གཟིགས་གནང་མི་ལུ་བཀའ་དྲིན་ཆེ།

༉ ང་བཅས་ཀྱིས་ ཉིན་བསྟར་བཞིན་དུ་

ཡོངས་འབྲེལ་འཆར་སྒོ་འདི་ནང་

གནས་ཚུལ་ཚུ་ དུས་མཐུན་བཟོ་སྟེ་ གསལ་བཀོད་འབདཝ་ཨིན།

We update at the earliest possible for you!

རྫོང་ཁའི་གནས་ཚུལ་གཟིགས་ དུས་མཐུན་ཞུགས་ཚུགས།

ལྷག་ལུས་གློག་མེ་ལས་འགུལ་༧ གྱི་ ཁ་གསལ་སྙན་ཞུ་ཚུ་ འཕྲལ་མགྱོགས་ར་ འཐོབ་ཚུགས་ནི།

༢༠/༤/༢༠༡༣   ༉ རྒྱལ་ཁབ་ནང་ སྤྱི་ལོ་༢༠༢༠ ལུ་ གློག་ཤུགས་མེ་ག་ཝཱཊ་༡༠,༠༠༠ ཐོན་སྐྱེད་འབད་ནིའི་ དམིགས་དོན་ཡོད་མི་དང་འཁྲིལ་ གློག་མེ་འཕྲུལ་ཁང་ཚུ་ བཟོ་སྐྲུན་འབད་ནི་ འགོ་བཙུགས་ཡོདཔ་མ་ཚད་ གཞན་ཡང་ འཕྲུལ་ཁང་ལེ་ཤ་ཅིག་ར་ བཟོ་བསྐྲུན་འབད་ནི་ཨིན་པས།


ད་ལྟོ་ཚུན་ སྤུ་ན་གཙང་ཆུ་ལས་འགུལ་༡ པ་དང་༢ པ་ དེ་ལས་ མང་སྡེ་ཆུ་ཚུ་ བཟོ་སྐྲུན་འབད་བའི་བསྒང་ཡོདཔ་ད་ ལྷག་ལུས་གློག་མེ་འཕྲུལ་ཁང་༧ གྱི་དོན་ལུ་ ལས་འགུལ་ཚུ་གི་ ཁ་གསལ་སྙན་ཞུ་ཚུ་ ད་རེས་ཁམས་ ཐིམ་ཕུ་སྦེ་འཚོགས་མི་ མཉམ་འབྲེལ་ཚོགས་ཆུང་གི་ ཞལ་འཛོམས་དང་འཁྲིལ་ དུས་ཅི་གི་ ལོ་ཕྱེད་དང་པའི་ནང་ འཐོབ་ཚུགས་པའི་ རེ་བ་ཡོད་ཟེར་ བསྟན་རྒྱས་བློན་པོ་ མཁའ་འགྲོ་དབང་ཕྱུག་གིས་ སླབ་ཨིན་པས།
དེ་དང་འཁྲིལ་ ད་རེས་ནངས་པ་ ལྷན་ཁག་གི་དྲུང་ཆེན་ དྲགོས་བསོད་ནམས་བསྟན་འཛིན་དེ་ རྒྱ་གར་གྱི་རྒྱལ་ས་ ལྡི་ལི་ལུ་ སོང་ཡོདཔ་ད་ དེ་བསྒང་ ཁོ་གིས་ གློག་མེ་ལས་འགུལ་ཚུ་ འགོ་བཙུགས་ནིའི་དོན་ལུ་ ཉེ་བར་མཁོ་བའི་ ཉོགས་མེད་ལག་ཁྱེར་ཚུ་གི་དོན་ས་ རྒྱ་གར་གྱི་ འབྲེལ་ཡོད་ལས་སྡེ་ཚུ་དང་ འབྲེལ་བ་འཐབ་སྟེ་ གྲོས་སྟུན་འབད་འོང་ཟེར་ཨིན་པས།
བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ བཤད་མིའི་ནང་ དྲུང་ཆེན་གྱིས་ རྒྱ་འབྲུག་༢ ཀྱི་བར་ན་ མཚན་རྟགས་བཀོད་དགོཔ་ཡོད་པའི་ གན་ཡིག་ཚུ་གི་སྐོར་ལས་ཡང་ ལོ་རྒྱུས་ཚུ་ སླབ་འོང་ཟེར་ཨིན་པས།
ཨིན་རུང་ སྤྱི་ལོ་༢༠༡༣ གྱི་ནང་འཁོད་ལུ་ གློག་མེ་འཕྲུལ་ཁང་༦ དེ་ཅིག་ འགོ་བཙུགས་ནིའི་དོན་ལུ་ གྲོས་ཐག་བཅད་དེ་ཡོད་ཟེར་ བློན་པོ་མཁའ་འགྲོ་དབང་ཕྱུག་གིས་ སླབ་ཨིན་པས།
ལྷག་ལུས་ ལས་འགུལ་ཚུ་ཡང་ སཱུན་ཀོཤི་དང་ ཀུ་རི་གོང་རི་ ལྕམ་མཁར་ཆུ་ ཝང་ཆུ་ ཨ་མོ་ཆུ་ ཁོ་ལོང་ཆུ་ དེ་ལས་ སྦུག་ན་ཁ་ཚུ་ ཨིན་པའི་གནས་ཚུལ།

ཉི་མ་དབང་འདུས།

No comments:

Post a Comment