྲེལ་འབད་བའི་ཤུལ་ལུ་ མོ་གི་སྐེ་རགས་བཤུབ་ཞིནམ་ལས་ མོ་རའི་ཨོལ་ལྐོག་བསྡམས་ཏེ་ དམར་གསད་འབད་ནི་གི་ དཔའ་བཅམ་ནུག་ཟེར་ཨིན་པས།
ཁོང་༢ ཀྱིས་ ཉམས་རྒུདཔ་དེ་ ཨོལ་ལྐོག་བསྡམས་བཞག་སྟེ་ ས་གནས་དེ་ནང་ར་ བཀོ་བཞག་སྦེ་ བྱོག་ཡར་སོ་ནུག་ཟེར་ འཁྲུན་ཆོད་ནང་བཀོད་ནུག།
ཨིན་རུང་ བྱུང་རྐྱེན་སྐབས་ ཉམས་རྒུད་པའི་ཨའི་ ལྷོད་ནི་དེ་གིས་ བུམོ་དེ་ སྲོག་སྐྱབས་འབད་ཡོད་པའི་གནས་ཚུལ།





No comments:

Post a Comment