གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ཟངས་ཐིག་གི་ སྨོན་ལམ་ཆེན་མོ་གྲོལ་ཡོདཔ།



བཀྲིས་ཕུན་ཚོགས།

༉ བསམ་འགྲུབ་ལྗོངས་མཁར་ ལའུ་རི་རྒེད་འོག་ ཟངས་ཐིག་མཚོ་ཐང་ ཀུན་དགའ་འཇིགས་བྲལ་སེངྒེ་ཆོས་གླིང་ ཟངས་མདོག་དཔལ་རི་ལྷ་ཁང་ནང་གནང་མི་ སྨོན་ལམ་ཆེན་མོ་ཐེངས་༢་པ་དེ་ ཁ་ཙ་ དོངས་གྲུབ་བླངས་བ་དང་ མི་མང་ལུ་ ཚེ་དབང་གནང་ཐོག་ལས་ གྲོལ་ཡོདཔ་ཨིན་པས།

སྨོན་ལམ་ཆེན་མོ་དེ་ཡང་ བུ་ལི་སྤྲུལ་སྐུ་ གཡུ་སྒྲ་སྙིང་པོ་མཆོག་གིས་ དབུ་གཙོས་པའི་ མཁན་པོ་དང་ འགྲོ་འདུལ་ཚངས་ཆེན་བཤད་གྲྭའི་དགེ་སློང་དང་ ཨ་ནེམོ་ དེ་ལས་ མཚམས་པ་ཞལ་གྲངས་༣༣༠ དེ་ཅིག་གིས་ གནང་ཡོདཔ་ཨིན་པས།

དགོན་སྡེའི་རྡོ་རྗེ་སློབ་དཔོན་ བཀྲིས་དཔལ་འབྱོར་གྱིས་ སྨོན་ལམ་ཆེན་མོ་གནང་དགོ་མི་དེ་ཡང་ རྒྱ་གར་ ཨ་རུ་ན་ཅཱལ་པར་དེཤ་གི་ ས་མཚམས་ཁར་ཨིན་མི་ གཡུས་ཚན་དེ་ནང་ ཞི་བདེ་འབྱུང་ནི་དང་ རྒྱ་གར་རྡོ་རྗེ་གདན་གྱི་ སྨོན་ལམ་ཆེན་མོའི་ནང་ འགྱོ་མ་ཚུགས་མི་ དད་ཅན་ཚུ་གི་དོན་ལུ་དམིགས་ཏེ་ཨིན་ཟེར་ སླབ་ཨིན་པས།

མཚམས་པ་བཀྲིས་རྡོ་རྗེ་གིས་འབད་བ་ཅིན་ སྨོན་ལམ་ཆེན་མོའི་སྐབས་ལུ་ ཨ་རུ་ན་ཅཱལ་པར་དེཤ་ལས་ དད་ཅན་ཚུ་གིས་ ཆུམ་དང་ཚྭ་གི་ སྦྱིན་བདག་འབད་ཡོདཔ་མ་ཚད་ ལ་ལུ་གིས་ ཚོགས་རྫས་དང་ མ་དངུལ་གྱི་ སྦྱིན་བདག་ཡང་ འབད་ཡི་ཟེར་ཨིན་པའི་གནས་ཚུལ།

No comments:

Post a Comment