གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

བདེ་ཆེན་ཕོ་བྲང་ལུ་ སྒྲོལ་མ་གཡུལ་ཟློག་དང་ སྒྲོལ་མ་འབུམ་བསག་པའི་བསྒང་ཡོདཔ།


བདེ་ཆེན་ཕོ་བྲང་ལུ་ སྒྲོལ་མ་གཡུལ་ཟློག་དང་ སྒྲོལ་མ་འབུམ་བསག་པའི་བསྒང་།
ཤེས་རབ་བསྟན་འཛིན།
༉ སྤྱི་ཟླ་༣ པའི་ཚེས་༡༢ ལས་ ཐིམ་ཕུ་ བདེ་ཆེན་ཕོ་བྲང་དགེ་འདུན་སློབ་གྲྭ་ནང་སྦེ་ གཞུང་གྲྭ་ཚང་གི་ གཙུག་ལག་སློབ་དཔོན་ བསམ་གཏན་རྡོ་རྗེ་གིས་དབུ་གཙོས་པའི་ དགེ་སློང་ཞལ་གྲངས་༢༦༠ དེ་ཅིག་གིས་ སྒྲོལ་མ་གཡུལ་ཟློག་དང་ སྒྲོལ་མ་འབུམ་ བསག་པའི་བསྒང་ཡོདཔ་ཨིན་པས།

དེ་བཟུམ་མའི་རིམ་གྲོ་ འགོ་འདྲེན་འཐབ་དགོ་མི་དེ་ཡང་ དུས་ཅི་ གནམ་ལོ་ཆུ་ཕོ་འབྲུག་ལོ་འདི་ རྒྱལ་ཁབ་ཀྱི་ ལོ་ཀག་ཨིནམ་ལས་ སྐུ་རིམ་བཟུམ་ཅིག་ཨིནམ་ད་ ལོ་ཀག་དེ་ ལོ་འཁོར་༡༢ ཀྱི་རྒྱབ་ལས་ ཚར་རེ་ཕོག་དོ་ཡོདཔ་ད་ ལོ་ཀག་གི་སྐོར་ལས་ ཞབས་དྲུང་རིན་པོ་ཆེ་མཆོག་གིས་ཡང་ འབྲུག་ལོ་ལུ་ འབྲུག་པ་ཚུ་འཚུབས་ཨིན་ཟེར་ གསུངས་བཞག་སྟེ་འདུག་ཟེར་ སློབ་དཔོན་བསམ་གཏན་རྡོ་རྗེ་གིས་ གསུངསམ་ཨིན་པས།
སྐུ་རིམ་དེ་གིས་ སྤྱིར་འཛམ་གླིང་དང་ ཁྱད་པར་དུ་ འབྲུག་རྒྱལ་ཁབ་ནང་ འཇིགས་པ་༨ དང་འབྱུང་བ་༤ གི་ རྐྱེན་ངན་ཚུ་ཞི་སྟེ་སེམས་ཅན་ཐམས་ཅད་ ཤེས་བྱ་དང་ ཉན་མོངས་པའི་ སྒྲིབ་པ་ཚུ་དག་སྟེ་ ནད་གདོན་དང་དབུལ་ཕོངས་ དེ་ལས་ འཐབ་རྩོད་ཀྱི་བར་ཆད་ཚུ་བསལ་ཏེ་ རེ་འདོད་བསྐང་ཚུགས་པའི་ ཕན་པ་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ རང་ཟླ་༡༡ པའི་ཚེས་༢༠ ལུ་ སྤུང་ཐངས་བདེ་བ་ཆེན་པོའི་ཕོ་བྲང་གི་ འདུ་ཁང་ནང་ སྐྱབས་རྗེ་རྗེ་མཁན་རིན་པོ་ཆེ་མཆོག་གིས་ དབུ་བཞུགས་ཐོག་ལས་ དགེ་སློང་ཞལ་གྲངས་༢༠༠ དེ་ཅིག་གིས་ ཉིན་གྲངས་༧ གྱི་རིང་ མདོས་ཆོག་གནང་ཡི་ཟེར་ཨིནམ་ད་ དེ་བཟུམ་མའི་ སྐུ་རིམ་དེ་ སྔོན་གོང་ལས་ར་ རྒྱལ་ཁབ་ནང་ གནང་ནིའི་སྲོལ་བཟང་པོ་ཅིག་སྦེ་ བཟོ་གནང་ནུག་ཟེར་པས།
སྐུ་རིམ་གནང་སར་ ཉིནམ་ཨ་རྟག་ར་ འབྲུག་མི་ཆེ་འབྲིང་ཆུང་༣ ག་ར་ ཕྱག་འཚལ་སྨོན་ལམ་བཏབ་ནིའི་དོན་ལུ་ འཛོམས་དོ་ཡོདཔ་ད་ ཉིན་གྲངས་༩ འབད་མི་ སྐུ་རིམ་དེ་ སྤྱི་ཟླ་༣ པའི་ཚེས་༢༠ ལུ་ མཇུག་བསྡུ་ནི་ཨིན་པའི་གནས་ཚུལ།




No comments:

Post a Comment