གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སློབ་ཕྲུག་ཚུ་ལུ་ ཕན་ཁྱད་ཆེ་བའི་ གསོ་བའི་ལག་དེབ།


སློབ་ཕྲུག་གསོ་བའི་ལག་དེབ
ཤེས་རབ་བསྟན༌འཛིན།
༉ ད་ལས་ཕར་ འབྲུག་པའི་སློབ་ཕྲུག་ཚུ་གིས་ བློ་གསར་སློབ་རིམ་ལས་ འབྲིང་རིམ་སློབ་གྲྭ་གོང་མ་ མཇུག་མ་བསྡུ་ཚུན་ རང་སོའི་ གསོ་བའི་རྒྱབ་ཁུངས་སྐོར་ལས་ ཐོ་བཀོད་བཞག་ཚུགས་ནི་ཨིན་པས།
དེ་ཡང་ ཤེས་རིག་ལྷན་ཁག་འོག་གི་ ན་གཞོན་རྩེད་རིགས་ལས་ཁུངས་ཀྱིས་ འགོ་འདྲེན་ཐོག་ལས་ སློབ་ཕྲུག་གསོ་བའི་ལག་དེབ་ཟེར་མི་ ལག་དེབ་གསརཔ་ཅིག་ གསོ་བའི་ལྷན་ཁག་དང་ མཉམ་འབྲེལ་ཐོག་ལས་ པར་སྐྲུན་འབད་ཡོདཔ་ཨིན་པས།

ལག་དེབ་དེ་ འགོ་ཐོག་ མོ་བཏབ་བཟུམ་ཅིག་སྦེ་ འཇིགས་མེད་བློ་གསལ་དང་ ལྕང་འབངས་འགྲོ་སློབ་གྲྭ་༢ འི་ནང་ བཀྲམ་སྤེལ་འབད་དེ་ འདི་གིས་ ཕན་ཐོགས་ཡོདཔ་ཤེས་ཏེ་ སྤྱི་ལོ་༢༠༡༡ ཟླ་༤ ལུ་ གསོ་བའི་ལྷན་ཁག་ལས་ གསོ་བའི་མཁས་མཆོག་དང་ལས་བྱེདཔ་ འཛམ་གླིང་སྤྱི་ཚོགས་ཨ་ལུའི་མ་དངུལ་ ཤེས་རིག་ལྷན་ཁག་ སློབ་གྲྭ་ཁག་གི་སློབ་དབུ་འཛིན་ དེ་ལས་ སློབ་གྲྭ་ཁག་གི་ གསོ་བའི་འགོ་འདྲེན་པ་ཚུ་གིས་ སློབ་གྲྭ་ཚུ་ནང་དགོཔ་སྦེ་ གཏན་འཁེལ་བཟོ་ཡོདཔ་ཨིན་པས།  
ན་གཞོན་དང་རྩེད་རིགས་ལས་ཁུངས་ཀྱི་ མདོ་ཆེན་བཙན་སྐྱོགས་རྡོ་རྗེ་གིས་ སླབ་མིའི་ནང་ ལག་དེབ་དེ་ནང་ སློབ་ཕྲུག་ཚུ་གིས་ གསོ་བ་དང་འབྲེལ་བའི་ སྨན་བཅོས་ག་ཅི་འབད་དེ་ཡོད་ག་ ཐོ་བཀོད་འབད་ཚུགསཔ་མ་ཚད་ སྨན་ཁང་ནང་ སྨན་བཅོས་འབད་བར་འགྱོ་རུང་ དྲུང་འཚོ་ཚུ་ ཕན་ཐོགས་ཟེར་ཨིན་པས།
ཁོ་གིས་སླབ་མིའི་ནང་ ལག་དེབ་དེ་ སློབ་ཕྲུག་ཨ་ལུ་ཚུ་ སློབ་གྲྭ་གཅིག་ལས་གཅིག་ནང་ གནས་སྤོ་འགྱོ་སྟེ་འབད་རུང་ རང་སོའི་སྐུགས་ཤོག་བཟུམ་སྦེ་ར་ བདག་འཛིན་འབད་དེ་ འབག་དགོཔ་ཁག་ཆེ་ཟེར་ཨིནམ་ད་ མ་གཞི་ འདི་ཚུའི་སྐོར་ལས་ ཁ་གསལ་འབད་ སློབ་གྲྭའི་ གསོ་བའི་འགོ་འདྲེན་པ་ཚུ་ལུ་ ཁ་བཀོད་རྐྱབ་སྟེ་ཡོད་ཟེར་ཨིན་པས། 
ཤེས་རིག་ལྷན་ཁག་གི་ ཡོངས་ཁྱབ་མདོ་ཆེན་ ཚེ་དབང་རྟ་མགྲིན་གྱིས་ སླབ་མིའི་ནང་ བློ་གསར་སློབ་རིམ་ལས་ སློབ་རིམ་༦ པ་ཚུན་ ལོ་ཚད་ལས་འབད་བ་ཅིན་ ལོ་༥ ལས་༡༣ དེ་ཅིག་བར་ན་ ལོ་ན་སྨིན་པའི་ དུས་ཚོད་འབད་ནི་དེ་གིས་ ནད་གཞི་འདྲ་མིན་སྣ་ཚོགས་འཐོབ་ནིའི་ ཉེན་ཁ་ཡོདཔ་ལས་ གསོ་བའི་ལག་དེབ་དེ་ བཀྲམ་སྤེལ་འབདཝ་ཨིན་ཟེར་ཨིནམ་ད་ ལོ་ཚད་སྦོམ་འགྱོ་བའི་བསྒང་ལས་ ཉེན་ཁ་དེ་ཅིག་ མི་འོང་ཟེར་ཨིན་པས།
སློབ་ཕྲུག་གི་ གསོ་བའི་ལག་དེབ་༡༧༠,༠༠༠ ལྷགཔ་ཅིག་ པར་སྐྲུན་འབད་ཡོདཔ་བཞིན་དུ་ རྫོང་ཁག་མང་ཤོས་ནང་ ཁྱབ་ཡོད་རུང་ ད་ལྟོ་ ཤར་ཕྱོགས་རྫོང་ཁག་༦ དང་ བསམ་རྩེ་རྫོང་ཁག་ནང་ བཀྲམ་སྤེལ་འབད་བའི་བསྒང་ཡོདཔ་མི་དེ་ ཤུལ་མའི་བདུན་ཕྲག་ནང་ བཀྲམ་སྤེལ་མཇུག་བསྡུ་ཚུགས་ནི་ ཨིན་པའི་གནས་ཚུལ། 


No comments:

Post a Comment