གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

སྨན་མ་ལང་པའི་ དཀའ་ངལ་སེལ་ཐབས་ལུ་ ཐབས་ལམ་ལེ་ཤ་བཏོན་ཡོདཔ།



བསམ་གཏན་ཡེ་ཤེས།


༉ སྨན་ཁང་ཚུ་ནང་ སྨན་མ་ལང་པའི་དཀའ་ངལ་ ཐོན་ཡོད་མི་དེ་ ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱི་ བཀའ་རྒྱ་དང་ སྨན་གྱི་བཅའ་ཁྲིམས་༢༠༠༣ ཅན་མ་ སྤྱི་ལོ་༢༠༡༠ ལས་ ལག་ལེན་འགོ་བཙུགས་མི་ལུ་བརྟེན་ སྨན་གྱི་མཁོ་སྒྲུབ་ནང་ བསྒྱུར་བཅོས་རྐྱབ་དགོཔ་ ཐོན་ནི་དེ་གིས་ཨིན་ཟེར་ གསོ་བའི་འགོ་དཔོན་ཚུ་གིས་ བཤདཔ་ཨིན་པས།

ངན་ལྷད་བཀག་སྡོམ་ལྷན་ཚོགས་ཀྱིས་ གསོ་བའི་ལྷན་ཁག་གི་ མཁོ་སྒྲུབ་སྡེ་ཚན་ནང་གི་ ལས་བྱེདཔ་ཚུ་ སོར་དགོཔ་དང་ སྨན་བཀྲམ་སྤེལ་ནང་ འབྲེལ་བ་ཅན་དང་ ཉམས་མྱོང་ཅན་གྱི་ རྒྱ་གར་གྱི་ སྨན་བཀྲམ་སྤེལ་བ་ཚུ་ བཅའ་མར་གཏོགས་མ་ཆོགཔ་ བཟོ་མི་དེ་གིས་ཡང་ མཁོ་གལ་ཅན་གྱི་ སྨན་ཚུ་ཚངམ་སྦེ་ མཁོ་སྒྲུབ་འབད་མ་ཚུགས་པའི་ དཀའ་ངལ་ཚུ་ བྱུང་ཡི་ཟེར་ གསོ་དྲུང་ཆེན་ ཉི་མ་དབང་འདུས་ཀྱིས་ ཁ་ཙ་ བརྡ་བརྒྱུད་ལུ་ གསལ་བཤད་འབད་ཡི།

སྨན་མཁོ་སྒྲུབ་ཀྱི་དོན་ལུ་ ནང་འཁོད་བཀྲམ་སྤེལ་བ་ཚུ་གིས་ བཅའ་མར་གཏོགས་ཡོད་རུང་ སྨན་གྱི་མཁོ་སྒྲུབ་ནང་ ཉམས་མྱོང་མེད་པའི་ཁར་ འགོ་དང་པ་འབད་ནི་དེ་གིས་ སྨན་རིགས་ཚུ་ ག་ར་ཚངམ་སྦེ་བ བཀྲམ་སྤེལ་འབད་མ་ཚུགས་པའི་ དཀའ་ངལ་ལེ་ཤ་ཐོན་ཡི་ཟེར་ཨིན་པས།

དེ་མ་ཚད་ སྨན་གྱི་བཅའ་ཁྲིམས་དང་འཁྲིལཝ་ད་ སྨན་ལེབ་རྒྱུན་བཀོད་དབང་འཛིན་དང་གཅིག་ཁར་ ཐོ་བཀོད་མེད་པའི་ སྨན་རིགས་ཚུ་ འབྲུག་ལུ་ ནང་འདྲེན་འཐབ་མ་ཆོག་པའི་ཁར་ བཙོང་མ་ཆོགཔ་ལས་ ཐོ་བཀོད་ཀྱི་ བྱ་སྒོའི་རིམ་པ་ཚུ་དང་འཁྲིལ་ སྨན་ལེབ་ག་ར་ ཐོ་བཀོད་འབད་མ་ཚུགས་པའི་ དཀའ་ངལ་ཚུ་ཡང་ཡོད་ཟེར་ གསོ་བའི་དྲུང་ཆེན་གྱིས་ བཤདཔ་ཨིན་པས།

 སྨན་ལེབ་རྒྱུན་བཀོད་དབང་འཛིན་གྱི་ གཙོ་འཛིན་འགོ་དཔོན་ བསོད་ནམས་རྡོ་རྗེ་གིས་ སླབ་མིའི་ནང་ དགོས་མཁོ་ཅན་གྱི་ སྨན་རིགས་ཀྱི་ ཐོ་ཡོངས་བསྡོམས་༣༩༤ ཡོད་པའི་ནང་ལས་ སྤྱི་ལོ་༢༠༡༠ དང་༢༠༡༢ ཀྱི་དོན་ལུ་ སྨན་རིགས་༢༨༤ ཐོ་བཀོད་འབད་ཡོད་རུང་ ལྷག་ལུས་སྨན་རིགས་༡༡༠ ཐོ་བཀོད་འབད་མ་ཚུགས་མི་དེ་ དགོས་མཁོ་ཅན་གྱི་ སྨན་རིགས་ཡོངས་བསྡོམས་ལས་ བརྒྱ་ཆ་༣༨ ཐོ་བཀོད་མེད་པར་ཡོདཔ་ཨིན་ཟེར་ཨིན་པས།

གལ་སྲིད་ ནདཔ་ཚུ་གིས་ རང་སོའི་དུས་རྒྱུན་གྱི་སྨན་ཚུ་ སྨན་ཁང་དང་ ཡང་ཅིན་ ནང་འཁོད་སྨན་ཚོང་ཁང་ཚུ་ནང་ལས་ མ་ཐོབ་པ་ཅིན་ ཌོག་ཊར་ཚུ་གིས་ གསལ་བཀོད་འབད་མི་ སྨན་གྱི་ཐོ་ཡིག་འབག་སྟེ་ གཞན་ག་ཏེ་ལས་ཡང་ ཉོ་ཆོགཔ་སྦེ་ བཟོ་ཡོདཔ་ད་ དུས་རྒྱུན་གྱི་ནདཔ་ རྒྱུན་ཆད་མེད་པར་དགོ་པའི་སྨན་ཚུ་ མ་ལང་པའི་གནས་སྟངས་ནང་ ལུངས་ཕྱོགས་གཙོ་བསྟེན་སྨན་ཁང་ཚུ་གིས་ དེ་འཕྲོ་ལས་ རང་དབང་ཐོག་ ག་ཏེ་ལས་འབད་རུང་ མཁོ་མངགས་འབད་ཆོག་པའི་ ལམ་ལུགས་སྟབས་བདེ་ཏོག་ཏོ་བཟོ་ཡོདཔ་ཨིན་པས།

སྨན་རིགས་མཁོ་སྒྲུབ་ཀྱི་ བྱ་སྒོའི་རིམ་པ་ཚུ་ དུས་ཡུན་རིངམོ་འགོར་དོ་ཡོདཔ་ལས་ སྤྱི་ལོ་༢༠༡༣ གྱི་ སྨན་ལེབ་མཁོ་སྒྲུབ་འབད་ནིའི་ལཱ་ཚུ་ འགོ་བཙུགས་ཏེ་ སྤྱི་ལོ་༢༠༡༣ ལུ་ སྨན་རིགས་ག་དེམ་ཅིག་དགོ་ནི་ཨིན་ན་དང་ མཁོ་མངགས་ཀྱི་ ཚད་གཞི་ཚུ་ག་ར་ གྲ་སྒྲིག་བཟོ་ཡི་ཟེར་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་མདོ་ཆེན་ ཌོག་ཊར་ རྡོ་ཕུག་གིས་ བཤདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment