གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

འབྲུག་གིས་ ཨེ་ཤི་ཡཱན་ ཀི་རི་ཀེཌ་རྩེད་འགྲན་ནང་ ཨང་༥ པ་ཐོན་ཡོདཔ།


བཀྲིས་ཕུན་ཚོགས།

༉ སྤྱི་ཟླ་༣ པའི་ཚེས་༣ ལས་༡༠ ལུ་ ཐའི་ལེནཌི་གི་ས་གནས་ ཅེང་མའི་ལུ་ ཨེ་ཤི་ཡཱན་ ཀི་རི་ཀེཌ་རྩེད་འགྲན་མཇུག་ནང་ འབྲུག་དང་ རྒྱ་ནག་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ འབྲུག་པའི་སྡེ་ཚན་ ཕམ་བཏང་ཡོདཔ་ཨིན་པས།
འབྲུག་གིས་ རཱན་༡༣༤ ཐོབ་པའི་སྐབས་ རྒྱ་ནག་གིས་ རཱན་༡༤༧ ཐོབ་ཡོདཔ་ལས་ རཱན་༡༣ གྱིས་ རྒྱལ་ཁ་ཐོབ་ཡོདཔ་ད་ སྡེ་ཚན་གཞན་ནང་ ཨཱཕ་གཱ་ནིསི་ཏཱན་དང་ ཀ་ཊར་སྡེ་ཚན་༢ ཀྱི་བར་ན་ རྩེད་འགྲན་འབདཝ་ད་ ཨཕ་གཱ་ནིསི་ཏཱན་གྱིས་ རཱན་༢༠༠ གི་ཐོག་ལས་ རྒྱལ་ཁ་ཐོབ་ཡོདཔ་ད་ ཀ་ཊར་སྡེ་ཚན་གྱིས་ རཱན་༡༠༨ ལས་ ཐོབ་མ་ཚུགསཔ་ཨིན་པས།
འགྲན་བསྡུར་ནང་ལས་ ཨཱཕ་གཱ་ནིསི་ཏཱན་གྱིས་ ཨང་དང་པ་ ཐོན་ཡོདཔ་ད་ ཨང་༢ པ་དེ་ ཡུ་ཨེ་ཨི་རྒྱལ་ཁབ་ཀྱིས་ ཐོན་ཡོདཔ་བཞིན་དུ་ རྩེད་འགྲན་ནང་ རྒྱལ་ཁབ་༦ གིས་ བཅའ་མར་གཏོགས་མི་ལས་ འབྲུག་གིས་ ཨང་༥ པ་ ཐོན་ཡོདཔ་ཨིན་པའི་གནས་ཚུལ།

No comments:

Post a Comment