གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྕང་ཇི་ཇི་གི་ཕུཌ་བཱོལ་རྩེད་ཐང་ ལེགས་བཅོས་འབད་ནིའི་དོན་ལུ་ ཁ་བཟེད་ཡོདཔ།


མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ བཀྲིས་ཆོས་རྫོང་ནང་སྦེ་ ཕི་ཕའི་གཙོ་འཛིན་ ཇོ་སེབ་ བེ་ལེ་ཊར་དང་ མཇལ་ཕྲད་གནང་ཡོདཔ

ཉི་མ་དབང་འདུས།

༉ སྤྱི་ཟླ་༣ པའི་ཚེས་༨ ལུ་ བརྡ་བརྒྱུད་ཀྱི་ ཞལ་འཛོམས་ཅིག་ འཚོགས་པའི་སྐབས་ལུ་ ད་རེས་ འབྲུག་ལུ་ ལྟ་སྐོར་ནང་འོང་མི་ ཕི་ཕ་གི་ཁྲི་འཛིན་ ཇོ་སེཕ་ བེ་ལེ་ཊར་གྱིས་ གནམ་དགུན་གྱི་དུས་ཚོད་ལུ་ རླུང་མ་དང་ ཐལཝ་ཐོན་པའི་ཁར་ གནམ་འབྱ་ལུ་ ཆུ་འདམ་ཐོན་མི་ ཐིམ་ཕུ་ལྕང་ཇི་ཇི་གི་ ཕུཌ་བཱོལ་རྩེད་ཐང་དེ་ རྩྭ་ཐུང་བཙུགས་ཐོག་ལས་ ལེགས་བཅོས་འབད་ནི་ཟེར་ ཁ་བཟེད་ཡི།

ཞལ་འཛོམས་ནང་ ཁོ་གིས་ སླབ་དོ་བཟུམ་འབད་བ་ཅིན་ འཛམ་གླིང་གི་ མི་རློབས་དཔྱ་༢ ལས་༣ སྡོད་མི་ ཨེ་ཤི་ཡའི་ལུང་ཕྱོགས་ནང་ རྩེད་རིགས་གོང་འཕེལ་གཏང་ནི་ལུ་ འོས་འབབ་ཡོད་ཟེར་ཨིནམ་ད་ དེ་བཟུམ་མའི་ལཱ་དེ་ ཚོང་འབྲེལ་གྱི་དོན་ལུ་ རྐྱངམ་གཅིག་མེན་པར་ ཕུཌ་བཱོལ་གྱི་ཚོང་འབྲེལ་ཡང་ ལེགས་ཤོམ་སྦེ་ བཟོ་ཚུགས་ཟེར་ཨིན་པས།
ཇོ་སེཕ་ བེ་ལེ་ཊར་གྱིས་འབད་བ་ཅིན་ ཕུཌ་བཱོལ་གྱི་རྩེདམོ་ གོང་འཕེལ་གཏང་ནིའི་དོན་ལུ་དམིགས་ཏེ་ གཞི་བཙུགས་འབད་མི་ ལས་ཚོགས་གསརཔ་ཚུ་ལུ་ ཕི་ཕ་གིས་ གྲོགས་རམ་ཚུ་ ག་དེ་དྲག་དྲག་ བྱིན་ནི་ཡོད་ཟེར་ཨིན་པས།

འབྲུག་གིས་ སྤྱི་ལོ་༢༠༠༠ ལུ་ ཕི་ཕ་གི་འཐུས་མི་སྦེ་ འཛུལ་བཞུགས་འབད་བའི་ཤུལ་ལུ་ ད་རེས་ རྒྱལ་ཁབ་ནང་ ཁྲི་འཛིན་གྱི་ལྟ་སྐོར་དེ་ འགོ་དང་པ་ཨིནམ་ད་ ཁོ་གིས་འབད་བ་ཅིན་ ཁོ་ར་ འབྲུག་ལུ་ འོང་ནིའི་དུས་ཚོད་རན་ཡི་ཟེར་ཨིནམ་ད་ འབྲུག་ལུ་ལྷོད་དེ་ལྟཝ་ད་ སའི་ཆགས་ཚུལ་ཡང་ ཁོ་རའི་རྒྱལ་ཁབ་ སུ་ཡི་ཟར་ལེནཌི་དང་ ཆ་འདྲཝ་སྦེ་ མཐོངམ་མས་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ ཕུཌ་བཱོལ་གྱི་རྩེདམོ་དེ་ འགོ་དཔོན་ཚུ་ལུ་ གུས་ཞབས་དང་ རང་སོའི་སྒྲིག་ཁྲིམས་ དེ་ལས་ དྲང་བདེན་གྱི་བསམ་གཞི་ཐོག་ལས་ རྩེད་དགོ་ནི་དེ་གིས་ ཤེས་རིག་དང་ གསོ་བ་ལུ་ ཕན་སྦོམ་སྦེ་ར་ ཐོགས་ཏེ་ཡོད་ཟེར་ཨིན་པས།

དེ་མ་ཚད་ མི་ག་ར་འབད་རུང་ ཕུཌ་བཱོལ་རྩེད་འགྲན་འབད་བའི་སྐབས་ལུ་ རང་གི་གཟུགས་ཁམས་ སྒྲིང་སྒྲིང་བཟོ་ཚུགས་ནི་དང་ རྩེད་རིགས་ལུ་བརྟེན་ མི་སེར་ཚུ་གི་རྒྱུད་ལུ་ སྤྲོ་སྣང་བྱུང་བའི་བསྒང་ལས་ མི་སྡེའི་འཕྲོད་བསྟེན་ཡང་ ལེགས་ཤོམ་བཟོཝ་ཨིན་ཟེར་ཨིན་པས།

ཇོ་སེཕ་ བེ་ལེ་ཊར་གྱིས་འབད་བ་ཅིན་ འབྲུག་གི་ ཕུཌ་བཱོལ་རྩེད་འགྲན་པ་ཚུ་གིས་ རྒྱལ་ཁབ་གཞན་ཁར་བཟུམ་སྦེ་ ཕུཌ་བཱོལ་དེ་ རང་སོའི་ ལཱ་འགན་ངོ་མ་ བཟོ་ཚུགས་ནི་ཨིན་རུང་  ཕུཌ་བཱོལ་མ་རྩེད་བའི་ཧེ་མར་ རྩེད་རིགས་དེ་གི་སྐོར་ལས་ ཧ་གོ་དགོཔ་ད་ རྩེད་འགྲན་པ་ཚུ་གིས་ ཕྱི་རྒྱལ་གྱི་སྡེ་ཚན་ཚུ་ནང་ འཛུལ་ཞུགས་འབད་དེ་ རྩེད་འགྲན་འབད་དགོ་ཟེར་ཨིན་པས།

ཁོ་གིས་འབད་བ་ཅིན་ གལ་སྲིད་རང་ལུ་ སྤྲོ་བ་དང་ དང་འདོད་ཡོད་པ་ཅིན་ རྩེད་ཐང་སྦོམ་མི་དགོ་ཟེར་ཨིནམ་ད་ ས་གོ་ག་ཅི་བཟུམ་སྦེ་རུང་ རྩེད་ཐང་སྦེ་ ལག་ལེན་འཐབ་བཏུབ་ཟེར་ཨིན་པས།

སྤྱི་ཟླ་༣ པའི་ཚེས་༦ ལུ་ འབྲུག་རྒྱལ་ཁབ་ནང་ལྷོད་མི་ འགོ་དཔོན་སྡེ་ཚན་དེ་གིས་ རྒྱ་གར་དང་ ནེ་པཱལ་ལུ་ཡང་ ལྟ་སྐོར་འབད་ནི་ཨིན་པའི་གནས་ཚུལ།




No comments:

Post a Comment