གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཀྲོང་གསར་ལུ་ སྨོན་ལམ་ཆེན་མོ་ འགོ་དང་པ།


སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ སྨོན་ལམ་ཆེན་མོ་ འགོ་བཙུགས་ཀྱི་
 རྟེན་འབྲེལ་མཛད་གནང་པའི་བསྒང་།
བཀྲིས་བསྟན་འཛིན།

༉ ཀྲོང་གསར་རྫོང་ཁག་གིས་ འགོ་དང་པ་འགོ་འདྲེན་འཐབ་མི་ སྨོན་ལམ་ཆེན་མོ་དེ་ ཁ་ཙ་ལས་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་ སྤྲུལ་སྐུ་འཇིགས་མེད་ཆོས་གྲགས་མཆོག་གིས་ དབུ་བཞུགས་ཐོག་ལས་ འགོ་བཙུགས་གནང་ཡི།
ཉིན་གྲངས་༧ གྱི་རིང་ གནང་ནི་ཨིན་མི་ སྨོན་ལམ་ཆེན་མོ་དང་ བཛྲ་གུ་རུ་དུང་སྒྲུབ་དེ་ རྫོང་ཁག་གི་རབ་སྡེ་དང་ རྒེད་འོག་ལྔ་གི་ཞི་གཡོགཔ་དང་ མི་སེར་ དེ་ལས་ ཚོང་པ་ཚུ་གིས་ རྒྱུ་སྦུང་གི་ རྒྱབ་སྐྱོར་ཐོག་ལས་ གནང་དོ་ཡོདཔ་ད་ ད་ལས་ཕར་ ལོ་བསྟར་གྱི་ ཆོས་ཕྱོགས་ལས་རིམ་ཅིག་སྦེ་ འགོ་འདྲེན་འཐབ་ནི་ཨིན་པས།

དེ་བཟུམ་མའི་ ལས་རིམ་འགོ་འདྲེན་འཐབ་མི་དེ་ གཙོ་བོ་ར་ ནམ་མཁའ་དང་མཉམ་པའི་ སེམས་ཅན་ཐམས་ཅད་ཀྱི་དོན་ལུ་་དང་ ལྷག་པར་དུ་ རྒྱལ་ཁབ་ནང་ ནད་ཡམས་མུ་གེ་ཚུ་ཞི་སྟེ་ དགའ་སྐྱིད་བྱུང་ཐབས་ལུ་ཨིན་ཟེར་ རྫོང་རབ་འཆི་མེད་རྡོ་རྗེ་གིས་ སླབ་ཨིན་པས།
ཁོ་གིས་འབད་བ་ཅིན་ དད་ཅན་ཚུ་གིས་ ཉིན་གྲངས་༣ གྱི་རིང་ བཛྲ་གུ་རུ་བསག་ནི་དང་ ཉིནམ་༣ སྨོན་ལམ་ཆེན་མོ་གནང་སྟེ་ ཉིན་མཇུག་ལུ་ མི་མང་ལུ་ དབང་གནང་ཐོག་ལས་ འགྲོལ་ནི་ཟེར་ཨིན་པས།
སྐྱབས་རྗེ་རྗེ་མཁན་མཆོག་གིས་ དད་ཅན་འཛོམས་མི་ཚུ་ལུ་ བཛྲ་གུ་རུ་དང་ སྨོན་ལམ་བསགས་གནང་མི་དེ་གིས་ ཕན་ཡོན་ག་ཅི་ར་ཡོདཔ་ཨིན་ན་ཚུ་གི་སྐོར་ལས་ གསུངས་གནང་ཡི།
བྲག་སྟེང་རྒཔོ་ ལྷམ་རྡོ་རྗེ་གིས་ སླབ་དོ་བཟུམ་འབད་བ་ཅིན་ རྒེད་འོག་ནང་གི་ མི་སེར་ཚུ་གིས་ མ་དངུལ་ཚུ་ ཁོང་རའི་དང་འདོད་དང་འཁྲིལ་ ཕུལ་ཡོདཔ་མ་ཚད་ བཟའ་འཐུང་གི་ རྒྱབ་སྐྱོར་ཡང་ འབད་ནི་དེ་གིས་ ད་ལྟོ་ མི་མང་ལུ་ གསོལ་ཚོགས་དྲང་ནིའི་དོན་ལས་ རྒྱ་ཆུམ་ཚུ་ ཉོ་མ་དགོ་ཕར་ ཉིན་གྲངས་༧ ལང་ཚུགས་པའི་ རྒྱགས་སྐལ་ཚུ་ཡོད་ཟེར་ཨིན་པས།
སྨོན་ལམ་ཆེན་མོ་གནང་སར་ དགེ་སློང་དང་ ཨ་ནེམོ་༣༠༠ དེ་ཅིག་དང་ དད་ཅན་སྐྱ་སེར་༡༠༠༠ ལྷགཔ་ཅིག་ འཛོམས་ཡོད་པའི་གནས་ཚུལ།

No comments:

Post a Comment